ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།


ཟླ་1ཚེས་18ཉིན་སྔ་དྲོར། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་འགོ་ཚུགས་པ།
ཟླ་1ཚེས་18ཉིན་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་རུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་རེན་ལི་ཡན་ལན་སོགས་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས་ལ་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མིའོ་ཡིའུ་ཧྥ་དང་ཁྲེན་ཅུན་མིན། དབྱང་ཅི་ཝུན། ཕན་ཞུའེ་དབྱིན། ཧོ་ཞུའེ་ཐའོ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད།
སྔ་དྲོའི་དུས་ཚོད་9ཡི་སྟེང་ཚོགས་ཆེན་དངོས་སུ་འགོ་ཚུགས་ལ། ཚོགས་ཞུགས་མི་སྣ་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་ཞིང་གླུ་དབྱངས་བླངས།
ཐེངས་འདིའི་ཚོགས་འདུའི་ཐོག་ཨུ་ཡོན་མི་207ཞུགས་དགོས་ལ། དངོས་སུ་མི་180སླེབས་ཡོད་པས། གཏན་འབེབས་ཀྱི་མི་གྲངས་དང་མཐུན་པ་རེད།
ཚོགས་འདུའི་ཐོག་གྲོས་ཞིབ་བརྒྱུད་བགྲོད་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བའི་གྲོས་རིམ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུས།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚབ་བྱས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། དེ་དང་འབྲེལ་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཀྱིས་ལོ་གཅིག་གི་རིང་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། རང་ཁུལ་གྱིས་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཅས་གཏོད་པ་ལེགས་འགྲུབ་བྱུང་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་གོམ་སྟབས་བརྟན་པོ་སྤོས་ཡོད། 2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་བསྒྲིལ་བའི་ལོ་ཡིན་ལ། རང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མ་དག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ལ། ཞིང་ཨུའི་3815”ཐབས་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་དམ་པོ་དམིགས་ནས། ཧུར་ཐག་དང་རང་འགུལ་གྱིས་“འགྲན་སློང་རིགས་བཞི་”གདོང་གཏད་ནས་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ། བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཐོབ། ལོ་འདིར། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་བཀའ་གསུང་སེམས་ལ་དམ་པོར་བཟུང་ནས། བཀའ་དྲིན་བསམ་བཞིན་འབད་བརྩོན་ལྟོད་མེད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་དང་བསྟུན་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཤིང་། བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་མཛེས་སྡུག་ལྡན་པའི་རྣམ་པ་དེ་བདེ་སྐྱིད་ལྡན་པའི་དངོས་ལྗོངས་སུ་འགྱུར། བློ་བརྟན་འགྱུར་མེད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། རང་འགུལ་དམ་འཛིན་བྱས་ཏེ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་བྱུང་། གནོན་ཤུགས་ཆེ་རུ་བཏང་ནས་འབད་བརྩོན་ཧུར་ཐག་གིས་དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ཁྲོད་དུ་ཡར་རྒྱས་ཡོད་ལ། སྐྱེ་ཁམས་སྔོན་དུ་འཇུག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་ཀྱི་འཛིང་རག་སྔར་བས་སྲ་བརྟན་དུ་བཏང་། དམངས་འཚོ་སྔོན་དུ་འཇུག་པ་དང་དོན་དངོས་ལེགས་བསྒྲུབས་རྒྱུན་འཁྱོངས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་སྔར་བས་ཇེ་མཐོར་བཏང་། སྤྱོད་ཟང་སྦྱོང་བརྡར་དང་རྨང་རྡོ་སྲ་བརྟན་གྱིས་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། ལོ་གཅིག་རིང་ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཀྱིས་ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཤིང་། ཆབ་སྲིད་དང་འགན་འཁྲི། དམངས་དོན། འཆམ་མཐུན། ནུས་ཕྱོད་བཅས་“སྲིད་གྲོས་ལྔ་”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གཅིག་མཐུན་གཅིག་སྡུད་བྱེད་ཤུགས་ཆེ་ལ། ཞབས་ཞུའི་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པ། སྲིད་དོན་ཇུས་འབུལ་ལ་ཕན་འབྲས་ཡོད་པ་བཅས་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ལ། ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་བློ་གྲོས་དང་སྟོབས་ཤུགས་གྱི་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བཤད།
ལུའོ་ཁྲའོ་ཧྥེང་གིས་2026ལོ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འགོ་ཚུགས་པའི་ལོ་ཡིན་ལ། ཞིང་ཨུའི་3815”ཐབས་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་ཏེ་“ལོ་བརྒྱད་ཀྱི་འཕེལ་རྒྱས་ཆེན་པོའི”ཐག་གཅོད་དུས་ཡུན་གྱི་ལོ་དང་པོ་ཡང་ཡིན་ཏེ། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཀྱིས་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་བཏང་ནས། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཁུལ་ཨུའི་ལས་དོན་བླང་བྱ་དང་གཅིག་གྱུར་བྱེད་ཅིང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ལག་བསྟར་སྲིད་གྲོས་གྱིས་གྲོས་མོལ་གཏིང་ཟབ་བྱས་ནས། བསམ་འཆར་དང་ཐབས་ཇུས་ཧུར་ཐག་བཏོན་དགོས་ལ། དམངས་གཙོ་ལྟ་སྐུལ་བྱེད་པ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱེད་པའི་ཁྲོད་སྲིད་གྲོས་ཀྱི་འཁྲི་འགན་གསར་པ་ལག་ལེན་བསྟར་བྱེད་དགོས་ལ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་མངོན་ཐུབ་པ་བྱེད་ནས། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་འདེགས་ཞུ་བའི་ཁྲོད་སྲིད་གྲོས་ཀྱི་བྱེད་རྗེས་གསར་པ་འཇོག་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་རྒྱུགས་གཞི་གསར་པ་སྤྲོད་དགོས་ལ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གི་ལེའུ་གསར་པ་འབད་བརྩོན་གྱིས་འབྲི་ཆེད་མི་སེམས་གཅིག་མཐུན་དང་བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་བསྟན།

མིའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུས།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུས། སྙན་ཞུའི་ནང་འདས་ཟིན་པའི་ལོ་གཅིག་ནང་ཁུལ་སྲིད་གྲོས་དང་སྐབས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལེགས་བཅོས་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ལ། ཞིང་ཨུའི་3815”ཐབས་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་དང་ཁུལ་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཆབ་སྲིད་དང་འགན་འཁྲི། དམངས་དོན། འཆམ་མཐུན། ནུས་ཕྱོད་བཅས་“སྲིད་གྲོས་ལྔ་”འཛུགས་སྐྱོང་བྱེད་པ་དེ་སྤྱིའི་ཁ་ཕྱོགས་བྱས་ཤིང་། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་འཇགས་བཅས་དོན་ཆེན་བཞིའི་ལས་འགན་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གི་བསམ་བློ་དང་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབྲི་ཆེད་ཧུར་ཐག་གིས་ལེགས་སྐྱེས་ཕུལ་ཡོད་པ་བསྟན།
སྙན་ཞུའི་ནང་ 2026ལོར་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མ་དག་གི་དགོངས་དོན་ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལེགས་བཅོས་བྱེད་པའི་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གལ་ཆེའི་བསམ་བློར་དང་ཡུན་ནན་ལ་རྟོག་ཞིབ་བྱེད་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཐབས་དོན་བཅས་ལ་སློབ་སྦྱོང་ནན་མོ་དང་གོ་བ་གཏིང་ཟབ་བླངས་ནས། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། ཞིང་ཨུའི་3815”ཐབས་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞིར་ལ་དམ་པོར་དམིགས་ཏེ། “སྲིད་གྲོས་ལྔ་”འཛུགས་སྐྱོང་འགོ་འཛུགས་བྱེད་དགོས་ལ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི” འགོ་ཡག་པོ་འཛུགས་པ་དང་ཐོག་མའི་གོམ་པ་བརྟན་པོ་སྤོ་བ་གཙོ་དོན་དུ་བྱེད་ནས། འགན་ནུས་པ་དང་ཕན་འབྲས་ཏན་ཏིག་མཐོ་རུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབྲི་ཆེད་ཧུར་ཐག་གིས་སྲིད་གྲོས་ཀྱི་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་དགོས་པ་ནན་གྱིས་བསྟན།
སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཅུན་མིང་གིས་ཚོགས་ཆེན་ལ་འདས་ཟིན་པའི་ལོ་གཅིག་རིང་གི་གྲོས་གཞི་ལས་དོན་གྱི་གནས་ཚུལ་སྙན་ཞུ་གནང་བ་རེད།
ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། བདེ་ཆེན་ཡན་ལག་དམག་ཁུལ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད།
ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་། ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུའི་ནང་ཞུགས།
责任编辑:仁欠才让 拉茸初姆
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།
མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།
བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།
རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།
ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།



ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
