དཔྱིད་གསར་དུས་ཆེན་རིང་བདེ་ཆེན་དུ་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ།
དཔྱིད་གསར་དུས་ཆེན་རིང་བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ་དང་།མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་མི་ཚོགས་ཀྱིས་ཁེངས་ཡོད།ལོ་གསར་གྱི་རྣམ་པ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཉམ་འདྲེས་བྱུང་ལ།གསར་བརྗེའི་རིག་གནས་དང་གངས་ལྗོངས་ཀྱི་མཛེས་ལྗོངས་མཉམ་འདྲེས་ཐུབ་ཡོད།



སུམ་རྩེན་གླིང་ལྗོངས་ཁུལ།
དཔྱིད་གསར་དུས་ཆེན་གྱི་སྐབས་སུ་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་བ་དང་མི་རིགས་རིག་གནས་ཀྱི་རྒྱུན་འཛིན་གནས་མཆོག་ཡིན་པའི་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་དེ་ཉིད་བརྗིད་ཆགས་ལྡན་པའི་གངས་ལྗོངས་ཀྱི་མཛེས་ལྗོངས་དང་ཐུན་མིན་གྱི་ས་མཐོའི་རྣམ་པས་ཡུལ་སྐོར་བ་མང་པོའི་ས་མཐོའི་དཔྱིད་གསར་དུས་ཆེན་མྱོང་རོལ་བྱེད་སའི་གནས་མཆོག་ཏུ་གྱུར་ཡོད།ངོ་སྤྲོད་བྱས་པར་གཞིགས་ན།2026ལོའི་ཟླ་2ཚེས་16ནས་19ཉིན་བར་མཛེས་ལྗོངས་ཁུལ་དེས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2.5ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།



པོ་ཏ་མཚོ་ལྗོངས་ཁུལ།
དཔྱིད་གསར་དུས་ཆེན་རིང་པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་དཔྱིད་གསར་དུས་ཆེན་རིང་ཆེད་མངགས་བཏོན་པའི་བར་སྣང་གི་ཡུལ་སྐོར་གཟིགས་སྐྱོང་རྣམ་གྲངས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།ཉིན་གཅིག་ལ་སྣེ་ལེན་ཞུ་ཚད་མཐོ་ཤོས་20ཡན་ཟིན་ནས་ཁྱོན་ཡོངས་ནས་གཉེར་སྐྱོང་བརྟན་ལ་གོ་རིམ་ལྡན་པ་དང་ཁྲོམ་རའི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།ངོ་སྤྲོད་བྱས་པར་གཞིགས་ན།རྒྱ་ཆེའི་ཡུལ་སྐོར་བར་དྲིན་ལན་འཇལ་ཆེད།དཔྱིད་གསར་དུས་ཆེན་རིང་མཛེས་ལྗོངས་ཁུལ་གྱིས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་སྟེ།བར་སྣང་གི་ཉམས་ལེན་ཡུལ་སྐོར་རྣམ་གྲངས་ཀྱི་ཐོག་མའི་རིན་གོང་སྒོར་1280ཡིན་པ་དང་།དཔྱིད་གསར་དུས་ཆེན་གྱི་དམིགས་བསལ་གཟིགས་སྐྱོང་ལ་སྒོར་388ལས་དགོས་ཀྱི་མེད།ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བར་ཕྱོགས་ནས་ཕན་བདེ་ཆེད་མངགས་ལོངས་སྤྱོད་བྱེད་ཀྱི་ཡོད་པ་སྟེ།སྒོར་88ཡིན་ན་སྤ་སེ་གཅིག་གིས་ཡུལ་སྐོར་བྱེད་ཆོག་པ་དང་།དེའི་ནང་མཛེས་ལྗོངས་ཁུལ་གྱི་སྤ་སེ་དང་།ལྟ་སྐོར་སྤ་སེ།གངས་འཁྱགས་རོལ་རྩེད་ཁང་བཅས་ཚུད་ཡོད།

རྡོ་མཁར་རྫོང་།
དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྡོ་མཁར་རྫོང་དུ་འགྲུལ་པ་མང་བའི་དུས་སུ་སླེབས་ཤིང་།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་དང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ རྒྱུན་རིང་བོའི་ལོ་རྒྱུས་བཅས་ལྡན་པས།རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་།རྡོ་མཁར་རྫོང་གི་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད།བསྡོམས་རྩིས་བྱས་པར་གཞིགས་ན།ཟླ་2ཚེས་16ཉིན་ནས་ཚེས་19ཉིན་བར་རྡོ་མཁར་རྫོང་གི་བྱང་སྒོ་དང་།རྒྱ་ལམ་སོགས་ལྟེ་བའི་ས་ཁོངས་ཆེན་པོ་གསུམ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་19.7ལ་སྣེ་ལེན་ཞུས། འདིའི་ཁྲོད་དུ་ཟླ་2ཚེས་19ཉིན་འགྲུལ་བཞུད་བྱེད་ཚད་མི་ཐེངས་ཁྲི་7.1ལས་བརྒལ་ནས་དུས་མཚུངས་ཀྱི་ལོ་རྒྱུས་མཐོ་ཤོས་བཏོད་ཡོད།


བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་།
བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་་ཁང་གིས་བཏོན་པའི་“གནའ་གྲོང་གི་དྲན་ཤེས། མི་ཡུལ་གྱི་རྡོ་མཁར་རྫོང”གི་གསར་རྩོམ་འགྲེམས་སྟོན་དེ་དཔྱིད་གསར་དུས་ཆེན་རིང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།འགྲེམས་སྟོན་དེ་རྡོ་མཁར་རྫོང་གི་ལོ་རྒྱུས་རིག་གནས་ཀྱི་འབྱུང་རྩ་དང་དུས་རྒྱུན་གྱི་སྐྱིད་སྡུག་ལྟེ་བར་བྱས་ནས་ཕུན་སུམ་ཚོགས་པའི་འགྲེམས་རྫས་དང་མཉམ་འགུལ་ཉམས་ལེན་བརྒྱུད་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་།
2026ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བའི་ལོ་ཞིག་ཡིན་པ་དང་།བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་གྱི་ཚ་རླབས་འཕྱུར་ནས་ས་གནས་ཁག་གི་ཡུལ་སྐོར་བས་གསར་བརྗེའི་ལོ་རྒྱུས་འཚོལ་ཞིབ་དང་རྒྱང་སྐྱོད་སྙིང་སྟོབས་མྱོང་རོལ་བྱེད་མང་ཤོས་ཀྱི་གནས་སུ་གྱུར་ཡོད།བསྡོམས་རྩིས་བྱས་པ་ལྟར་ན།བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་ཟླ་2ཚེས་16ཉིན་ནས་ཚེས་19ཉིན་བར་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་2.2ལྷག་ཙམལ་སྣེ་ལེན་ཞུས་ཡོད་པ་རེད།



ཤམ་བྷ་ལ་དུས་འཁོར་བློས་བསླངས།
དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤམ་བྷ་ལ་དུས་འཁོར་བློས་བསླངས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་སོང་ཡོད། རིག་གནས་ཡུལ་སྐོར་མྱོང་རོལ་དང་དམངས་ཕན་སྲིད་ཇུས་མཉམ་དུ་འབྲེལ་བས་ཡུལ་སྐོར་བས་ས་གནས་ཀྱི་མི་རིགས་རིག་གནས་མྱོང་རོལ་དང་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པའི་དམིགས་སའི་གྲས་ཤིག་ཏུ་གྱུར་ཡོད།
བསྡོམས་རྩིས་བྱས་པ་ལྟར་ན།ཟླ་2ཚེས་15ནས་19ཉིན་བར་མཛེས་ལྗོངས་ཁུལ་དེས་ཡུལ་སྐོར་བ་མི་ཐེངས་2500ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།མཛེས་ལྗོངས་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་ཚང་མས་ད་དུང་རིན་གོང་བརྒྱད་བཅག་གིས་ཚ་ཚ་བཟོ་བ་དང་།སྤོས་ཞིབ་བཟོ་བ།བརྐོས་རིས་བསྐྱར་དཔར།ཐང་གར་ཚོན་བྱུག་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཉམས་ལེན་བྱས་ཆོག གཞན་ཡང་ཟླ་གཉིས་པའི་སྐབས་སུ།རྒྱལ་ཡོངས་ཀྱི་དགེ་རྒན་དང་མི་དམངས་ཉེན་རྟོག་པས་གོ་ཆོད་ལག་ཁྱེར་བསྟན་ནས་རིན་པ་སྤྲོད་མི་དགོས་པར་མཛེས་ལྗོངས་ཁུག་དུ་སྐྱོད་ཆོག་པ་དང་སློབ་མ་ཚོར་ཡང་གོང་བཅག་ཆེད་དམིགས་ཕན་བདེ་ལོངས་སུ་སྤྱོད་ཆོག་པས་མི་དེ་བས་མང་བས་དམངས་བརྩེའི་རིན་གོང་ལ་བརྟེན་ནས་སྣ་མང་རིག་གནས་མྱོང་རོལ་བྱ་ཆོག་གི་ཡོད་པ་རེད།

责任编辑:仁欠才让
- བདེ་ཆེན་གསར་འགྱུར།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་
རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།
ཞོཊ་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བོད་ཁང་འགྲམ་གྱི་ཁམ་སྡོང་།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108