中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བྱིས་པའི་གཟུགས་སྐྱེ་བར་ཕན་པའི་བྱེད་ཐབས་འགའ།

ཁྱབ་བསྒྲགས་དུས་ཚོད་:2025-07-18 15:16:13 འབྱུང་ཁུངས་:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར

    དང་པོ། བྱིས་པའི་གཟུགས་སྐྱེ་བར་ཕན་པའི་བྱེད་ཐབས་འགའ། 

1.བཟའ་བཏུང་དོ་མཉམ་ཡོང་བར་བྱེད་པ། ཉིན་རེར་འོ་མའམ་ཞོ་ཕོར་བ1དང་། བྱ་སྒོང1 ཤ་སྣག་གམ་ཉ་ཤ་དང་ཞ་སྨི་སོགས་འོས་འཚམ་ཟ་བ། ཁ་འདེམ་བྱེད་པ་དང་ཟས་ལ་ཚོད་འཛིན་ཚད་ཐལ་དྲགས་པ། ཀ་ར་དང་སྣུམ་མང་བའི་ཟས་ཟ་བ་སོགས་ལ་འཛེམ་པ། 《ཀྲུང་གོའི་སྡོད་དམངས་ཀྱི་བཟའ་བཏུང་ཕྱོགས་སྟོན(2022)》ལྟར་ན། ཉིན་རེར་བཟའ་བཅའ་མི་འདྲ་བ12དང་གཟའ་འཁོར་རེར་ཉུང་མཐར་ཡང་བཟའ་བཅའ་མི་འདྲ་བ25བཟའ་འོས་ཤིང་། རྨོངས་འཐོམ་ངང་གཟུགས་སྐྱེ་བྱེད་ཀྱི་ཁམས་སྲུང་རྫས་སྤྱོད་མི་རུང་བ། 

2.ཆོས་ཉིད་ལྡན་པའི་གཉིད་དང་འགུལ་སྐྱོད་བྱེད་པ། ལས་ཀ་དང་ངལ་གསོའི་དུས་ཚོད་གཏན་འཁེལ་བྱེད་པ། གཉིད་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱ་ཆེད། གཉིད་ཁར་གློག་རྡུལ་ཐོན་རྫས་མི་སྤྱོད་པ། དྲང་ཕྱོགས་མཆོང་ལྡིང་དང་ལུས་རྐྱོང་འགུལ་སྐྱོད་བྱེད་པ། གཟའ་འཁོར་རེར་ཐེངས་ལྔ་ཡན་དང་། ཐེངས་རེར་སྐར་མ30ལ་འགུལ་སྐྱོད་བྱེད་པ་སྟེ། དཔེར་ན་ཐག་ལྡིང100ནས200རྩེ་བ་དང་། བར་གླགས་སུ་ངལ་གསོ་བཞིན་བརྩེས་ན་དེ་བས་ཕན་ངེས། 

3.རྨང་གཞིའི་ནད་རིགས་ལ་སྔ་མོ་ནས་ཐེ་གཏོགས་བྱེད་པ། གལ་ཏེ་བྱིས་པར་ཚོར་ལྷག་ནད་དང་དབུགས་འཚང་ནད། མཁལ་མ་དང་མཆིན་པའི་ནད་སོགས་བྱུང་ཚེ། དུས་ཐོག་ཏུ་ཆེད་ལས་ཀྱི་གསོ་བཅོས་བྱེད་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་པ་དང་ལུས་པོའི་སྤུས་ཚད་སྟོན་གྲངས(BMI)རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱས་ཏེ། ཚོ་ཆེ་བ་ལ་རྐྱེན་བྱས་ཏེ་མཚན་མ་སྨིན་སྔ་བྱེད་པར་འཛེམ་པ། 

4.ཕ་མའི་བྱམས་སྐྱོང་དང་ཞིབ་ཚགས་ཀྱི་ལྟ་སྐྱོང་ཡང་བྱིས་པའི་གཟུགས་སྐྱེ་བ་ལ་ཕན་པའི་སྨན་མཆོག་ཅིག་ཡིན། 

