中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དུས་ཆེན་གྱི་གྲོང་ཚོའི་མཚན་ཚོགས”ཀྱི་སེམས་ཀྱི་ཉི་ཟླའི་དཔེ་སྟོན་འགྲེམས་སྟོན་བྱེད་སྒོ་“དགའ་སྤྲོ་ཤམ་བྷ་ལ”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

རྩོམ་པ་པོ་:杨涛 此里只玛 ཁྱབ་བསྒྲགས་དུས་ཚོད་:2026-02-16 15:00:44

2026ལོའི་ཡུན་ནན་ཞིང་ཆེན་གྱི་“དུས་བཞིའི་གྲོང་ཚོའི་མཚན་ཚོགས”ཀྱི་འགོ་ཚུགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་“དཔྱིད་གསར་

    ཟླ་2ཚེས་13ཉིན 2026ལོའི་ཡུན་ནན་ཞིང་ཆེན་གྱི་“དུས་བཞིའི་གྲོང་ཚོའི་མཚན་ཚོགས”ཀྱི་འགོ་ཚུགས་མཛད་སྒོ་དང་རྒྱལ་ཡོངས་ཀྱི་“དཔྱིད་གསར་དུས་ཆེན་གྱི་གྲོང་ཚོའི་མཚན་ཚོགས”ཀྱི་སེམས་ཀྱི་ཉི་ཟླའི་དཔེ་སྟོན་འགྲེམས་སྟོན་བྱེད་སྒོ་“དགའ་སྤྲོའི་ཤམ་བྷ་ལ”ཞེས་པའི་རིམ་སྤེལ་བྱེད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ་རེད།ཐེངས་འདིའི་བྱེད་སྒོས་མང་ཚོགས་གཙོ་བོར་བྱེད་པ་དང་རིག་གནས་འབྲེལ་ཐག་ཏུ་བྱས་ཏེ་ལྟད་མོ་བར་མི་རིགས་མཐུན་སྒྲིལ་དང་དར་རྒྱས་ཆེ་བའི་དུས་ཀྱི་རྣམ་པ་མངོན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མིཐིང་ཀྲང་གཞོན་པ་ཝང་ཅང་ཧུང་གིས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་གོ་ཀྲུང་བྱེད་སྒོར་ཞུགས་པ་རེད།


    “དགའ་སྤྲོའི་ཤམ་བྷ་ལ”ཞེས་པའི་རིམ་སྤེལ་བྱེད་སྒོ་གཉེར་བ་ནི་མང་ཚོགས་ཀྱི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དང་དགའ་སྤྲོ་འཁོལ་བའི་གར་སྟེགས་ཤིག་ཡིན་པ་མ་ཟད རྒྱལ་ཡོངས་དང་འཛམ་གླིང་ལ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་། མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པ་བཅས་མངོན་པར་བྱེད་པའི་སྐར་ཁུང་ཡག་ཤོས་ཤིག་ཀྱང་རེད།

    ཐེངས་འདིའི་བྱེད་སྒོས་རིག་གནས་དང་ཡུལ་སྐོར་པུའི་“དུས་བཞིའི་གྲོང་ཚོའི་མཚན་ཚོགས”ཀྱི་མང་ཚོགས་ཀྱི་རིག་གནས་སྤུས་རྟགས་འཛུགས་སྐྱོང་གི་བླང་བྱར་བརྩི་སྲུང་ནན་པོ་ཞུ་བ་དང་། གར་སྟེགས་དེ་མང་ཚོགས་ལ་སྤྲོད་པ་དང་མང་ཚོགས་གཙོ་བོར་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་གདོད་མའི་སྣོད་བཅུད་ཀྱི་གྲོང་གསེབ་ཀྱི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་སྐྲུན་པ་དང་།དམངས་ལ་ཕན་པ།དམངས་ཕྱུག་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རིག་གནས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་བསྣན་ཡོད་པ་རེད།


    འགོ་ཚུགས་མཛད་སྒོ་འཚོགས་རྗེས།དཔྱིད་གསར་གྱི་སྨོན་ཚིག་འབུལ་བའི་མཛད་སྒོ་སྤེལ་ཞིང་།བྱེད་སྒོར་ཞུགས་པའི་འགོ་ཁྲིད་ཀྱིས་རྡོ་མཁར་རྫོང་ནས་ཡོང་བའི་འབྲུག་སེང་གེའི་རུ་ཁག་ལ་སྐད་གྲགས་ཆོད་པ་དང་།ལོ་གསར་པའི་ནང་རྒྱལ་སྲིད་དར་ཞིང་དམངས་ལ་བདེ་བ་དང་ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཞུས་པ་རེད།དེའི་རྗེས་སུ་འབྲུག་སེང་རུ་ཁག་སོ་སོས་ངོ་མཚར་ཆེ་བའི་འབྲུག་སེང་བྲོ་འཁྲབ་པ་དང་ག་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་འདུག

