中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས།

རྩོམ་པ་པོ་:何帝龙 戴严 ཁྱབ་བསྒྲགས་དུས་ཚོད་:2026-01-29 16:08:48

ཟླ་1པོའི་ཚེས་28ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་རུ་ཞུགས་པའི་བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུ་གྲོས་ཞིབ་བྱེད་པ་དང་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་འཆར་ཟིན་ཞིབ་བཤེར་བྱས། 

བདེ་ཆེན་ཁུལ་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། ཚོགས་གཙོ་གཞོན་པ་ལི་ཡན་ལན་དང་ཀྲང་ཝེ་ཏུང་སོགས་གྲོས་ཞིབ་ནང་ཞུགས།

འཐུས་མི་ལུའོ་ཁྲའོ་ཧྥེང་གིས།

ཞིང་དཔོན་ཝང་ཡུས་པའོ་ཡིས་གནང་བའི་སྲིད་གཞུང་ལས་དོན་ནི་བརྗོད་དོན་གསལ་པོ་དང་གྲུབ་འབྲས་དགའ་འོས་པ། འབད་འཐབ་འབད་བརྩོན། དངོས་གཉེར་ལག་བསྟར་བྱེད་ཆོག་པའི་སྙན་ཞུ་ཞིག་ཡིན་པས་མོས་མཐུན་བྱེད་ཀྱི་ཡོད། སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ། སྐབས་ཉི་ཤུ་པའི་ཚོགས་ཐེངས་ཁག་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ཁྱབ་ཡོད། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་དམིགས་ཚད་གཏན་འཁེལ་བྱས་ཡོད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་བརྗོད་དོན་གསལ་པོ་འདུག་ཅེས་གསུང་། འཐུས་མི་ལུའོ་ཁྲའོ་ཧྥེང་གིས་“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་”དུས་རིམ་དང་འདས་ཟིན་པའི་2025ལོའི་ཞིང་ཆེན་ཡོངས་ཀྱི་གྲུབ་འབྲས་ནི་དགའ་འོས་པ་ཞིག་རེད། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཀྲུང་དབྱང་གི་བླང་བྱ་མཚོན་ཡོད་པས་ཡུན་ནན་གྱི་གནས་ཚུལ་དངོས་དང་མཐུན་པ་དང་། 2026ལོའི་ཕྱོགས་དགུའི་ལས་དོན་བཀོད་སྒྲིག་ཐད་དམིགས་ཚད་དང་བྱེད་ཐབས་ཡོད་པས་དངོས་སྒྲུབ་དང་ལག་བསྟར་བྱེད་ཐུབ་པས་མོས་མཐུན་བྱེད་ཀྱི་ཡོད་ཅེས་གསུང་། 

འཐུས་མི་ལི་ཡན་ལན་གྱིས།

ཐེངས་འདིའི་སྲིད་གཞུང་ལས་དོན་གྱི་སྙན་ཞུ་ནི་བདེན་འཚོལ་དངོས་གཉེར་དང་། སེམས་ནུས་གཅིག་སྒྲིལ། འབད་བརྩོན་ཡོང་བར་སྐུལ་མ་གཏོང་བའི་སྙན་ཞུ་ཡག་པོ་ཞིག་ཡིན་པས་མོས་མཐུན་བྱེད་ཀྱི་ཡོད། བདེ་ཆེན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བདེ་ཆེན་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་གཞི་རྩའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་པོ་འདིང་རོགས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འངའ་ལུང་རྫོང་དེ་ཡུན་ནན་ཞིང་ཆེན་གྱི་ནགས་འོག་དཔལ་འབྱོར་ཀྱི་གཙོ་གནད་རྫོང་ཞུ་བར་རྒྱབ་སྐྱོར་བྱས་ཏེ་བདེ་ཆེན་གྱིས་ནགས་འོག་དཔལ་འབྱོར་ནས་ཐོན་རྫས་རིན་ཐང་དང་ཕན་འབྲས། ཡོང་སྒོ་བཅས་ཡོང་བར་སྐུལ་འདེད་བཏང་བ་དང་ནགས་ཚལ་གྱི་“མཛོད་བཞིའི་”མཉམ་འགུལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་པའི་བསམ་འཆར་བཏོན།

འཐུས་མི་ཀྲང་ཝེ་ཏུང་གིས།

ཞིང་དཔོན་ཝང་ཡུས་པའོ་ཡིས་གནང་བའི་སྲིད་གཞུང་ལས་དོན་སྙན་ཞུ་ནི་མི་སེམས་ལ་སྐུལ་མ་གཏོང་བ་དང་ངར་ཤུགས་སྐྱེ་རུ་བཅུག་པའི་སྙན་ཞུ་ཡག་པོ་ཞིག་ཡིན་པས་མོས་མཐུན་བྱེད་ཀྱི་ཡོད། གཅིག་ནི་སྙན་ཞུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པར་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚོགས་ཐེངས་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་པ། གཉིས་ནི་ལོ་ལྔ་དང་2025ལོའི་ལས་དོན་ཕྱོགས་བསྡོམས་དང་ཕྱིར་དྲན་བྱས། ཞིང་ཆེན་ཡོངས་ལ་དཔལ་འབྱོར་བརྟན་པོའི་ངང་འཕེལ་བ་དང་། ལས་ཞུགས་བརྟན་པོའི་ངང་འཕེལ་བ། དམངས་འཚོ་བརྟན་པོའི་ངང་འཕེལ་བ། སྤྱི་ཚོགས་བརྟན་བརླིང་བཅས་ཕྱོགས་ལྔ་ཐད་ཀྱི་གྲུབ་འབྲས་ནི་ལས་སླ་མོ་ཞིག་མིན། “ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་ནང་ཀྲུང་དབྱང་གི་བླང་བྱ་མངོན་ཡོད་ལ་ཡུན་ནན་གྱི་གནས་ཚུལ་དངོས་དང་མཐུན་པ་དང་། ཚན་རིག་དང་མཐུན་པས་མོས་མཐུན་བྱེད་ཀྱི་ཡོད་ཅེས་གསུང་། ཀྲང་ཝེ་ཏུང་གིས་བདེ་ཆེན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བདེ་ཆེན་གྱི་འགྲིམ་འགྲུལ་བཀག་སྡོམ་མེད་པ་བཟོ་བར་རོགས་རམ་བྱེད་པའི་བསམ་འཆར་བཏོན། 

