中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

ཁྱབ་བསྒྲགས་དུས་ཚོད་:2026-03-09 17:43:59 འབྱུང་ཁུངས་:云南日报

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད

   བདེ་ཆེན་ནི“གཙང་གསུམ་མཉམ་རྒྱུག་”གིའཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དང་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞིག་ཡིན་པ་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྣོད་བཅུད་དམར་ཐིག་གི་རྒྱ་ཁྱོན་ནི་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་63.26%དང་ནགས་ཚལ་ཁེབས་ཚད་63.98%ཟིན་པ་དང་ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་7གྱིས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་43.32%བཟུང་ཡོད།དེ་ནི་འབྲི་ཆུ་དང་རྫ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་ཡིན་པ་དང་།མི་རིགས་ཁག་གི་མང་ཚོགས་ཀྱིས་མིག་སྲུང་སྐྱོང་བྱེད་པ་ལྟར་བདེ་ཆེན་ས་མཐོའི་རྩི་ཤིང་དང་རི་ཆུ་སྟོང་ཕྲག་སྲུང་སྐྱོང་བྱེད་ཀྱི་ཡོད།

   རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཝེ་ཏུང་གིས་ལོ་བཅུའི་རིང་བདེ་ཆེན་ཁུལ་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་180ཙམ་བཏང་ནས་གཙོ་བོ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་།སྤྱི་ཕན་ནགས་ཚལ་ཁ་གསབ།སྣོད་བཅུད་སྲུང་སྐྱོང་ཉམས་གསོ།ས་གཤིས་གནོད་འཚེ་བཅོས་སྒྲིག་སོགས་ཐད་སྤྱད་པ་མ་ཟད།རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པས་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་ཞིག་ཆགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

   བདེ་ཆེན་ཁུལ་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་།རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ།སྐྱས་སྤོས་རྩྭ་གསོ་སོགས་གཙོ་གནད་སྣོད་བཅུད་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་།ལོ་བཅུའི་རིང་རིམ་རྩིས་བྱས་ན་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་154.433བསྐྲུན་པ།འབབ་རྒྱུད་ནང་གཏོར་སྐྱོན་ཕོག་པའི་ནགས་ཚལ་སྔོ་ཁེབས་ནུས་ལྡན་ངང་སླར་གསོ་བྱས་པ།འབྲི་ཆུའི་ཆུ་ལག་གཙོ་བོའི་མཚོ་འགྲམ་གྱི་སྣོད་བཅུད་སླར་གསོ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ།ཆུ་ལམ་གཙང་སེལ་དང་།ཆུ་འགྲམ་སྔོ་ལྗང་ཅན།འདམ་ར་སྲུང་སྐྱོང་དང་སླར་གསོ་སོགས་ཀྱི་ལས་དོན་སྤེལ་བ།སྣོད་བཅུད་ལྷོད་གཏོང་ཁུལ་དང་ཆུ་ཁུངས་གསོ་སྐྱོང་ཁུལ་ཁག་གཅིག་བསྐྲུན་པ། ཆུ་དཔོན་ལམ་ལུགས་དང་མཚེའུ་ཀྲང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ།རིམ་ཁག་ཆུ་དཔོན་ལམ་ལུགས་རྒྱུན་གཏན་ཅན་དུ་གྱུར་པ།གང་བྱུང་དུ་བཟུང་སྤྱོད་དང་།གང་བྱུང་དུ་འཐུ་བ།གང་བྱུང་དུ་སྤུང་བ།གང་བྱུང་དུ་སྐྲུན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ།སྣོད་བཅུད་ཆུ་ལམ་གྱི་ནུས་པ་རིམ་བཞིན་སླར་གསོ་བྱུང་ཡོད་པ་རེད།དུས་མཚུངས་སུ།བདེ་ཆེན་ཁུལ་གྱིས་ཁོར་ཡུག་ཉེན་ཁའི་སྔོན་ཚུད་ཉེན་བརྡའི་མ་ལག་དང་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་།འབབ་རྒྱུད་བཟོ་གཏེར་ཁེ་ལས་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ།ལོ་བཅུའི་རིང་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་475ཞིབ་བཤེར་ཐག་གཅོད་བྱས་པ།འབབ་རྒྱུད་ཁོར་ཡུག་གི་བདེ་འཇགས་འགན་ལེན་བྱས་པ།ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་པ།ས་དཔྱད་ལུད་སྦྱོར་དང་ནད་འབུ་གནོད་མེད་སྔོན་འགོག་ཚོད་འཛིན་ལག་རྩལ་ཁྱབ་གདལ་བཏང་བ།རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་དུ་བཏང་བ།ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཀག་འགོག་རགས་ཙམ་བྱས་ཡོད།

