中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འཇོལ་མདའ་ཡི་སེ་འབྲུ་སྨིན་བྱུང་། དམངས་ལ་གདོང་ལ་འཛུམ་གྱིས་ཁེངས།

ཁྱབ་བསྒྲགས་དུས་ཚོད་:2026-02-06 15:28:12

འབྲས་ལྡན་སྟོན་གྱི་དུས་བཟང་འདིར། རྫ་ཆུའི་འགྲམ་ངོགས་ཀྱི་འཇོལ་རྫོང་སྒང་ཉག་གྲོང་ཚོ་འཇོལ་མདའ་གྲོང་མི་ཚོ་ཆུང་དུ་སེ་འབྲུར་ལོ་ལེགས་བྱུང་བའི་དུས་ཚིགས་ཤར་འདུག ས་གནས་འདི་རུ་སེ་འབྲུ་སྐྱུར་པོ་བཙུགས་པའི་སྲོལ་ཡོད་པ་རེད། ད་ལྟ་གྲོང་གསེབ་དར་རྒྱས་སྲིད་ཇུས་ཀྱི་སྐུལ་འདེད་འོག་སེ་འབྲུ་ཆུང་ཆུང་དེ་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།

2023ལོར། འཇོལ་མདའ་གྲོང་མི་ཚོ་ཆུང་གིས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་དུད་བཅས་མཉམ་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་འཇོལ་མདའ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཀྲི་པུའུ་ཏང་ཡོན་གྱིས་སྣེ་ཁྲིད་དེ་རིན་མེད་སྒོས་དོ་དམ་སྲུང་སྐྱོང་བྱས་པ་རེད། ལོ་གང་མང་གི་འཕེལ་རྒྱས་བརྒྱུད། མིག་སྔར་གྲོང་ཚོ་ཡོངས་སུ་སེ་འབྲུའི་འདེབས་འཛུགས་རྒྱ་ཁྱོན་མུའུ་100ལ་ཟིན་པ་དང་། འདིའི་ཁྲོད་གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་70ཟིན་པ། ཞིང་དུད14ཡིས་ཁ་ཐོར་ཅན་གྱི་འདེབས་འཛུགས་བྱས་ལ་རྒྱ་ཁྱོན་མུའུ་30ཟིན་པས། གཅིག་སྡུད་ཡུག་འབྲེལ་དང་དོ་དམ་ཚད་ལྡན་གྱི་འདེབས་འཛུགས་རྣམ་པ་ཞིག་ཆགས་ཡོད་པ་རེད།

འཇོལ་མདའ་གྲོང་མི་ཚོ་ཆུང་གི་གྲོང་མི་བསྟན་འཛིན་གྱིས་ངེད་ཚང་གིས་ས་མུའུ་4ལྷག་ལ་སེ་འབྲུ་བཙུགས་ཡོད། ན་ནིང་གྱི་ཐོབ་འབབ་རྒྱ་མ་སྟོང་བཞི་ལྷག་འདུག ཤིང་འབྲས་སྒོར་ཁྲི་4ལྷག་ཙམ་བཙོངས་ལ། སྐམ་པོར་གྱུར་བའི་སེ་འབྲུ་དང་ཤུན་པགས་ཀྱང་བཙོངས་ཆོག་པས་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་ཡོད་ཅེས་བཤད་བྱུང་།

འཇོལ་མདའ་ཡི་སེ་འབྲུ་ནི་སྲོལ་རྒྱུན་གྱི་རིགས་རྙིང་པའི་སོན་བཟང་ལ་གཏོགས་པ་དང་། དེར་ཤུན་པགས་དམར་པོ་དང་། འབྲུ་གུ་དམར་པོ།མངར་སྐྱུར་བྲོ་ཞིམ་བཅས་ཀྱི་ཁྱད་ཆོས་ལྡན་པས་དེའི་དམིགས་བསལ་གྱི་བྲོ་བས་ཁྲོམ་ར་སྟེང་དགའ་བསུ་ཐོབ་ཀྱི་ཡོད། སེ་འབྲུ་སྡོང་བོ་ནི་ལོ3ནས་4ལ་འབྲས་བུ་ཐོགས་པའི་དུས་ལ་སླེབས་པ་དང་། ཤིང་འབྲས་སྡོང་པོ་རེར་སེ་འབྲུ50ཡས་མས་ཐོགས་པས་ཆ་སྙོམས་སྡོང་རྐང་རེའི་ཐོན་འབོར་རྒྱ་མ་20ཟིན་གྱི་ཡོད་པ་རེད། ད་ལོར་སེ་འབྲུའི་སྐྱེ་སྟོབས་བཟང་བ་དང་། འབྲས་བུ་སྙོམས་པ། མངར་སྐྱུར་གྱི་བསྡུར་ཚད་རན་པས་མིག་སྔར་སེ་འབྲུ་འཐོག་པའི་དུས་སྐབས་ཡག་ཤོས་སུ་སླེབས་འདུག

སྒང་ཉག་གྲོང་ཚོའི་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་དྲུང་སྐྱིད་ཀྱིས་འཇོལ་མདའ་ཡི་སེ་འབྲུ་ནི་དེ་སྔོན་གྱི་སོན་བཟང་རྙིང་བ་ཡིན། དེ་སྔོན་འདེབས་འཛུགས་གཞི་ཁྱོན་ཆེན་པོ་མེད།2013ལོར་འཇོལ་མདའ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཚང་མའི་ཐུན་མོང་གི་འབད་བརྩོན་འོགམིག་སྔར་འདེབས་འཛུགས་རྒྱ་ཁྱོན་མུའུ་100ལྷག་ཙམ་ཡོད་པ་དང་ཕན་འབྲས་ཀྱང་ཡག་པོ་ཡོད། སེ་འབྲུའི་དོ་དམ་ཐད་ནས་བརྗོད་ན་ཚང་མ་ཞིང་པའི་ཁྱིམ་གྱི་ལུད་སྤྱོད་བཞིན་ཡོད། སེ་འབྲུའི་ཐོན་ཚད་མཐོ་བ་དང་སྤུས་ཚད་ཀྱང་མཐོ་པོ་ཡོད།

ད་ལྟ། ཕ་ལམ་དམར་པོ་དང་འདྲ་བའི་ལྗིད་ཏིག་ཏིག་གི་སེ་འབྲུ་འདི་ནི་གྲོང་མི་ཚོ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་“བདེ་སྐྱིད་ཀྱི་འབྲས་བུ་”ཞིག་ཏུ་གྱུར་ཡོད།ལོ་ལེགས་བྱུང་བའི་སྤྲོ་སྣང་དེ་ཞིང་ས་གྲུ་བཞིའི་ག་སར་ཁྱབ་ཡོད་ལ། དམངས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་བས། འཇོལ་མདའ་གྲོང་ཚོའི་དེ་བས་འཁྲུག་ཆ་དོད་པའི་འབྱུང་འགྱུར་ཡང་མཚོན་པར་བྱས་ཡོད།

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

ཁུལ་ཨུའི་ཁྱོན་ཡོངས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཤྭ་ཁ་གངས་རིར་བརྟག་ཞིབ་བྱེད་སྐབས་ལས་རྣམ་གསར་གཏོད་དང་མཛེས་ལྗོངས་ཁུལ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

ཟླ་བཞི་བའི་དཔྱིད་རྣམ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། སྲང་ལམ་ཀུན་ཏུ་མཛེས་པའི་མེ་ཏོག་བཞད།

ཁུལ་ཨུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་ལྟ་སྐུལ་བྱེད་པར་བཅའ་སྡོད་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com