འཐུས་མི་ནོར་བུ་གཡང་འཛོམས་ཀྱིས།

སྙན་ཞུའི་ནང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས་མངོན་པས། དར་ཆ་མཐོ་སྒྲེང་དང་བདེན་འཚོལ་དོན་གཉེར་གྱི་སྙན་ཞུ་ཡག་པོ་ཞིག་ཡིན་པས་མོས་མཐུན་བྱེད་ཀྱི་ཡོད། “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་”དུས་སུ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་འགྲན་སློང་མདུན་དུ་དཀའ་ངལ་ཁྲོད་ཡར་རྒྱས་ཡོང་བ་དང་ལས་སྒྲུབ་ཁྲོད་ཡར་རྒྱས་ཡོང་བ། བརྟན་ཐོག་ཡར་འཕེལ་བཅས་བྱས་ཏེ། འབད་བརྩོན་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་དེ་ཉམས་ཉེན་ཁྲོད་གོ་སྐབས་གསར་པ་གསོ་སྐྱོང་བྱས་པ་དང་དུས་འགྱུར་ཁྲོད་དུ་གནས་བབ་གསར་པ་གཏོད་དེ་ལོ་གསུམ་ནང་སྐས་རིམ་གསར་པ་རུ་སྐྱོད་པའི་ལས་འགན་བདེ་བླག་ངང་འགྲུབ། སྙན་ཞུའི་ནང་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”དུས་རིམ་གྱི་དམིགས་ཚད་གཙོ་བོ་དང་ད་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱེད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་དང་མཐུན་ལ་རང་རེའི་ཞིང་ཆེན་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་མཐུན་པ་དང་། མི་དམངས་གཙོ་བོ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་ཡོད་ཅེས་སྟོན། 

འཐུས་མི་ཧོང་ལུང་ཞིན་གྱིས།

སྲིད་གཞུང་གི་ལས་དོན་སྙན་ཞུ་ནང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་སྟེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་རྣམ་གྲངས་ཁག་དང་རྒྱུན་སྲིང་ལག་བསྟར་བྱས། གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དང་ཕྱོགས་ཡོངས་སུ་“ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་”རིང་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་ཕྱིར་མིག་ལྟ། བཀོད་སྒྲིག་དང་ཇུས་འགོད་གསར་པ་ཡིན་པས་ཞིང་ཡོངས་ཀྱི་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”རིང་གི་འཕེལ་རྒྱས་དམིགས་འབེན་རྣམ་གྲངས་ཁག་མངོན་འགྱུར་བྱུང་བར་རྨང་གཞི་བརྟན་པོ་གདིང་ཡོད། དམངས་འཚོའི་ཁྲིད་ཕྱོགས་ཤུགས་ཆེན་ལྡན་པས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་རྩ་གནད་ལ་མོས་མཐུན་བྱེད་ཀྱི་ཡོད། དུས་རིམ་རྗེས་མར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོན་ལས་རིགས་སྒྱུར་རིམ་འཕར་ལ་དམ་འཛིན་ནན་མོ་བྱེད་པ་དང་། རྣམ་གྲངས་ཇུས་འགོད་ལ་དམ་འཛིན་བྱེད། དམངས་འཚོའི་ཞབས་ཞུ་འགན་ལེན་དམ་འཛིན་ཡག་པོ་བྱེད། རྒྱུན་མཐུད་ངང་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་དམ་འཛིན་བྱེད་པ་བཅས་ཕྱོགས་བཞི་ནས་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཞེས་སྟོན།

ཀྲེང་དབྱི་དང་ལིའུ་ཁོ་ཅེ་སོགས་འཐུས་མི་ཡིས་སྔ་རྗེས་སུ་གཏམ་བཤད་བྱས་ཏེ། བབ་བསྟུན་རོགས་སྐྱོབ་ནུས་པའི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ཐད་ལ་དམིགས་ནས་བསམ་འཆར་བཏོན། 

责任编辑:达瓦只玛 吹批拉姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱི་འཐུས་ཚབ་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས།

བདེ་ཆེན་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་དམངས་ཆེན་འཐུས་མི་རྣམས་ཀྱིས་མྱོང་ཚོར་བཤད་པ་དང་འཕེལ་རྒྱས་གླེང་། 

ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས།

དཔའ་མཛངས་རྟུལ་ཕོད་ངང་མདུན་སྐྱོད་ཀྱི་རོལ་དབྱངས་དཀྲོལ་ནས་རིག་གནས་ཀྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་དགོས།-2025ལོར་བདེ་ཆེན་ཁུལ་གྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཕྱོགས་བསྡུས་ཀྱི་སྒྲིལ་གླེང་།

བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་།

ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བདེ་ཆེན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་དང་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཡིང་མེང་ཅ་ཉན་ཧྭ་རིག་གནས་ཐོན་ལས་འཕེལ་རྒྱས་(ཝུན་ཀྲུའུ)ཚད་ཡོད་ཀུང་སི་དང་ཐུག་འཕྲད་གནང་།

བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་གཉིས་ཀྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཚེས་24ཉིན་སྤེལ་རྒྱུ་རེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com