   “ལོ་བཅུ་ཡི་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་པ་བརྒྱུད་འབྲི་ཆུའི་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ནས་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་དེ་རིགས་གཉིས་པ་དང་དེའི་ཡན་གྱི་ཚད་གཞིར་བརྟན་པོ་སླེབས་པ་དང་ཆུའི་ཁོར་ཡུག་སྤུས་ཚད་མུ་མཐུད་ཡག་པོ་ཡོང་བ་བྱས་ཡོད”ཅེས་ཀྲང་ཝེ་ཏུང་གིས་ངོ་སྤྲོད་བྱས་པ་དང་།ཁོང་གིས་ས་ཆུ་ཤོར་ཚུལ་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཁུལ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2030ཟིན་པ་དང་ས་རྒྱུར་བསླད་སྐྱོན་ཕོག་ཚད་བརྟན་པོའི་ངང་དམའ་རུ་ཕྱིན་ཡོད།ནགས་ཚལ་ཁྱབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་63.98%ཟིན་པ་དང་།རྒྱུག་ཁུལ་གྱི་སྣོད་བཅུད་མ་ལག་གི་ཆུ་ཁུངས་གསོ་འཁྱོངས་ནུས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྲོག་ཆགས་ཡུན་ནན་གྱི་སྤྲེའུ་སྤུ་སེར་དང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ངོ་བོའི་འཕེལ་རྒྱས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

   “སྣོད་བཅུད་ཁོར་ཡུག་གི་ཁྲིམས་གཞུང་འཆར་ཟིན་ནང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མར་སྒྲིག་བཟོ་བྱས་ཡོད།གོམ་སྟབས་རྗེས་མར།ང་ཚོས་འབྲི་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས‘སྣོད་བཅུད+རིག་གནས་ཡུལ་སྐོར’གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།རྩེར་སོན་ཡུལ་སྐོར་ལམ་ཐིག་དང་ཡུལ་སྐོར་ཐོན་རྫས་གཏོད་པ།ཡུལ་སྐོར་གྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན”བདེ་ཆེན་ཁུལ་གྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་དང་།དྭངས་གཙང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ།ནུས་རྒྱུ་གཙང་མ་སྤྱོད་པའི་བསྡུར་གྲངས་མཐོ་རུ་གཏོང་བ་བཅས་བྱ་རྒྱུ།ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་།སྐྱེ་དངོས་དང་སྨན་རྫས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཐོན་ལས་ལེགས་སུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།



 


责任编辑:仁欠才让

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

【ངའི་འགན་སྒྲུབ་གཏམ་རྒྱུད་】རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲང་ཝུའེ་ཏུང་གིས་བདེ་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ་བཤད།

བདེ་ཆེན་ཁུལ་གྱི་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་འཛིན་གྲྭ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས།

《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ནགས་ཕག་མཚོ་དང་ཁྲུང་ཁྲུང་སྐེ་ནག

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

[ངའི་འགན་སྒྲུབ་ཀྱི་གཏམ་རྒྱུད།] རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡུས་ཧྥེ་ཞ་ཡིས་དམངས་ཀྱི་འདོད་བློ་ཚོགས་འདུ་གཉིས་ལ་བསྐྱལ་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་གསེབ་ལ་བཀྲགས་མདངས་བསྣན་པ།

ལུའོ་ཁྲའོ་ཧྥེང་སུམ་རྩེན་གླིང་དུ་བརྟག་ཞིབ་གནང་བ།

ཁུལ་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com