གཉིས་པ། ཁྱིམ་བདག་ལ་ཕུལ་བའི་མཛའ་བརྩེའི་དྲན་སྐུལ། 

1.དུས་བཅད་ལྟར་རྟོག་འཇལ་བྱས་ཏེ་སྐྱེ་འཚར་འཁྱོག་ཐིག་འབྲི་བ། ཟླ3ནས6རིང་གི་བྱིས་པའི་གཟུགས་པོའི་རིང་ཚད་དང་ལྗིད་ཚད་ཟིན་ཐོར་འགོད་པ་དང་། སྐྱེ་འཚར་འཁྱོག་ཐིག་སྤྱད་དེ་འཕེལ་ཕྱོགས་ལ་རྗེས་འདེད་བྱེད་པ། ཚད་ཐིག་དང་རིང་དུ་གྱེས་ཚེ་དུས་ཐོག་ཏུ་སྨན་པར་སྟོན་པ། གཟུགས་པོའི་རིང་ཚད་འཇལ་བར"མཚུངས་གསུམ་རྩ་དོན"རྒྱུན་འཁྱོངས་བྱ་དགོས་པ་སྟེ། དུས་ཚོད་གཅིག་མཚུངས་དང་འཇལ་བྱེད་ཁྲི་ཙེ་གཅིག་མཚུངས། ཚད་མཁན་གཅིག་མཚུངས་བཅས་སོ།།

2.སེམས་ཁྲལ་མི་བྱེད་པ། རྨོངས་འཐོམ་ངང་རང་ཉིད་ཀྱི་བྱིས་པ་དང་བྱིས་པ་གཞན་མི་སྡུར་བ། བྱིས་པའི་གམ་ནས་གཟུགས་པོ་ཐུང་བའི་གནད་དོན་གླེང་རྒྱུ་མང་མི་རུང་སྟེ། རྒྱུ་མཚན་ནི་སེམས་ཀྱི་གནོན་ཤུགས་ཀྱིས་གཟུགས་པོ་སྐྱེ་འཚར་ལ་འགོག་རྐྱེན་བཟོ་སྲིད། 

3.ཆེས་མཐའ་མཇུག་གི་གཟུགས་པོའི་རིང་ཚད་ལ་ངོས་འཛིན་ཡང་དག་བྱེད་པ། གཟུགས་པོའི་རིང་ཚད་ལ་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། གསོ་རིག་ཐེ་གཏོགས་ཀྱི་དམིགས་ཡུལ་ནི་བྱིས་པའི་གཟུགས་པོའི་རིང་ཚད“རྒྱུད་རྒྱུའི་བག་ནུས་གཟུགས་པོའི་རིང་ཚད”ལ་སླེབ་ཏུ་འཇུག་རྒྱུ་ལས། “གཟུགས་པོ་ཚད་མེད་པར་སྐྱེ་རུ་འཇུག་རྒྱུ”དེ་མིན། བྱིས་པ་རེ་རེའི་གཟུགས་སྐྱེ་བའི་གོ་རིམ་མི་འདྲ་བས། དེ་ནི་ལྷན་སྐྱེས་རྒྱུད་རྒྱུ་དང་རྗེས་ཐོབ་ཁོར་ཡུག་གིས་ཕན་ཚུན་འགྲན་རྩོད་བྱེད་བཞིན་པའི་མ་ལ་སུང་རྒྱང་རྒྱུག་ཅིག་དང་འདྲ། དེའི་ཕྱིར། ལྷན་སྐྱེས་རྨང་རྒྱུའི་ཞིབ་ཚགས་ལྡན་པའི་སྙོམ་སྒྲིག་དགོས་ལ། དེ་བས་ཀྱང་རྗེས་ཐོབ་ཁོར་ཡུག་གི་སེམས་ཞིབ་མོའི་བདག་སྐྱོང་མཁོ་བ་ཡིན། ཁྱིམ་བདག་གིས་ཚན་རིག་དང་ལུགས་མཐུན་གྱི་རྣམ་འགྱུར་བཟུང་སྟེ། སྐྱེ་འཚར་རྒྱུན་ལྡན་མ་ཡིན་པའི་བརྡ་རྟགས་ཡོད་ཚེ་བཏང་ལྷོད་བྱ་མི་རུང་ལ། ཚད་ལས་བརྒལ་བའི་ཐེ་གཏོགས་ཀྱང་བྱ་མི་རུང་བར། དུས་ཐོག་ཏུ་ནད་ཀྱི་རྒྱུ་རྐྱེན་ཡིན་མིན་ངོས་ཟིན་པ་དང་། འཚོ་བཅུད་དང་འགུལ་སྐྱོད་འདང་ངེས་ཁག་ཐེག བྱིས་པའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་བཅས་བྱེད་པ་ནི་གཟུགས་སྐྱེ་བར་ཕན་པའི་བྱེད་ཐབས་ལེགས་ཤོས་ཡིན། 



  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com