སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་དགོས་ན། ཐོག་མར་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། གཤམ་དུ་ཡུན་ནན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པའི་རྩོམ་ཡིག་སྟེ་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་པའི་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བའི་སྐོར་གླེང་བ་ཞེས་པ་བསྒྲགས་གཏོང་བྱས།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ནི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་བསྒྲུབས་ནས་སྲིད་དོན་ལས་རྗེས་གསར་གཏོད་བྱེད་པའི་བསམ་བློའི་རྨང་གཞི་ཡིན་པས། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་ན་ད་གཟོད་བྱ་སྤྱོད་ལ་སྟོབས་ཤུགས་ལྡན་པ་དང་བྱས་རྗེས་བརྟན་པོ་ཡོང་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་ལྡན་པའི་གནད་དོན་ཞིག་ཡིན། ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ནོར་འཁྲུལ་བྱུང་བ་དང་ནོར་གནས་བྱུང་བ་དེ་མཐར་གཏུགས་ནས་བཤད་ན་བསམ་བློའི་ཐོག་དང་ངོས་འཛིན་གྱི་ཐོག་ནས་གནད་དོན་བྱུང་བ་རེད། ཁ་ཕྱོགས་གནད་འཁེལ་དང་ནོར་འཛོལ་ཡོ་བསྲང་བྱེད་པར་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་པས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཐོག་མར་སློབ་སྦྱོང་གཏིང་ཟབ་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་དགོས་ཤིང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་དེས་བྱ་གཞག་འཕེལ་རྒྱས་གཏོང་བར་གལ་ཆེ་བའི་རང་བཞིན་ལྡན་པ་གསལ་པོར་ཤེས་དགོས་པ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཐད་ཀྱི་ཕྱོགས་འཛོལ་དང་ནོར་འཛོལ་གྱི་གནོད་འཚེ་ཚབས་ཆེན་ལ་གསལ་པོ་ཤེས་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་ཡག་པོ་བྱེད་དགོས་ཞེས་ནན་གསུང་གནང་།
སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལོན་ན། གཞི་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་ནང་དོན་གཙོ་བོ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལག་ལེན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་གནད་དོན་ལ་མཐོང་ཆེན་གནང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་ལས་དོན་གསར་གཏོད་བྱེད་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན། དེ་བཞིན་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་ཡག་པོ་དང་གོ་བ་ཡག་པོ། ལག་བསྟར་ཡག་པོ་བྱེད་པ་བཅས་བྱེད་དེ། བསམ་བློ་མང་པོ་གཏོང་བ་དང་བསྡུར་བ་མང་པོ་བྱས་ནས། བསམ་བློའི་གཏིང་ཟབ་ཚད་ནས་སུ་ཡི་ཆེད་དུ་སྲིད་དོན་ལས་རྗེས་བསྒྲུབ་པ་དང་སྲིད་དོན་ལས་རྗེས་ཇི་འདྲ་བསྒྲུབ་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་བྱས་རྗེས་བསྒྲུབ་པ་ཞེས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ངོས་འཛིན་བྱས་ཏེ། མ་རྩོམ་ཀློག་པ་དང་རྩ་བའི་རིགས་པ་རྟོགས་པ་བྱས་ནས། བདེན་དོན་གྱི་བྲོ་བ་དངོས་སུ་རྟོགས་པ་དང་། དམངས་ལ་བརྩེ་སེམས་བཅངས་བ་རྟོགས་པ། ཇུས་ཐག་གཅོད་ཐབས་རྟོགས་པ། དོན་དག་སྒྲུབ་པའི་སྤྲོ་སེམས་རྟོགས་པ་བཅས་བྱེད་དགོས།
ཤེས་སྤྱོད་གཅིག་གྱུར་བྱས་ཚེ་གཞི་ནས་ལས་སྒྲུབ་ལས་གཏོད་ཀྱི་ངེས་པར་དུ་ལན་འདེབས་དགོས་པའི་དྲི་གཞིར་ལན་ཡག་པོ་འདེབས་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གནད་འཁེལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱེད་པ་ནི་ང་ཚོས་བྱ་གཞག་སྒྲུབ་པ་དང་བྱས་རྗེས་གསར་པ་བཞག་པའི་རྩ་བའི་ཁ་ཕྱོགས་ཡིན། ང་ཚོས་བྱ་གཞག་གང་ཞིག་སྒྲུབ་པ་དང་ལས་ཀ་གང་ཞིག་ལས་ནའང་ངེས་པར་དུ་རང་འགུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་བསྡུར་བ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་བསྡུར་ནས་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་ཞོར་དང་ལག་ལེན་བསྟར་ཞོར་བཅས་བྱས་ཏེ། ཞིང་ཨུ་ཡིས་བཏོན་པའི་རང་འགུལ་ངང་བསམ་བློ་གཏོང་བ་དང་། ལས་ཀ་ཏན་ཏིག་སྒྲུབ་པ། ཕན་འབྲས་ལ་ལྟ་བ་ཞེས་པའི་ལས་ཀའི་བླང་བྱ་ནན་པོ་གཞིར་བཟུང་སྟེ། སློབ་སྦྱོང་གི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་གསུམ་བརྒྱད་བཅོ་ལྔ་ཞེས་པའི་འཐབ་ཇུས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་སྒྱུར་དགོས།
རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱུང་ན། གཞི་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོང་ཐུབ། རིགས་པའི་གཞུང་ལུགས་སེམས་སུ་ཟུར་བ་དང་དོན་དངོས་དོན་ཐོག་ཏུ་འཁྱོལ་བ་བྱས་ན། གཞི་ནས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དོན་གཉེར་དངོས་སྒྲུབ་བཅས་དངོས་སུ་བསྒྲུབ་ཐུབ་ནས། ཡུན་ལིན་ས་གཞི་ཆེན་པོའི་སྟེང་དུ་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་སྐྲུན་ཐུབ།
责任编辑:རྣམ་འཇོམས་ཚེ་རིང་།
- བདེ་ཆེན་གསར་འགྱུར།
དཔྱིད་དཔལ་ལ་རོལ་བ།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108