中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲན་དཀར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་གཏོད།

ཁྱབ་བསྒྲགས་དུས་ཚོད་:2026-02-06 15:24:21

ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མཚོ་འཕགས་མཐོ་བའི་རང་བྱུང་ཁམས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྲན་དཀར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་སྟེ། སྲན་དཀར་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལམ་བུ་གསར་པ་གཏོད།

ད་ལོར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲན་དཀར་ཐོན་ཚད་མཐོ་རུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་61བཏང་ནས། སྲིད་གཞུང་གི་ཁྲིད་སྟོན་དང་ལག་རྩལ་གྱི་འདེབས་སྐྱོར། ཞིང་དུད་ཀྱི་ཞུགས་པ་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱོད་དེ། སྟག་མཆོང་གྲོག་རོང་གྲོང་རྡལ་དང་སན་པ་ཤང་། ཧྲང་ཅང་ཤང་། ཝུའུ་ཅིང་ཤང་བཅས་སུ་ཐོན་ཚད་མཐོ་བའི་དཔེ་སྟོན་རྟེན་གཞི་བསྐྲུན། རྣམ་གྲངས་ཀྱིས་ཡུན་ནན་ཞིང་ཆེན་ཞིང་ལས་ཚན་རྩལ་ཁང་གི་འབྲུ་རིགས་ལོ་ཏོག་ཞིབ་འཇུག་སུའོ་ཡིས་བདམས་གསོ་བྱས་པའི་སྲན་དཀར་ཨང་རྟགས་གསུམ་པའི་སྤུས་ལེགས་སོན་བཟང་ཉོ་སྒྲུབ་བྱས་ནས། མུའུ་རེར་སྤྱི་རྒྱ་5ཡི་ཚད་གཞི་ལྟར་ཞིང་དུད་ལ་རིན་མེད་ངང་སྤྲད། སོན་རིགས་འདིའི་འབྲུ་གཟུགས་ཆེ་བ་དང་འགོག་ནུས་ཆེ་བ། འབྲུ་རྡོག་རེ་ལྗིད་ཚད་མཐོ་བ་བཅས་ཡོད་པས། ཐོན་འབབ་མང་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་།

དེ་དང་དུས་མཚུངས་སུ། བརྒྱུད་རིམ་ཡོངས་སུ་འགོ་བརྩམས་པ་ནས་མཇུག་འགྲིལ་བའི་བར་འགྱིག་ཤོག་ཁེབས་པ་དང་ལྕགས་གདོང་འདེབས་པ། གནད་སྨིན་ལུད་རྒྱག གནོད་མེད་སྔོན་འགོག་ཚོད་འཛིན་སོགས་འགག་རྩའི་ལག་རྩལ་ཁྱབ་གདལ་བཏང་ནས། མུའུ་རེའི་འདེབས་འཛུགས་བྱེད་ཚད་ས་དུམ་800ནས་ས་དུམ་900བར་ཚོད་འཛིན་བྱེད་པ་དང་། ས་དུམ་རེར་ས་བོན་རྡོག་3་ནས་4་བར་འཛུགས་ཏེ། མུའུ་རེར་སྤྱི་རྒྱ་1000ནས་1500བར་གྱི་ཞིང་ལུད་སྤྱོད་ཀྱིན་ཡོད། ལག་རྩལ་འདི་དག་གིས་ཞིང་པའི་མ་རྩ་ཇེ་དམའ་བཏང་བ་དང་ཡང་ན་ནུས་ལྡན་གྱིས་སྲན་དཀར་གྱི་སྤུས་ཚད་ལ་འགན་སྲུང་བྱས།

སྔོན་མ་སྲན་དཀར་འདེབས་སྐབས་སྣ་ཁ་མང་བ་དང་ལག་རྩལ་རྙིང་པ་སྤྱོད་པས་ཐོན་འབབ་རྒྱུན་དུ་འཕར་མི་ཐུབ། ད་ལྟ་སྲིད་གཞུང་གི་རྒྱབ་སྐྱོར་འོག རིགས་གཅིག་མཁས་ཅན་གྱིས་ལག་རྩལ་བསླབས་ཏེ། ཐོན་འབབ་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན། སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་འདེབས་འཛུགས་བྱེད་མཁན་ཡུས་ལགས་ཀྱིས་སྤུས་ལེགས་སྲན་དཀར་ལག་ནང་བཟུང་ནས་གདོང་ལ་ལོ་ལེགས་ཡོང་བའི་སྤྲོ་སྣང་ཁེངས།

ངོ་སྤྲོད་བྱས་པར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྲན་དཀར་གྱི་ཁྲོམ་རའི་ཉོ་སྒྲུབ་གོང་ཚད་སྤྱི་རྒྱ་རེར་སྒོར་16བར་བརྟན་པོ་བྱུང་བ་དང་མུའུ་རེའི་ཡོང་འབབ་སྒོར་3000ལྷག་ཟིན་ནས། དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། སྲན་དཀར་ཐོན་ལས་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྒུལ་ཤུགས་གསར་པ་རུ་གྱུར་ཡོད་པ་རེད།སོན་སྤྲད་པ་དང་ལག་རྩལ་གསོ་སྦྱོང་། ནད་འབུའི་གནོད་འཚེ་གཅིག་གྱུར་འགོག་བཅོས་བྱེད་པའི་བར་བརྒྱུད་རིམ་ཡོངས་ཀྱི་ཐད་གྲོང་ཁྱེར་དེས་ཕྱོགས་ཡོངས་ལ་ཞབས་ཞུ་མཁོ་འདོན་བྱེད།


  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com