བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མིས་བཟོས་རིག་ནུས་ཀྱི་མགྲོན་སྣེ་ཐོག་མDeepZangའགྲེམ་ལ་ཉེ།
 
              
              
              
              
              
            ཉེ་ཆར། ཧང་ཀྲོའུ་རུ་འཚོགས་པའི་སྐབས་བཞི་པའི་གོ་ལ་ཧྲིལ་པོའི་ཨང་ཀིའི་ཉོ་ཚོང་དངོས་མང་སྟོན་ཚོགས་ཐོག བོད་ལྗོངས་མཆོག་ནོར་ཨང་ཀིའི་ཐོན་ལས་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་གིས་བོད་ལྗོངས་ཀྱིས་གསར་གཏོད་བཟོ་སྐྲུན་བྱེད་པའི་བོད་ཀྱི་སྐད་ཡིག་སྐོར་གྱི་མིས་བཟོས་རིག་ནུས་ཀྱི་མགྲོན་སྣེ་ཐོག་མ་སྟེ། DeepZangཞེས་པ་དངོས་མང་སྟོན་ཚོགས་སུ་འཁྱེར་ཡོང་འདུག ཆེད་དུ་སྐད་རིགས་མང་པོ་སྤེལ་རེས་བྱེད་པར་ཇུས་འགོད་བྱས་པའི་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་འདིའི་ནང་དུ་རྒྱ་ཡིག་དང་དབྱིན་ཡིག དེ་མིན་དབུས་སྐད་དང་ཁམས་སྐད། ཨམ་སྐད་བཅས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ནང་འཇུག་བྱས་ཡོད་པས། དེས་བོད་ལྗོངས་ཀྱིས་ཨང་ཀིའི་དཔལ་འབྱོར་དང་མིས་བཟོས་རིག་ནུས་ལག་རྩལ་མཉམ་འདྲེས་ཟབ་མོ་གཏོང་བའི་ཐད་ཐོད་བརྒལ་གལ་ཆེན་བྱུང་ཡོད་པ་མཚོན་པ་མ་ཟད། ད་རུང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ལག་རྩལ་གསར་གཏོད་ཐད་ཀྱི་ཐབས་ལམ་མཁོ་འདོན་བྱས་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། DeepZangཞེས་པ་ནི་བོད་ཀྱི་སྐད་ཡིག་སྤྱོད་མཁན་རྣམས་ལ་ཆེད་དུ་བཟོས་པའི་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་དེས་ཚིག་དོན་དབྱེ་ཞིབ་དང་རྩིས་རྒྱག་རིགས་འདེད། དྲི་བ་དྲིས་ལན་དང་ཁ་བརྡ། རྩོམ་ཡིག་འབྲི་བ་སོགས་ཀྱི་ལས་འགན་ལེགས་པར་འགྲུབ་ཐུབ་སྟེ། དེའི་དམིགས་ཡུལ་གཙོ་བོ་ནི་མིས་བཟོས་རིག་ནུས་ཀྱི་ལག་རྩལ་ལ་བརྟེན་ནས་སྐད་བརྡ་མི་འཕྲོད་པའི་གནད་དོན་བསལ་ནས་སྤྱོད་མཁན་རྣམས་ལ་རིག་ནུས་ཅན་དང་སྟབས་བདེ་ཅན་གྱི་སྐད་ཡིག་མི་འདྲ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་མ་ཟད། དུས་མཚུངས་སུ་རྒྱ་ཡིག་དང་དབྱིན་ཡིག་སྤྱོད་མཁན་རྣམས་ཀྱིས་སྟབས་བདེའི་ངང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཤེས་བྱ་དང་རིག་གནས་སློབ་སྦྱོང་བྱེད་པར་རོགས་རམ་བྱ་རྒྱུ་རེད།
        བོད་ལྗོངས་མཆོག་ནོར་ཨང་ཀིའི་ཐོན་ལས་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་རྫས་སྤྱི་གཉེར་ཝང་ཕུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། DeepZangཞེས་པའི་མགྲོན་སྣེ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐོག་མའི་རེ་འདུན་ནི་ལག་རྩལ་གྱི་བྱེད་ཐབས་བརྒྱུད་ནས་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོང་དང་ཁྱབ་གདལ་གཏོང་བ་མ་ཟད། བོད་ལྗོངས་ཀྱི་ཨང་ཀིའི་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་འཕེལ་ཕྱོགས་ཆེན་པོའི་ནང་དུ་མཉམ་འདྲེས་བྱ་རྒྱུར་མཐུན་རྐྱེན་སྐྲུན་རྒྱུའི་རེ་བ་ཡོད་ཟེར།
        རྒྱུས་ལོན་བྱས་པ་ལྟར་ན། མིག་སྔར། DeepZangཞེས་པའི་མགྲོན་སྣེ་དེ་མིས་བཟོས་རིག་ནུས་ཀྱི་འདྲ་དཔེ་ཆེན་མོDeepSeekལག་རྩལ་ཁོར་ཡུག་དང་འབྲེལ་མཐུད་བྱས་ཟིན་ལ། གཅིག་འདུས་རང་བཞིན་དང་རྒྱ་བསྐྱེད་རང་བཞིན་ཡག་མོ་མངོན་ཡོད།
        DeepZangཞེས་པའི་མགྲོན་སྣེ་བཏོན་པ་དེས་ལག་རྩལ་བྱེད་ཐབས་ལ་བརྟེན་ནས་སྐད་བརྡའི་ཧེ་བག་སེལ་ཐུབ་པ་མ་ཟད། ད་དུང་མི་རིགས་སོ་སོས་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་པར་སྐུལ་བར་ཕན་ཐོགས་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཨང་ཀིའི་ཁྱབ་ཁོངས་ནང་གི་ཞིབ་ཕྲའི་ལག་ལེན་ཞིག་རེད། དེ་མ་ཟད་ལས་གཞི་འདི་ཡང་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཆེན་པོས་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་དང་བསྟུན་ནས། བོད་ལྗོངས་ཀྱི་ཐོན་ལས་ལུགས་བསྒྱུར་རིམ་སྤར་བྱེད་པར་ཚན་རྩལ་གྱི་འགུལ་ནུས་གསར་པ་མཁོ་སྤྲོད་བྱས་ཡོད།

