ཆུ་ལོག་བྱུང་སྐབས་ཀྱི་རང་སྐྱོབ་བྱེད་ཐབས།
ཆར་དུས་ཐོན་པ་ཡིས་དབྱར་ཁའི་ཚ་གདུང་བཅོམ་ནའང་། ཆར་བ་ཆེན་པོ་དང་དྲག་ཆར་བབས་ཚེ། ཆུ་ལོག་གི་གནོད་འཚེ་འབྱུང་སླ་བ་རེད། འོ་ན། ཆུ་ལོག་མ་བྱུང་སྔོན་ལ་གྲ་སྒྲིག་གང་དག་བྱེད་དགོས་པ་དང་། ཆུ་ལོག་གི་ཉེན་ཁ་དང་འཕྲད་ན་ཇི་ལྟར་རང་སྐྱོབ་བྱ་དགོས་སམ་ཞེ་ན། གཤམ་གྱི་རང་སྐྱོབ་ཐབས་ཤེས་འགར་རྒྱུས་ལོན་ཞིག་བྱ།
གཅིག ཆུ་ལོག་མ་བྱུང་སྔོན་ལ་གྲ་སྒྲིག་གང་དག་བྱེད་དགོས་སམ།
1.རང་ཉིད་སྡོད་སའི་ཆར་བ་དང་བཞུར་ཆུའི་སྔོན་བརྡ་ལ་མཉམ་འཇོག་བྱེད་པ།
2.རང་ཉིད་སྡོད་པའི་ས་ཁུལ་གྱི་ཞོད་འགོག་སྔོན་ཇུས་དང་མངོན་མེད་གནོད་འཚེ་སྣ་ཚོགས་དང་། གནས་སྤོ་ལམ་ཐིག འབྲེལ་གཏུག་བྱེད་སྟངས་ངེས་པར་བྱེད་པ།
3.ས་བབ་དམའ་ས་ན་ཡོད་པའི་ཁྱིམ་ཚང་གིས་སྟབས་བདེའི་སྲོག་སྐྱོབ་ཡོ་བྱད་གྲ་སྒྲིག་བྱེད་པ།
4.ཁ་པར་སོགས་ཀྱི་འཕྲིན་གཏོང་ལ་ཁག་ཐེག་བྱས་ཏེ་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་གཏོང་ལེན་ཐུབ་པར་བྱེད་པ།
5.ཉེན་གཡོལ་ལ་གྲ་སྒྲིག་བྱེད་པ་དང་། གནས་སྤོ་ཉེན་གཡོལ་བྱེད་དུས། བཀོད་འདོམས་ལ་ཉན་པ་དང་། ཕན་ཚུན་ལ་རོགས་རམ་བྱེད་པ། ཉེན་ཁ་མེད་པའི་བརྡ་ཁྱབ་མ་བཏང་བའི་སྔོན་ལ་སྔར་གནས་སུ་མི་ལོག་པ།
གཉིས། ཆུ་ལོག་བྱུང་སྐབས་ཀྱི་ཉེན་ཁའི་ས་ཆ་གང་དག་ཡིན།
1.གྲོང་ཁྱེར་དུ། རྡིབ་ཉེན་ཡོད་པའི་སྡོད་ཁང་དང་གྱང་མཐོན་པོའི་ཉེ་འཁོར། ཆུ་ལོག་གིས་བསྣུབས་པའི་ས་འོག་ཆུ་ལམ། གཞུང་ལམ་འགྲམ་གྱི་ཆུ་དོང་། ས་འོག་བགྲོད་ལམ། གློག་སྡོང་དང་མཐོ་གནོན་གློག་སྡོང་། རྫས་འགྱུར་བཟོ་གྲྭ། ཉེན་དངོས་གསོག་ཉར་ཁང་སོགས་ཀྱི་ཉེ་འཁོར་ནི་ཆུ་ལོག་བྱུང་སྐབས་ཀྱི་ཉེན་ཁའི་ས་ཆ་ཡིན།
2.ཞིང་སྡེ་རུ། ཆུ་འགྲམ་དང་ཆུ་མཛོད། རྐ་ཁ། ཆུ་རྐ། རྡིབ་ཉེན་ཡོད་པའི་ཁང་བའི་ནང་དང་ཁང་ཐོག གྱང་རྩ། གློག་སྡོང་དང་མཐོ་གནོན་གློག་སྡོང་གི་ཉེ་འཁོར་སོགས་ནི་ཆུ་ལོག་བྱུང་སྐབས་ཀྱི་ཉེན་ཁའི་ས་ཆ་ཡིན།
གསུམ། ཆུ་ལོག་གིས་བསྐོར་ན་རང་སྐྱོབ་ཇི་ལྟར་བྱེད་དགོས་སམ།
1.ཆུ་ལོག་ཁང་བའི་ནང་དུ་བཞུར་བ་སྔོན་འགོག་བྱེད་ཆེད། སྒོ་ཡི་བར་སྟོང་ཚང་མ་གཅོད་དགོས་ཏེ། སྒྱེ་མོ་སོགས་ཀྱི་ནང་ལ་ས་དང་བྱེ་མ། རྡོ་ཟེགས་སོགས་བླུགས་ནས་ཆུ་ལོག་ཡོང་སའི་ཁ་གཅོད་དགོས།
