སེམས་ཀྱི་ཉི་ཟླའི་བེ་ཤ་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་བདེ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་27ཉིན་གྱི་ཞོགས་པར། བདེ་ཆེན་སེམས་ཀྱི་ཉི་ཟླའི་བེ་ཤའི་གླིང་ཁུལ་དུ་མི་ཚོགས་ལང་ལོང་དུ་འཕྱུར་བཞིན་ཡོད་ལ། ཚོང་པ་མང་པོ་ཞིག་གིས་བེ་ཤའི་ཆེད་འདི་གར་འཛོམས་ནས་ལོ་གཅིག་ནང་འཁྲུག་ཆ་དོད་ཤོས་ཀྱི་དུས་བསུ་ཡོད།





འཁྲུག་ཆ་དོད་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་བེ་ཤའི་གླིང་ཁུལ།
བདེ་ཆེན་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་བེ་ཤའི་ཐོན་ཁུལ་གཙོ་བོ་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཀྱི་བེ་ཤའི་ཉོ་ཚོང་ལྟེ་གནས་ཡིན་ལ། ས་གནས་དེ་གའི་བེ་ཤའི་རང་བྱུང་ཐོན་ཚད་ཏུན་1000ཡན་ཟིན་པ་དང་ཡུན་ནན་ཞིང་ཆེན་གྱི་བེ་ཤ་སོས་པ་ཕྱིར་ཚོང་བྱེད་ཚད་ཀྱི་65%ཡན་ཟིན་ཡོད་ལ། སི་ཁྲོན་ཞིང་ཆེན་གྱི་བེ་ཤ་ཐོན་རྫས་ཕྱིར་ཚོང་ཚོང་ཟོག་མཁོ་འདོན་གྱི་40%ཟིན་ཡོད་པས། བདེ་ཆེན་ནི་ཡུན་ནན་ཞིང་ཆེན་ཐ་ན་ཀྲུང་གོའི་བེ་ཤའི་ཕ་ས་རུ་གྱུར་ཡོད། བདེ་ཆེན་ཁུལ་གྱིས་1985ལོ་ནས་བཟུང་བེ་ཤ་འཚོལ་བསྡུ་དང་ཕྱིར་ཚོང་བྱས་པ་དང་བེ་ཤའི་ཐོན་རྫས་ཀྱི་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་རེད།

སེམས་ཀྱི་ཉི་ཟླའི་བེ་ཤ

ཐུམ་བརྒྱབ་པའི་བེ་ཤ
ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་བེ་ཤ་ཡིས་མཚོན་པའི་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། བེ་ཤ་ཐོན་རྫས་གསར་སྤེལ་གྱི་ཐོན་ལས་འབྲེལ་ཐག་ཧུར་ཐག་བཙུགས་ནས་བེ་ཤ་ཐོན་ལས་དེ་དམངས་ཕྱུག་ཐོན་ལས་སུ་གྱུར་དུ་བཅུག་པ་དང་། བེ་ཤ་འཐུ་རྒྱུ་དེའང་བདེ་ཆེན་གྱི་མི་སེར་ཕྱུག་འགྱུར་གྱི་བྱེད་ཐབས་གཙོ་བོར་གྱུར་ཡོད།


བྲེལ་འཚབ་ཆེ་བའི་མྱུར་སྐྱེལ་ལས་རིགས་ཀྱི་ལས་བྱེད་མི་སྣ།
འབྲེལ་ཡོད་མི་སྣའི་ངོ་སྤྲོད་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་ནས་ཕྱིར་འཚོང་བྱེད་པའི་བེ་ཤ་དེ་དག་ནི་ཆུ་ཚོད་72ནང་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་གསོལ་ལྕོག་ཐོག་བསྐྱལ་ཐུབ་པ་དང་། མྱུར་སྐྱེལ་ལས་རིགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་བདེ་ཆེན་ནས་ཕྱིར་བསྐྱོད་དེ། ཡུན་ནན་དང་རྒྱལ་ཁབ་ནང་ས། ཐ་ན་ཕྱི་རྒྱལ་དུ་བསྐྱོད་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108