中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་བརྟེན་ནས་དམངས་ཕྱུག་གི་ལམ་བུ་གསར་བ་འཚོལ་ཞིབ་བྱས་པ།

ཁྱབ་བསྒྲགས་དུས་ཚོད་:2026-02-06 15:36:57

ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གང་ལེགས་སྒོས་ཕུན་སུམ་ཚོགས་པའི་ནགས་ཚལ་དང་ཕྱི་རོལ་གྱི་ཐོན་ཁུངས་ལ་བརྟེན་ནས། རིར་འཛེག་ནས་རྐང་ཐང་མར་སྐྱོད་པ་དང་། ཚན་རིག་རྟོག་དཔྱོད་དང་ཞིབ་འཇུག་སློབ་སྦྱོང་། སོས་དལ་ལུས་གསོ་སོགས་ཀྱིས་མཚོན་པའི་ནགས་ཁྲོད་ལུས་གསོའི་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་བ་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཁེ་བྱུང་བ་རེད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ཐུན་མོང་མ་ཡིན་པའི་ཕྱི་རོལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ནགས་ཁྲོད་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཟམ་མི་ཆད་པར་འཕེལ་རྒྱས་བཏང་། རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་གཏོང་བ་དང་། སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕྱི་རོལ་ལུས་རྩལ་ཚོགས་ཆེན་ཇུས་འགོད་ཞིབ་ཚགས་བྱེད་པ་སོགས་རིམ་པ་མཐོ་བ་དང་ཁྱབ་ཁོངས་ཆེ་བའི་སྤེལ་རེས་སྟེགས་བུ་སྐྲུན་ནས།བདེ་ཆེན་གྱི་ཕྱི་རོལ་ལུས་རྩལ་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་པ་སོགས་ཁྱད་ལྡན་འགྲན་བསྡུར་གཏོད་ནས། ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ལེགས་སུ་བཏང་སྟེ་འཕེལ་རྒྱས་ཀྱི་བར་མཐོངས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ལ་སྲུང་སྐྱོང་དང་། ཚད་ལྡན་དོ་དམ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་ཆེད། བདེ་ཆེན་ཁུལ་གྱིས་དཀར་ནག་ཐལ་མདོག་ཅེས་པའི་མིང་ཐོ་དོ་དམ་ལག་བསྟར་བྱས་ཏེ། སྟག་མཆོང་གྲོག་རོང་གི་རིམ་པ་མཐོ་བའི་གཞུང་ལམ་དང་། ཨ་པུའུ་ཅི་མཚོ་སོགས་མིང་གྲགས་ཆེ་བའི་ཕྱི་རོལ་ལུས་རྩལ་ལམ་ཐིག་20ལྷག་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་ནུས་ལྡན་བཏང་བ་དང་། ནགས་ཚལ་མཛེས་ལྗོངས་མུའུ་ཁྲི་50.67བེད་སྤྱོད་ནུས་ལྡན་བྱས་ཡོད། ཁུལ་ཡོངས་ཀྱིས་སྡེ་ཁུལ་དང་མཉམ་སྐྲུན་མཉམ་དར་མཉམ་སྤྱོད་ཅེས་པའི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་རྒྱུན་འཁྱོངས་བྱས་ཏེ། མཛེས་ལྗོངས་ཁུལ་དང་། ཚོགས་སྤྱི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཡུལ་སྐོར་ལ་བརྟེན་ནས་ཞིང་སྐྱོར་འབབ་འཕར་ལམ་སྲོལ་གསར་གཏོད་བྱས།

མིག་སྔར། ལོ་ལྟར་བདེ་ཆེན་དུ་རྐང་ཐང་མར་སྐྱོད་པ་དང་། རིར་འཛེག་པ། པར་ལེན་པ་སོགས་ཕྱི་རོལ་གྱི་ལུས་རྩལ་ནང་ཞུགས་མཁན་མི་ཐེངས་ཁྲི་600ལས་བརྒལ་བ་དང་། 2024ལོར་ཁུལ་ཡོངས་སུ་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་ཁག་ཐེངས་159ཡི་ཡུལ་སྐོར་བ་མི་ཐེངས་ཁྲི་1.37དང་ལེན་བྱས་ཡོད་པ་རེད།

གོམ་སྟབས་རྗེས་མར། བདེ་ཆེན་ཁུལ་གྱིས་བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་རྒྱུན་མཐུད་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག རྐང་ཐང་མར་སྐྱོད་པའི་ལམ་ཐིག་རྩེ་གྲ་གསར་སྤེལ་དང་། སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་གྱི་དམིགས་ས་སྐྲུན་པ། ནགས་ཁྲོད་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནགས་ཁྲོད་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་གསར་པ་ཟམ་མི་ཆད་པར་བསྐངས་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་ཇེ་བཟང་གཏོང་རྒྱུ་རེད།

  • ཁུལ་ནང་ཁུལ་གྱི་མགོ་གཙོ།

གཏེར་མ་རོང་ཤང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་།

ཁུལ་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་ལས་དོན་མུ་མཐུད་ཟབ་སྤེལ་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་་་་

ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་”ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་བརླིང་སྲུང་སྐྱོང་གི་ཆེད་དོན་ལས་ཀར་བརྟག་ཞིབ་གནང་བ་མ་ཟད་བཀོད་གཏོང་ཚོགས་འདུ་འཚོགས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཤྭ་ཁ་རི་བོ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་151པ་འཚོགས། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com