དམངས་ལ་བདེ་སྐྱིད་སྐྲུན་པ་ནི་ཆེས་ཆེ་བའི་སྲིད་སྐྱོང་བྱས་རྗེས་ཡིན།
ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་འགོ་ཚུགས་ས་དང་དམིགས་ཡུལ་ནི་མི་དམངས་ཡིན་ལ། གཤམ་དུ་ཡུན་ནན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་རྩོམ་ཡིག་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་ཆེས་ཆེ་བའི་སྲིད་སྐྱོང་བྱས་རྗེས་ལྟ་བ་ཡིན་ཏེ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བར་གླེང་ཞེས་པ་བརྙན་གཏོང་བྱེད།
དམངས་ལ་བདེ་སྐྱིད་སྐྲུན་པ་ནི་ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་གྱི་རྩ་བའི་བླང་བྱ་ཡིན། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་དགོས་པ་དང་མང་ཚོགས་ལ་དོན་དངོས་མང་ཙམ་སྒྲུབ་དགོས།
ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བའི་རྩ་བ་ནི་ལངས་ཕྱོགས་དང་དམིགས་ཡུལ་གཅིག་གི་གནད་དོན་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེབས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱས་ཡོད་པས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བའི་འགོ་ཚུགས་ས་ནི་མི་དམངས་ཀྱི་ཁེ་ཕན་ཁོ་ན་ཡིན་པ་གཏན་ཁེལ་བྱས་ཡོད། ང་ཚོའི་ཏང་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་དམངས་ཀྱི་ཆེད་དུ་དོན་སྒྲུབ་དགོས། མི་དམངས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་ལྡན་པའི་ཁེ་ཕན་མེད། ཏང་གི་ལས་དོན་ཡོད་ཚད་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་ཆེད་དུ་ཡིན་ཞེས་པ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་སུའི་ཆེད་དུ་སྲིད་སྐྱོང་བྱས་རྗེས་བཞག་ཅེས་པའི་རྩ་བའི་གནད་དོན་ལ་འགྲེལ་བཤད་གཏིང་ཟབ་བྱས་ཡོད། བསམ་པའི་གཏིང་དུ་སུའི་ཆེད་དུ་ཞེས་པའི་རྩ་བའི་གནད་དོན་འདི་ཐག་གཅོད་ཡག་པོ་བྱས་ན་གཞི་ནས་གོང་རིམ་ཁོ་ན་ཞེས་པ་ཡིན་ནམ་ཡང་ན་དམངས་ཀྱི་ཆེད་དུ་ཞེས་པ་དང་། མངོན་ཆེའི་གྲུབ་འབྲས་ཞེས་པ་ཡིན་ནམ་ཡང་ན་གཏིང་ཤུགས་ལྡན་པའི་གྲུབ་འབྲས་ཞེས་པ་དགོས་པ། གྲངས་འབོར་ལ་མཐོང་ཆེན་བྱེད་པའམ་ཡང་ན་ཕན་འབྲས་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་གདམ་ག་ལ་གདོང་གཏོད་པའི་སྐབས་སུ་ཁ་ཕྱོགས་མི་ཡོ་བ་དང་ལངས་ཕྱོགས་མི་འགྱུར་བར་འགན་ལེན་ཏན་ཏིག་བྱས་ཏེ། ལོ་རྒྱུས་དང་མི་དམངས། ལག་ལེན་བཅས་ཀྱི་བརྟག་བཤེར་ཐེག་ཐུབ་པའི་སྲིད་སྐྱོང་བྱས་རྗེས་སྐྲུན་ཐུབ།
དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ཆེས་ཆེ་བའི་སྲིད་སྐྱོང་བྱས་རྗེས་སུ་བརྩིས་ན་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རྒྱུ་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་རྒྱུ་དེ་རེད། ཞིང་པ་འབབ་འཕར་དང་སློབ་གསོ་སྨན་བཅོས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བཅས་ཁྱབ་ཁོངས་འདི་དག་ནི་དུད་ཚང་ཁྲི་སྟོང་ལ་འབྲེལ་བ་ཡོད་པ་དང་དམངས་སེམས་དྲོ་གྲང་ལ་འབྲེལ་བ་ཡོད། བྱ་བ་འདི་དག་ལེགས་པར་བསྒྲུབ་ཐུབ་མིན་དང་དངོས་སུ་བསྒྲུབ་ཐུབ་མིན་ནི་སྲིད་སྐྱོང་བྱས་རྗེས་ལྟ་བའི་རྒྱུ་སྤུས་ལ་ཐད་ཀར་བརྟག་བཤེར་བྱས། འབབ་འཕར་དམ་འཛིན་ཐད། ཡུན་ནན་གྱིས་ཞིང་པ་འབབ་འཕར་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་མང་ཚོགས་རྒྱུན་མཐུད་ངང་འབབ་འཕར་ཡོང་བའི་གནད་དོན་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་པའི་ཡོང་འབབ་