中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ནུས་རྒྱུ་གཙང་མའི་འོད་ཤུགས་ཀྱིས། དམངས་ཀྱི་འཚོ་བར་འོད་སྣང་སྦྱིན།

ཁྱབ་བསྒྲགས་དུས་ཚོད་:2026-04-15 10:39:14 འབྱུང་ཁུངས་:中国西藏新闻网

ས་བབ་སྨི་4558ཟིན་པའི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཡིད་ཆེན་ཤང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་རླུང་བུ་ལྡང་ཐེངས་རེར་བྱེ་རླུང་གིས་ཁེངས་ཀྱི་ཡོད། དེ་གར་སྔོན་ཆད་རྣམ་གྲངས་འཛུགས་སྐྲུན་དཀའ་བའི་གནས་ཤིག་ཏུ་བརྩི་བཞིན་ཡོད་ཀྱང་། ད་ཆ་ནུས་རྒྱུ་གཙང་མའི་གསར་བརྗེའི་རླབས་རྒྱུན་ཞིག་དེ་གར་འཕྱུར་བཞིན་མཆིས།

དཔའ་ཤོད་ཡིད་ཆེན་གྱི་སྤྱིའི་འཆར་འགོད་ལ་མུའུ་5364བཟུང་ཞིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.8བཏང་བའི་ཀྲའོ་ཝ་300ཟིན་པའི་འོད་ཤུགས་རྣམ་གྲངས་ནི་བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གཙོ་གནད་ལས་གྲྭ་ཞིག་རེད་ལ། ཆབ་མདོའི་ནུས་རྒྱུའི་གྲུབ་ཆ་རིམ་སྤོར་བྱུང་བའི་འགག་རྩའི་གོམ་སྟབས་ཤིག་ཀྱང་རེད། 2025ལོའི་ཟླ་བརྒྱད་པར་ལས་འགོ་བཙུགས་ཚུན། འཛུགས་སྐྲུན་པ་ཚོས་ས་མཐོའི་གནམ་གཤིས་ངན་པ་ཁྱད་དུ་བསད་ནས་གསོ་རླུང་དཀོན་པའི་ཁོར་ཡུག་དང་འགྲན་སློང་གིས་འགག་སྒྲོལ་གྱི་མྱུར་ཚད་མགྱོགས་སུ་བཏང་ཡོད།

མིག་སྔའི་བར། གཞི་གདན་འདིང་བ་དང་གློག་ཤུགས་བརྗེ་སྒྱུར་ས་ཚུགས་ཀྱི་རྩིག་རྨང་ཡོངས་སུ་བཏིང་ཟིན་པ་དང་། འོད་ཤུགས་ཀྱི་ལྷུ་ལག་བསྒར་ཚད་85%དང་གློག་ཤུགས་འཕར་ཚུགས་ཀྱི་སྒྲིག་ཆས་བསྒར་ཚད་90%ཟིན་ཏེ། ད་ལོའི་ཟླ་བཞི་པའི་ཟླ་དཀྱིལ་ནས་བཟུང་གློག་ཐོག་མར་གཏོང་འགོ་ཚུགས་རྒྱུ་དང་། ཟླ་དྲུག་པར་ལས་གྲྭ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད།

“ས་མཐོའི་མྱུར་ཚད”ལ་འདེགས་སྐྱོར་ཐུབ་པ་ནི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གི་ཚན་རྩལ་གྱི་བསམ་བཀོད་ལས་བྱུང་བ་ཞིག་རེད།

