དམིགས་བསལ་ཉིན་མོ་འདིའི་སྐོར་གྱི་ཤེས་བྱ་འདི་དག་ཁྱེད་ཀྱིས་ཤེས་སམ།

2026ལོའི་ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་11པ་ཡིན་ཞིང་། ད་ལོའི་བརྗོད་དོན་གཙོ་བོ་ནི“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། ‘ལོ་ལྔ་ཚན་བཅོ་ལྔ་པའི’རྒྱང་ལམ་གསར་པར་བདེ་ཞིང་སྐྱོད”ཅེས་པ་དེ་རེད། གཤམ་ལ་ང་ཚོ་དང་མཉམ་དུ་དེའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁག་གཅིག་སློབ་སྦྱོང་གནང་དང་།
1“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ”བཙུགས་པའི་རྒྱབ་ལྗོངས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་བཙུགས་པའི་ཉིན་མོ་ཞིག་རེད། 2015ལོའི་ཟླ་7ཚེས་1ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་དེའི་ནང་ལོ་ལྟར་གྱི་ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་གཏན་འཁེལ་བྱས་ཡོད་པ་རེད།2
རྒྱལ་ཁབ་བདེ་འཇགས་ཀྱི་ཁྱབ་ཁོངས་གང་དག་ཚུད་ཡོད་དམ། རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་16ཡོད་པའི་ནང་། ཆབ་སྲིད་ཀྱི་བདེ་འཇགས་དང་། དམག་དོན་གྱི་བདེ་འཇགས། རྒྱལ་ཁབ་ས་ཆའི་བདེ་འཇགས། དཔལ་འབྱོར་གྱི་བདེ་འཇགས། རིག་གནས་ཀྱི་བདེ་འཇགས། སྐྱེ་དངོས་ཀྱི་བདེ་འཇགས། དྲ་རྒྱའི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། ཚན་རྩལ་གྱི་བདེ་འཇགས། སྐྱེ་ཁམས་ཀྱི་བདེ་འཇགས། ཐོན་ཁུངས་ཀྱི་བདེ་འཇགས། ཉིང་རྡུལ་གྱི་བདེ་འཇགས། ཕྱི་ཁོངས་སུ་ཡོད་པའི་རང་རྒྱལ་གྱི་ཁེ་ཕན་བདེ་འཇགས། བར་སྣང་གི་བདེ་འཇགས། མཚོ་བྱིངས་ཀྱི་བདེ་འཇགས། གླིང་སྣེའི་བདེ་འཇགས་བཅས་ཚུད་ཡོད།3
རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས།
(གཅིག)རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པའི་ཡིག་ཆ་དང་། དཔྱད་གཞི། དངོས་པོ་གཞན་དག་བཅས་རྙེད་ཚེ་དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་དང་ཚན་པའམ་ཡང་ན་གསང་སྲུང་ལས་དོན་སྡེ་ཚན་ལ་སྐྱེལ་དགོས།
(གཉིས)རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པའི་ཡིག་ཆ་དང་། དཔྱད་གཞི། དངོས་པོ་གཞན་དག་བཅས་ཉོ་བའམ་འཚོང་བ་ཤེས་ཚེ། དུས་ཐོག་ཏུ་གསང་སྲུང་ལས་དོན་སྡེ་ཚན་ནམ་ཡང་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས།
(གསུམ)རྒྱལ་ཁབ་ཀྱི་གསང་བའི་ཁོངས་སུ་གཏོགས་པའི་ཡིག་ཆ་དང་། དཔྱད་གཞི། དངོས་པོ་གཞན་དག་བཅས་རྐུ་བའམ་འཕྲོག་པ་ཤེས་ཚེ། བཀག་འགོག་བྱེད་དབང་ཡོད་པ་དང་འབྲེལ་འཕྲལ་དུ་སྙན་སེང་ཞུ་དགོས།
(བཞི)རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའམ་ཡང་ན་ཕྱིར་གྱར་རྩིས་ཡོད་པའི་ཁུངས་སྣེ་ཤེས་ཚེ། དུས་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཐེར་འདོན་བྱེད་དགོས།
- བདེ་ཆེན་གསར་འགྱུར།
དཔྱིད་དཔལ་ལ་རོལ་བ།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108