ལུའོ་ཁྲའོ་ཧྥེང་གིས་ཁྲལ་འཇལ་གཙོ་གནད་ཁེ་ལས་ལ་འཚམས་འདྲི་གནང་།
ཟླ་2པའི་ཚེས་11ཉིན་ནས་ཚེས་12ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་རྡོ་ཐ་ཀུང་སི་བདེ་ཆེན་ཁུལ་ཀུང་སི་དང་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིར་འཚམས་འདྲི་གནང་ནས་ཁེ་ལས་ཀྱི་ལས་བྱེད་པར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་བདེ་ཆེན་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁེ་ལས་ཀྱིས་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས།

བདེ་ཆེན་རྡོ་ཐ་ཀུང་སིར་ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་རྡོ་ཐ་ཀུང་སིས་རྡོ་ཐ་ཐོན་ལས་ལ་བརྟེན་ནས་ཞིང་དུད་ལ་འབབ་འཕར་ཡོང་བ་དང་བསྒྲིལ་ཐ་ཕྱིར་ཚོང་གི་གྲུབ་ཆ་ལེགས་སུ་གཏོང་བ་སོགས་ཐད་ཀྱི་ལས་དོན་ལ་ཁས་ལེན་བྱས། ཁོང་གིས་རྡོ་ཐའི་ཐོན་ལས་ནི་ཡུན་ནན་གྱི་སྲོལ་རྒྱུན་ལེགས་ཆའི་ཐོན་ལས་ཤིག་ཡིན། བདེ་ཆེན་གྱི་དམངས་འཚོའི་ཐོན་ལས་གལ་ཆེན་ཞིག་ཀྱང་ཡིན། བདེ་ཆེན་རྡོ་ཐ་ཀུང་སིས་ས་གནས་ནོར་སྲིད་ལ་ཁྲལ་འབབ་བརྟན་པོ་ཡོང་བ་བྱས་པ་མ་ཟད། རྡོ་ཐ་འདེབས་འཛུགས་བྱས་པ་བརྒྱུད་ཞིང་དུད་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་ཁེ་ལས་ལ་གཞོགས་འདེགས་བྱས་ནས་རྡོ་ཐའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་འགན་ལེན་ཡག་པོ་བྱས་ཏེ་རྡོ་ཐའི་ཐོན་ལས་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་དང་ས་གནས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བརྟན་ལྷིང་གི་འདེགས་སྐྱོར་ཞིག་ཏུ་རྒྱུན་མཐུད་ངང་འགྱུར་བ་བྱེད་དགོས་ཞེས་བཤད།

བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིར་འཚམས་འདྲི་བྱེད་སྐབས་ལུའོ་ཁྲའོ་ཧྥེང་གིས་ཁེ་ལས་ཀྱིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་ཡིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་ཁུལ་དུ་བརྟན་པོར་གནས་ནས། ཁྲལ་འཇལ་དང་ཐོན་རྫས་རིན་ཐང་བདེ་ཆེན་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། ཐོན་རྫས་སྣ་ཚོགས་ཀྱི་ཐོན་ཚད་བརྟན་པོའི་ངང་འཕར་བ། བདེ་འཇགས་ཐོན་སྐྱེད་དང་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན། ལུའོ་ཁྲའོ་ཧྥེང་གིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ལ་རང་འགུལ་ངང་སྦྲེལ་མཐུད་དང་མདུན་ཕྱོགས་སུ་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱ་རྒྱུར་ལྕག་སྐུལ་བྱས་ཏེ་རང་ངོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་བརྩེ་སེམས་ཟབ་མོས་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁེ་ལས་འཕེལ་རྒྱས་ལ་ཕྱོགས་ཡོངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་བདེ་ཆེན་དུ་ཁེ་ལས་ཀྱི་མ་འཇོག་བློ་བདེ་དང་། འཕེལ་རྒྱས་བློ་བདེ། གཉེར་སྐྱོང་བློ་བདེ་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད། གཙོ་གནད་ཁེ་ལས་ཁག་གིས་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་ལག་གདང་སྦྲེལ་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་ཡོད།
ཁེ་ལས་ཀྱི་འགན་འཁུར་བས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁེ་ལས་ཀྱིས་མུ་མཐུད་ངང་ལས་སྒོ་གཙོ་བོ་ཟབ་སྤེལ་དང་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཏན་ཏིག་ཁུར་ཏེ་ཐོན་སྐྱེད་གཉེར་སྐྱོང་དང་། ལག་རྩལ་གསར་གཏོད། ལས་ཞུགས་ལ་སྐུལ་ཁྲིད། གྲོང་གསེབ་དར་རྒྱས་ལ་རམ་འདེགས་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་དེ་བས་ལེགས་པའི་གྲུབ་འབྲས་ཐོག་ནས་ས་གནས་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་ཏེ་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
ཧོང་ལུང་ཤིན་དང་། ཞུས་ཀོང་ཏེ དབན་ཏན་ཆིང་བཅས་འཚམས་འདྲིར་ཞུགས།
ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་ཆར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྫོང་(གྲོང་ཁྱེར)གསུམ་གྱི་གཙོ་གནད་ཁེ་ལས་ཁག་ཏུ་བསྐྱོད་དེ་དུས་ཆེན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་འཐབ་ས་དང་པོར་བསྐྱལ་བ་རེད།
责任编辑:仁欠才让
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ལུའོ་ཁྲའོ་ཧྥེང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།
བདེ་ཆེན་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་པ་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།
བདེ་ཆེན་ ཁུལ་གྱི ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པ།
བདེ་ཆེན་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཅི་ལན་གྱིས་མཐའ་མཚམས་ཀྱི་གླེང་སྟེགས་སུ་གཞི་ཚུགས་ནས་སློབ་མ་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཅེས་བཤད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།
ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།
【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108