ཁྲིམས་འཛིན་པུས་སྲིད་འཛིན་ཆད་གཅོད་ཀྱི་ཡོངས་བསྒྲགས་ཆ་འཕྲིན་གཅིག་སྡུད་ཐོག་གཙང་བཤེར་བྱེད་པའི་ལས་དོན་སྤེལ་བ།
གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁྲིམས་འཛིན་པུས《སྲིད་འཛིན་ཆད་གཅོད་ཀྱི་ཡོངས་བསྒྲགས་ཆ་འཕྲིན་གཅིག་སྡུད་ཐོག་གཙང་བཤེར་བྱེད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་གཅིག་རིང་གི་སྲིད་འཛིན་ཆད་གཅོད་ཀྱི་ཡོངས་བསྒྲགས་ཆ་འཕྲིན་གཅིག་སྡུད་ཐོག་གཙང་བཤེར་བྱེད་པའི་ལས་དོན་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཏེ་ཁེ་ལས་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཏན་ཏིག་བརྒྱབ་པ་རེད། མིག་སྔར། རྒྱལ་ཡོངས་སུ་སྲིད་འཛིན་ཆད་གཅོད་ཀྱི་ཡོངས་བསྒྲགས་ཆ་འཕྲིན་ཁྲི་1007.8གཙང་བཤེར་བྱས་པ་དང་གཙང་བཤེར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ད་ཐེངས་ཀྱི་གཙང་བཤེར་ལས་དོན་དེ་གཟབ་ནན་དང་། ཚད་ལྡན། དྲང་གཞག ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་ལྟེ་བར་བྱས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཡིག་ཆའི་བླང་བྱར་ནན་པོར་གཞིགས་ནས་དུས་བརྒལ་ཡོངས་བསྒྲགས་དང་ཡོངས་བསྒྲགས་ཀྱི་ནང་དོན་ནོར་འཁྲུལ་སོགས་ཀྱི་ཆ་འཕྲིན་ལ་དམིགས་ཏེ་གཙང་བཤེར་བྱས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་ཡོངས་བསྒྲགས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གནད་སྨིན་ཐག་གཅོད་བྱ་རྒྱུ་རེད།
བརྡ་ཐོའི་ནང“སུས་ཡོངས་བསྒྲགས་བྱས་པ་དེ་གས་གཙང་བཤེར་བྱེད་པའི”ལས་ཀའི་རྩ་དོན་གཏན་འཁེལ་བྱས་པ་དང་། ས་གནས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་སྒྱུར་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་དང་སྲིད་དོན་དྲ་ཚིགས་སོགས་གཞི་རྟེན་ནས་ཡོངས་བསྒྲགས་བྱས་པའི་ཆད་གཅོད་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གཙང་བཤེར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། དེ་དང་ཆབས་ཅིག དུས་ཚོད་ཀྱི་མཚམས་ཚིགས་གསལ་པོར་བཟོས་ནས་སྲིད་འཛིན་ཁྲིམས་སྒྱུར་ལས་ཁུངས་ཁག་ལ་དུས་ཡུན་ཟླ་བ་གཅིག་རིང་གཅིག་སྡུད་གཙང་བཤེར་བྱས་ནས་གཙང་བཤེར་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་། དངོས་ཕན་དོན་གཉེར་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་དང་འཁྲི་འགན་རིམ་སྣོན་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་སྲིད་འཛིན་ཁྲིམས་སྒྱུར་དང་། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་གཙང་བཤེར་ལས་དོན་སྤེལ་སྐབས་ནན་ཏན་མི་བྱེད་པ་དང་། གཞོགས་འདེགས་མི་བྱེད་པ། ལས་ཀ་མི་བྱེད་པ་བཅས་ཀྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཡོ་བསྲང་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ད་ཐེངས་ཀྱི་གཅིག་སྡུད་གཙང་བཤེར་ནི་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། སྲིད་འཛིན་ཁྲིམས་སྒྱུར་ཡོངས་བསྒྲགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། སྲིད་འཛིན་ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།
责任编辑:卓玛央初
- བདེ་ཆེན་གསར་འགྱུར།
བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོ་རུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
སྐབས་དགུ་པའི་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས157པ་འཚོགས།
ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108