ཡུན་ནན་དཔག་སྨད་སྤྱི་ཕན་སྲུང་སྐྱོང་ཁུལ་ནས་བསྟུད་མར་ལོ་གཉིས་རིང་དོམ་མི་འདྲ་བ་པར་ལེན་ཐུབ།
ཉེ་དུས། ཡུན་ནན་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་བདེ་ཆེན་ཡན་ལག་ཅུས་ཀྱིས་དམར་ཕྱིའི་པར་ཆས་ཀྱི་གྲངས་གཞི་ལེགས་སྒྲིག་བྱས་སྐབས། སླར་ཡང་དཔག་སྨད་སྤྱི་ཕན་སྲུང་སྐྱོང་ཁུལ་ནས་དོམ་གི་གཟུགས་པོ་གསལ་པོ་པར་ལེན་ཐུབ། འདི་ནི་སྲུང་སྐྱོང་ཁུལ་དེས་2024ལོའི་རྗེས་སུ་ཐེངས་གཉིས་པར་དོམ་གྱིས་འགུལ་སྐྱོད་བྱེད་ཡོད་པའི་རྣམ་པ་ཐོ་འགོད་བྱས་ཐུབ་པ་མ་ཟད། ཆེད་མཁས་པས་གསལ་འབྱེད་བྱས་པ་བརྒྱུད་ཐེངས་གཉིས་པར་ལེན་བྱེད་ཐུབ་པའི་དོམ་འདི་ནི་རིགས་མི་འདྲ་བའི་དོམ་ཡིན།
ཐེངས་གཉིས་པར་ལེན་བྱེད་པའི་དུས་ཚོད་བར་ཐག་ནི་ལོ་གཅིག་ཡིན་པ་དང་། ཐེངས་དང་པོར་ཐོ་འགོད་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ་9ཚེས་23ཉིན་ཡིན། ཐེངས་གཉིས་པའི་ཐོ་འགོད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་9ཚེས་22ཉིན་ཡིན། ཐེངས་གཉིས་པར་པར་ལེན་ཐུབ་པའི་དོམ་འདི་སྟག་མ་ཤིང་སྡོང་ཡོད་སའི་ནགས་ཚལ་དུ་འཆམ་འཆམ་དུ་འགྲོ་བཞིན་པར་མཐོང་།
དོམ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་གཙོ་བོ་བྱེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང་། སྐྱེ་ཁམས་མ་ལག་གི་འགག་རྩའི་སྲོག་ཆགས་རིགས་ཤིག་ཡིན་པས། འགུལ་སྐྱོད་གནས་ཚུལ་དེས་ས་ཁོངས་ཀྱི་སྐྱེ་ཁམས་སྤུས་ཚད་ཐད་ཀར་མཚོན་ཡོད་པ་དང་། བསྟུད་མར་ལོ་གཉིས་རིང་ཟིན་ཐོ་གསལ་པོ་འགོད་ཐུབ་པ་དེས་དོམ་དེ་ས་ཁོངས་དེར་བརྟན་པོའི་ངང་གནས་པ་ར་སྤྲོད་ཐུབ་པ་མ་ཟད། ས་གནས་དེ་གའི་དོམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྟོང་ཆ་བསྐངས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་དཔྱད་དཔོག་ལ་འགག་རྩའི་དངོས་དཔང་མཁོ་འདོན་བྱས།
དཔག་སྨད་སྤྱི་ཕན་སྲུང་སྐྱོང་ཁུལ་དེ་ཡུན་ལིན་རི་རྒྱུད་ཀྱི་ལྷོ་ངོས་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འཇོལ་རྫོང་ཧྥོ་ཧྲན་ཤང་དཔག་སྨད་གྲོང་ཚོ་རུ་གནས་ཡོད་པ། འདི་ནི་བདེ་ཆེན་ཁུལ་གྱི་སྤྱི་ཕན་སྲུང་སྐྱོང་ཁུལ་དང་པོ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་65ཟིན། ས་ཁོངས་འདིར་ཡུན་ནན་སྤྲེལ་ཁྲ་(དཔག་སྨད་ཁྱུ་ཚོགས)150ལྷག་ཡོད་པས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད། དེའི་སྔོན་ཡུན་ནན་སྤྲེལ་ཁྲ་དང་གསའ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོ་བོ་ལ་ལྟ་ཞིབ་ཚད་ལེན་ཐུབ་ཡོད། དུས་རིམ་རྗེས་མར། སྲུང་སྐྱོང་ཁུལ་གྱིས་དམར་ཕྱིའི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ།:རྣམ་འཇོམས་ཚེ་རིང་།
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108