ཡིད་ཆེན་འོད་ཤུགས་རྣམ་གྲངས་ཁུལ་གྱི་ས་བབ་མཐོ་ལ་ཆགས་ཚུལ་དམིགས་བསལ་ཡིན་པའི་དབང་གིས་ཨར་སྐྲུན་གྱི་དུས་ཡུན་ཟླ་བ་ལྔ་ལས་མེད་པའི་ཁར། གངས་དང་། ཆར་པ། སེར་བ་སོགས་གློ་བུར་དུ་འབབ་པ་ནི་རྒྱུན་གཏན་ཡིན་པས། དེས་མི་རྣམས་ལ་ལས་ཤུགས་ཆེ་བ་དང་། ལས་ཕྱོད་དམའ་བ། གནད་ལ་འཁེལ་ཚད་ཉུང་བ། ཉེན་ཁ་ཆེ་བ་བཅས་ཡོད། “འོད་ཤུགས་ཤེལ་ལེབ་སྒྲིག་སྦྱོར་བྱེད་པར་དཀའ་ངལ་ཆེ་ཤོས་ནི་ཤེལ་ལེབ་དབོར་བ་དང་སྒྲིག་རྒྱུ་དེ་ཡིན་པས། ཉིན་གཅིག་ལ་སྐེད་པ་དང་རྐང་པར་ཆག་བརྒྱབ་ནས་ན་ཟུག་ཆེན་པོ་གཏོང་གི་ཡོད”ཅེས་རྣམ་གྲངས་ལག་ལེན་བསྟར་ཡུལ་གྱི་ལས་དོན་པས་ཕྱིར་དྲན་བྱེད་བཞིན་དུ་བཤད།

དཀའ་ངལ་མང་པོའི་མདུན་དུ། རྣམ་གྲངས་ཚོགས་པས་གསར་གཏོད་རང་བཞིན་གྱི་གདམ་ག་ཞིག་སྟེ། ས་མཐོར་འོད་ཤུགས་ལྷུ་ལག་གི་རིག་ནུས་སྒྲིག་སྦྱོར་འཕྲུལ་མི་ཐོག་མར་ནང་འདྲེན་དང་བཀོལ་སྤྱོད་བྱས་ཏེ། རིག་ནུས་ཚན་རྩལ་ལ་བརྟེན་ནས་ས་མཐོའི་འོད་ཤུགས་འཛུགས་སྐྲུན་ལ་མཐུན་རྐྱེན་སྦྱར་བ་དེ་རེད།

“རྣམ་གྲངས་ནང་འོད་ཤུགས་ལྷུ་ལག་གི་རིག་ནུས་སྒྲིག་སྦྱོར་འཕྲུལ་མི་ཁག་4ནང་འདྲེན་བྱས་པའི་དམིགས་ཡུལ་གཙོ་བོ་ནི། ས་མཐོའི་རྣམ་གྲངས་འཛུགས་སྐྲུན་ཐད་ཚོད་ལྟར་སྤྱད་ནས་རྗེས་མཐུད་ཀྱི་གཞི་ཁྱོན་ཆེ་བའི་གསར་སྤེལ་འཛུགས་སྐྲུན་ལ་ཉམས་མྱོང་གསོག་རྒྱུ་དེ་རེད”ཅེས་རྣམ་གྲངས་ཀྱི་ཅིང་ལི་དབྱང་ཧྲོང་ལུང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། འཕྲུལ་མིས་ལྗིད་ཚད་སྤྱི་རྒྱ་39ཟིན་པའི་འོད་ཤུགས་ལྷུ་ལག་ལས་སླ་མོར་དབོར་ཐུབ་ལ། ཆུ་ཚོད་རེར་འོད་ཤུགས་ཤེལ་ལེབ་100ཙམ་བསྒར་ཐུབ་པས། ཕྱོགས་བསྡུས་ལས་སྒྲུབ་ཀྱི་ལས་ཕྱོད་དེ་མིའི་ལས་ཕྱོད་ཀྱི་ལྡབ་གཉིས་དང་གཅིག་པ་ཡིན་ཞེས་བཤད།

འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་སྦྲགས། རྣམ་གྲངས་ལས་བྱུང་བའི་འགྱུར་ལྡོག་ཀྱང་ལས་ཡུལ་གྱི་ཕྱི་རོལ་དུ་རིམ་གྱིས་མངོན་བཞིན་ཡོད། རྒྱལ་ལམ་འགྲམ་དུ་གནས་པའི་ཡིད་ཆེན་འོད་ཤུགས་རྣམ་གྲངས་ཀྱི་དྲིན་ལས་ས་གནས་དེ་གར་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད། མིག་སྔའི་བར་རྣམ་གྲངས་དེས་ས་གནས་དེ་གའི་མང་ཚོགས་ཀྱི་སྡོད་ཁང་བོགས་གཏོང་དང་། འཕྲུལ་ཆས་དང་སྒྲིག་ཆས་བོགས་གཏོང་། འཛུགས་སྐྲུན་རྒྱུ་ཆ་ཉོ་སྒྲུབ་དང་སྐྱེལ་འདྲེན། བཟའ་བཏུང་ཞབས་ཞུའི་ལས་རིགས་སོགས་ལ་ཡོང་འབབ་སྒོར་ཁྲི་1500ཙམ་བྱུང་ཡོད། ད་ལོའི་ཟླ་དྲུག་པར་ལས་མཇུག་མ་འགྲིལ་གོང་ཡོང་འབབ་སྔར་བཞིན་བརྟན་པོའི་ངང་འཕར་རྒྱུ་རེད།

དེ་ལས་འགྱུར་ལྡོག་མངོན་སུམ་བྱུང་བ་ནི་རྣམ་གྲངས་ལ་ས་ཆ་མཁོ་འདོན་བྱེད་མཁན་གྱི་ཡག་མདའ་གྲོང་ཚོ་དང་མགོ་གྲོང་གྲོང་ཚོ་རེད།

འོད་ཤུགས་རྣམ་གྲངས་མ་བསྐྲུན་གོང་། ཡག་མདའ་དང་འོ་དྲུང་གྲོང་ཚོ་གཉིས་པོའི་ཡུལ་མིའི་འཚོ་རྟེན་གཙོ་བོ་ནི་ཕྱུགས་འཚོ་བ་དང་ཉིན་གླ་རྒྱུག་རྒྱུ་དེ་རེད། རྣམ་གྲངས་འཛུགས་སྐྲུན་བྱས་ཚུན། གྲོང་ཚོ་གཉིས་པོའི་ཡུལ་མི་100ལྷག་ཙམ་གླ་པར་བསྡུས་པས། ཡུལ་མི་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་འབབ་འཕར་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།

ས་མཐོའི་འོད་ཤུགས་རྣམ་གྲངས་དེ་ནི་ནུས་རྒྱུའི་འདུ་འགོད་ཙམ་མིན་པར་ས་གནས་དེ་གའི་མང་ཚོགས་ཀྱི“སྒོ་རྩར་ཡོང་འབབ་གསོག་ཡུལ”ཞིག་ཏུ་གྱུར་ཏེ། ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་ཀྱིས་ཁྱིམ་ཚང་ལ་འགྱུར་ལྡོག་འབྱུང་བཞིན་ཡོད།

ཞོགས་པའི་ཉི་གཞོན་སླར་ཡང་ཡིད་ཆེན་ཤང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འཕྲོ་སྐབས། འོད་ཤུགས་ཤེལ་ལེབ་སྟར་པ་རེ་རེ་ལས་འོད་མདངས་རབ་ཏུ་འཚེར་བཞིན་ཡོད་ཅིང་། འོད་མདངས་དེས་ས་མཐོའི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་ལམ་བུར་ལམ་སྟོན་བྱེད་བཞིན་ཡོད་ལ། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་སྐྱོད་པའི་རྒྱང་ལམ་ལའང་འོད་སྣང་སྦྱིན་བཞིན་ཡོད།

  • བདེ་ཆེན་གསར་འགྱུར།

དཔྱིད་དཔལ་ལ་རོལ་བ།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།

བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།

ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།

དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།

བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com