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་སྐབས་སུ་ལོ་རེར་ཆ་སྙོམས་བདུན་ཚེག་དྲུག་འཕར་བར་སྐུལ་འདེད་བཏང་ནས་མང་ཚོགས་ལ་ཕན་པ་དངོས་གནས་ཐོགས་ཡོད། སློབ་གསོ་དང་སྨན་བཅོས་དམ་འཛིན་ཐད། ཡུན་ནན་གྱིས་སྒྲིག་ཁོངས་སུ་མེད་པའི་སློབ་གྲྭའི་འགོ་འཛིན་ཞེས་པ་དང་སྒྲིག་ཁོངས་སུ་མེད་པའི་ཡོན་ཀྲང་ཞེས་པ་སྐུལ་འདེད་བཏང་སྟེ། སློབ་གྲྭར་ཞུགས་དཀའ་ཡོད་མེད་དང་སློབ་གསོའི་སྤུས་ཚད་ཇི་འདྲ་ཡིན་པ། སྨན་བཅོས་འགན་བཅོལ་རྩིས་ཞུ་སྟབས་བདེ་ཡིན་མིན་དང་། སྨན་པ་བསྟེན་པ་དང་སྨན་ཉོ་བ་རིན་གོང་མཐོ་མོ་ཡོད་མེད་བཅས་བྱ་བ་རེ་རེ་བཞིན་ལེགས་པར་སྒྲུབ་པ་དང་དངོས་སུ་སྒྲུབ་པ། སྤྱི་ཚོགས་བརྟན་བརླིང་དམ་འཛིན་ཐད། རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་ནས་ཤི་བའི་མི་གྲངས། སློབ་མ་ཆུར་བྱིང་ནས་ཤི་བའི་མི་གྲངས་སོགས་ལོ་བསྟུད་མར་ཉུང་དུ་ཕྱིན་ཡོད། སྲིད་སྐྱོང་བྱས་རྗེས་ངོ་མ་ནི་མི་སེར་གྱི་སེམས་ཁུར་བྱས་པ་དང་འགྱུར་ལྡོག་བྱུང་བའི་འཚོ་བའི་ཁྲོད་མཚོན་ཡོད།
དམངས་ལ་དོན་དངོས་སྒྲུབ་པའི་ཐོག་འབད་བརྩོན་བྱས་པ་དང་ཕན་འབྲས་ཐོན་པ་ནི་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་ལག་ལེན་བསྟར་བའི་དམིགས་ཡུལ་ཡིན། དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་དོན་དུ་འཁྱོལ་ཐུབ་ཡོད་མེད་ལས་ཏང་ཡོན་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་དང་དངོས་སྒྲུབ་ཀྱི་འཇོན་ཐང་ལ་ཚོད་བགམ་བྱེད་པ་ཡིན། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་མདུན་དུ་བསྐྱོད་དེ་ཞིང་ཁ་དང་། ཁྲོམ་གཞུང་། སྲང་ལམ་བཅས་སུ་མང་ཙམ་བསྐྱོད་ནས་རེ་ཞུ་ངོ་མ་ཉན་པ་དང་། དམངས་ཀྱི་གནས་ཚུལ་དང་དམངས་འདོད་གསལ་པོར་རྟོགས་དགོས། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བལྟ་བ་དང་གནད་དོན་ལ་བསམ་བློ་གཏོང་བ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་སྲིད་ཇུས་བཤད་པ། མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པའི་བྱེད་སྟངས་ཐོག་ནས་ལས་ཀ་སྒྲུབ་པ་བཅས་བྱ་དགོས། དམ་འཛིན་དངོས་སྒྲུབ་ཀྱིས་གནད་དོན་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱིས་བཏོན་པའི་ཛ་དྲག་དང་དཀའ་ངལ་ཆེ་བའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ནས་མཐའ་འཁྱོལ་ངང་དམ་འཛིན་བྱེད་དགོས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་། དངོས་སྒྲུབ་ལ་བརྟེན་ནས་དཀའ་གནད་སེལ་བ་དང་འགན་འཁྲི་འཁུར་བར་བརྟེན་ནས་དམངས་འཚོ་ལ་ཕན་པ་ཐོབ་པ་བྱས་ན་གཞི་ནས་མང་ཚོགས་ཀྱི་ཐོབ་སྣང་གི་རྒྱུ་སྤུས་སྔར་བས་འདང་ངེས་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱས་ཐུབ།
དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པ་དང་གོམ་པ་སྤོ་བའི་དུས་ཚིགས་གནད་འགག་ཏུ་ལངས་ནས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ཆེས་ཆེ་བའི་སྲིད་སྐྱོང་བྱས་རྗེས་སུ་བརྩིས་ཏེ་ཕན་འབྲས་ཏན་ཏིག་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། བྱས་རྗེས་ཏན་ཏིག་ལ་བརྟེན་ནས་འཁྲི་འགན་ལག་ལེན་བསྟར་བ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་འཕེལ་རིམ་ཁྲོད་ནུས་ཤུགས་ཡོད་རྒུས་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
责任编辑:རྣམ་འཇོམས་ཚེ་རིང་།
- བདེ་ཆེན་གསར་འགྱུར།
དཔྱིད་དཔལ་ལ་རོལ་བ།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108