        མིག་སྔར། DeepZangཞེས་པའི་མགྲོན་སྣེ་དེ་མཐའ་མའི་ལེགས་བཅོས་ཀྱི་ལས་རིམ་དུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན། ད་ལོའི་ལོ་མཇུག་ལ་དངོས་སུ་སྤྱི་ཚོགས་ལ་དགྲམ་རྒྱུ་རེད། སྐབས་དེར། སྤྱོད་མཁན་རྣམས་ཀྱིས་ཀུ་ཤུའི་མ་ལག་དང་ཨན་ཀྲུའོ་མ་ལག་གི་མཉེན་ཆས་ཚོང་ཁང་བརྒྱུད་ནས་ཕབ་ལེན་བྱ་ཆོག དེ་ཡངDeepZangཞེས་པའི་མགྲོན་སྣེ་ཁྱབ་གདལ་དང་བེད་སྤྱོད་པ་དང་བསྟུན་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་བར་དང་། བོད་ལྗོངས་དང་རྒྱལ་ཡོངས་བར། ཐ་ན་འཛམ་གླིང་དབར་འབྲེལ་གཏུག་ཐོགས་མེད་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ནས། མིས་བཟོས་རིག་ནུས་ལག་རྩལ་གྱིས་གངས་ལྗོངས་ཀྱི་ས་ཕྱོགས་ཡོངས་ལ་ཕན་ཐོགས་རྒྱུའི་ཡིད་ཆེས་བསྐྱེད་ཡོད།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
 
                
                ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
 
                
                བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
                
                གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
                
                སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།
 
                
                ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
                
                བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
 
                ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
 
                
                ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
 
  
  
  
   ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

 
  
  