    དེ་རྗེས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོནདགའ་སྤྲོའི་ཤམ་བྷ་ལཞེས་པ་འགོ་ཚུགས་ཤིང་།འཁྲབ་སྟོན་དེ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་རིག་གནས་ལས་དོན་པ་དང་ཆེད་ལས་སྒྱུ་རྩལ་མཁས་ཅན་གྱིས་ས་གནས་དེ་གའི་མང་ཚོགས་ཚོགས་པ་དང་མཉམ་དུ་བྱས་ཏེ་སྤེལ་ལ་ཁྱོན་ལེའུ་ཆེན་པོ་གསུམ་ལ་དབྱེ་ཡོད་པ་རེད།“གངས་ལྗོངས་ཀྱི་དཔྱིད་གསར་དུས་ཆེན།བཀྲ་ཤིས་དུས་གཏན་དུ་གནས་པའི”ལེའུ་དེ་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོའི་ཐོག་ནས་འགོ་ཚུགས་པ་དང་། བཀྲ་ཤིས་སྨོན་འདུན་ཞུསོགས་ཀྱི་ལེ་ཚན་ནང་གངས་ལྗོངས་ཀྱི་དཔྱིད་གསར་གྱི་འཆམ་མཐུན་རྣམ་པ་མངོན་པར་བྱས་ཡོད།“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས མཛེས་སྡུག་ལྡན་པའི་འཚོ་བ”ཞེས་པའི་ལེ་ཚན་ནང་ས་མ་དང་། བདེ་ཆེན ཏ་ལི་སོགས་ས་ཆའི་ཁྱད་ལྡན་ལེ་ཚན་མཉམ་དུ་འཛོམས་ནས་མི་རིགས་མང་པོ་མཉམ་འདྲེས་ཀྱི་ཞི་མཐུན་གྱི་མཛེས་སྡུག་གང་ལེགས་མངོན་པར་བྱས་ཡོད།“སེམས་པ་པེ་ཅིང་ལ་ཕྱོགས རྫོགས་ལྡན་དུས་ཀྱི་བསྟོད་གླུ”ཞེས་པའི་ལེ་ཚན་གྱིས་འཁྲབ་སྟོན་གྱི་མཐོ་རླབས་འཕྱུར་བ་དང་རྒྱལ་བཅུད་དང་མི་རིགས་ཀྱི་གླུ་གར་ཕན་ཚུན་འདྲེས་ནས་མེས་རྒྱལ་དང་དུས་རབས་གསར་པར་བླ་ན་མེད་པའི་བསྟོད་གླུ་ཕུལ་ཡོད།



    “མངོན་མིན་རིག་གནས་ཤུལ་བཞག་གིས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ ཀྲུང་གོའི་བྲོ་བ་མྱོང”ཞེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དང་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཟླ་འོད་ཐང་ཆེན་དུ་དུས་གཅིག་ཏུ་སྤེལ་པ། ཉིན་དེའི་ཕྱི་དྲོར། རྒྱལ་ཐང་གྲོང་རྡལ་གྱི་གྲོང་ཚོ་(སྡེ་ཁུལ)10ཡི་གྲོང་མི་ལས་གྲུབ་པའི་གླུ་གར་འཁྲབ་སྟོན་རུ་ཁག་གིས་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་མི་རིགས་ཀྱི་དམངས་ཁྲོད་གླུ་གར་འཁྲབ་སྟོན་བྱས་པ་རེད།




责任编辑:仁欠才让

  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་བཞི་བའི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་77པ་བསྡུས་པ།

ལུའོ་ཁྲའོ་ཧྥེང་གིས་“བློ་སྦྱོང”ལས་གྲྭར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་བརྟན་སྲུང་དང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་ཐུན་མོང་གི་“མ་དངུལ་དང་རྒྱུ་ནོར།ཐོན་ཁུངས”ཀྱི་ཆེད་དོན་ལས་དོན་ལ་ཞིབ་འཇུག་བྱས།

ཁུལ་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་བཅོས་སྐྱོང་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཚད་གཞིའི་ཧེ་བག་ལ་གཞིགས་ནས་དཀའ་སེལ་འགག་སྒྲོལ་དང་སྔོན་དཔག་དམིགས་ཚད་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

འཇོལ་རྫོང་གི་རྒུན་འབྲུམ་ཆུང་ངུ་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་རོ་ཞིག་ཏུ་གྱུར།

རང་ཁུལ་གྱིས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com