中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།

རྩོམ་པ་པོ་:泽仁拉姆 ཁྱབ་བསྒྲགས་དུས་ཚོད་:2026-01-21 17:46:57 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  གསར་འགོད་པས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིའི་ཚོགས་ཆུང་ནས་ཤེས་རྟོགས་བྱུང་དོན། ཟླ་1པོའི་ཚེས་20ཉིན་གྱི་ཆུ་ཚོད་18པའི་བར། ཚོགས་ཆེན་ཐོག་ཁྱོན་གྲོས་གཞི་142འབྱོར་བ། ཞིབ་བཤེར་བྱས་པ་བརྒྱུད། གྱོད་གཞི་139ཐོ་འགོད་བྱས་པ་དང་། གྱོད་གཞི་2གྱོད་སྒྲིལ་བྱས་ཡོད་ཅིང་གྱོད་གཞི་1ཐོ་འགོད་བྱས་མེད།

   གྲོས་གཞི་ཐོ་འགོད་བྱེད་སྐབས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ངོ་གྲངས་109ཡོད་པས་78.41%ཟིན། མིང་ཐོ་མཉམ་འགོད་ཀྱི་གྲོས་གཞི་22ཡོད་པས་15.83%ཟིན། སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་ལས་ཁུངས་ཁག་དང་། མི་དམངས་ཚོགས་པ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག རིགས་ཁོངས་ཁག ཨུ་ཡོན་ཚོ་ཆུང་སོགས་ཐུན་མོང་གི་གྲོས་གཞི་8ཡོད་པས་5.76%ཟིན། དེའི་ནང་། དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་32ཡོད་པས་23.02%ཟིན། ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་14ཡོད་པས་10.07%ཟིན། རིག་གནས་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་19ཡོད་པས་13.67%ཟིན། སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་64ཡོད་པས་46.04%ཟིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་10ཡོད་པས་7.19%ཟིན།

   གྲོས་ཚོགས་འཚོགས་རིང་། རྒྱ་ཆེ་བའི་སྲིད་གྲོསཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞིར་གཤམ་གསལ་གྱི་ཁྱད་ཆོས་ལྡན་པ་སྟེ།

  གཅིག་ནི་གྲོས་གཞི་འདོན་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་དང་། ཞིང་ཨུ་དང་ཁུལ་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐར་ཕྱིན་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་ཐབས་འདོན་ཇུས་འབུལ་བྱས་ཡོད།

   གཉིས་ནི་གྲོས་གཞི་འདོན་མཁན་གྱིས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་དང་། རང་ངོས་ཀྱི་ལས་ཀའི་ཁྱབ་ཁོངས། ཆེད་ལས་ཀྱི་གནས་བབ་ཡག་སར་བརྟེན་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་འགོ་འདོན་པར་མཐོང་ཆེན་བྱས་ཡོད་དེ། སྤྱི་ཡོངས་ནས་བལྟས་ན་གྲོས་གཞིའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

   གསུམ་ནི་གྲོས་གཞི་བརྒྱུད་དེ་མི་དམངས་སྲིད་གྲོས་དེ་ཆེད་དམིགས་གྲོས་མོལ་ལས་ཁུངས་ཡིན་པའི་དགེ་མཚན་གྱི་ནུས་པ་འདོན་སྤེལ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བླང་བྱ་ལག་བསྟར་བྱེད། བློ་གྲོས་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་པས། རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་དོན་དུ་འགན་འཁྲི་འཁུར་བའི་འགན་འཁུར་ཕོད་པའི་སྙིང་སྟོབས་མཚོན་ཡོད།

    ཤེས་གསལ་བྱུང་དོན། ཚོགས་ཆེན་མཇུག་སྒྲིལ་རྗེས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་འདོན་མཚམས་བཞག་པའི་ཚེས་གྲངས་ཀྱི་རྗེས་སུ་འབྱོར་བའི་གྲོས་གཞི་དེ་རྒྱུན་ལྡན་གྱི་གྲོས་གཞིར་བརྩིས་ནས་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ།


责任编辑:江初卓玛 万玛措 

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com