2.ཆུ་ལོག་མུ་མཐུད་དུ་ཇེ་ཆེར་སོང་ན། ཁྱིམ་དུ་ཟས་རིགས་དང་འཐུང་ཆུ། ལྭ་བ། ཆུ་སྐོལ་བྱེད་སོགས་གྲ་སྒྲིག་བྱེད་དགོས་ཤིང་། ཁྱེར་མི་ཐུབ་པའི་དངོས་པོ་རྩ་ཆེན་རྣམས་ཀྱི་ནང་དུ་ཆུ་མི་འགྲོ་བར་བྱས་རྗེས། གནས་མཐོ་ས་དང་ས་འོག་སོགས་སུ་སྦས་དགོས། སྨན་དང་མེ་ཁ་འཛིན་བྱེད་ཀྱི་ཡོ་བྱད་དང་། བརྡ་གཏོང་སྒྲིག་ཆས་སྣ་ཚོགས་གྲ་སྒྲིག་བྱེད་དགོས།
3.གནོད་འཚེ་ཚབས་ཆེན་ཐེབས་ནས་གནས་སྤོ་དགོས་བྱུང་ན། གནས་སྤོ་མ་བྱས་པའི་སྔོན་ལ། ཟས་ཟ་བ་དང་ཆུ་ཁོལ་འཐུང་བ་སོགས་བྱས་ཏེ་ལུས་སྟོབས་ལྡན་པར་ཁག་ཐེག་བྱེད་དགོས།
4.སྟབས་མ་ལེགས་པར་ཆུ་ལོག་གིས་ཁུར་ཚེ། ཅི་ནུས་ཀྱིས་དངོས་པོ་བརྟན་པོའམ་ཡང་ན་ཆུ་ཁར་གཡེང་སླ་བའི་དངོས་པོ་གང་རུང་ལ་འཇུས་ཏེ་སྲོག་ཐར་ཐབས་བྱེད་དགོས།
5.གལ་ཏེ་ཆུ་ལོག་གིས་བསྐོར་བའི་སྡོད་ཁང་ནང་དུ་ཡོད་ན། སྡོད་ཁང་རྡིབ་མིན་ལ་མཉམ་འཇོག་བྱེད་དགོས། བརྡ་གཏོང་ཡོ་བྱད་ལ་བདག་སྐྱོང་ལེགས་པོ་བྱས་ཏེ་དུས་ཐོག་ཏུ་རོགས་སྐྱོབ་སྡེ་ཁག་ལ་འབྲེལ་བ་བྱས་ནས་རོགས་མིར་སྒུག་དགོས་པ་དང་། འུར་རྒྱག་པའམ་ཡང་ན་དངོས་པོ་མདོག་གསལ་པོ་ཅན་སོགས་སྤྱད་ནས་སྲོག་སྐྱོབ་ཀྱི་བརྡ་གཏོང་ཐབས་བྱེད་དགོས།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།
ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཁུན་མིང་དང་བདེ་ཆེན་གྱིས་མཛའ་མཐུན་མཉམ་ལས་ཀྱི་ཚོགས་འདུ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཆུས་ཅིང་གྲོང་ཁྱེར་དུ་ཕེབས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ཐད་ཚུར་ལན་བཅར་འདྲི་བྱས།
བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་འགྲན་བསྡུར་ཚོགས་ལ་ཉེ།
བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་1883ད་ལོའི་མཐོ་རྒྱུགས་ལ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་མཐོ་རྒྱུགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་ནན་པོ་དང་ཞིབ་ཚགས། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་མཐོ་རྒྱུགས་བརྟན་ལ་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་སྐབས་དགུ་པས་གྲོས་ཚོགས་ཐེངས་158པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108