中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་རྩོམ་ཡིག དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་གྱིས་རྣམ་པ་གསར་པ་བཏོད། དཔའ་ངར་ཆེར་སྐྱེད་ཀྱིས་ལེ་ཚན་གསར་པ་བརྩམས།

རྩོམ་པ་པོ་:迪庆日报评论员 ཁྱབ་བསྒྲགས་དུས་ཚོད་:2026-02-25 16:36:25
དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཉམས་འགྱུར་གྱིས་རྣམ་པ་གསར་པ་བཏོད། དཔའ་ངར་ཆེར་སྐྱེད་ཀྱིས་ལེ་ཚན་གསར་པ་བརྩམས།

བདེ་ཆེན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ

ལས་འགོ་འཛུགས་རྒྱུ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་འགོ་ཚུགས་སྟངས་ཀྱིས་རྒྱལ་ཁ་ལེན་པར་ཐག་གཅོད་ཐུབ་རྒྱུ་རེད ལོ་ལྔ་ཚན་བཅུ་ལྔ་པའགོ་ཚུགས་པའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ་ལངས་ཏེ། ཁུལ་ཡོངས་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ མཚམས་འཇོག་མེད་འི་དཔའ་ངར་ཆེར་སྐྱེད་ཀྱིས་ལེ་ཚན་གསར་བ་བརྩམས་ནས། ལོ་ཧྲིལ་བོའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། རྒྱང་སྐྱོད་ལམ་བུ་གསར་པར་ཁ་ཕྱོགས་གཏན་འཁེལ་བྱེད་དགོས

འགོ་འཛུགས་པར་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ལྡན་དགོས་པ་དང་། བདེ་ཆེན་དུ་དངོས་ཚན་དཔལ་འབྱོར་བརྟན་དུ་གཏོང་དགོས། བདེ་ཆེན་གྱི་འཕེལ་རྒྱས་དོན་དངོས་ལ་གཞིགས་ནས་དངོས་ཚན་དཔལ་འབྱོར་ནི་སྤྱི་ཡོངས་བརྟན་པོ་དང་རྨང་གཞི་བརྟན་དུ་གཏོང་བའི་“གྲུ་རྡོ”ལྟ་བུ་ཞིག་རེད། ང་ཚོས་ངེས་པར་དུ་རིག་གནས་ཡུལ་སྐོར་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས ལྗང་མདོག་ནུས་རྒྱུ ལྗང་མདོག་གཏེར་ལས་བཅས་ཀ་རྟེན་ཐོན་ལས་ཆེ་གྲས་བཞི་ཕྱོགས་སྒྱུར་རིམ་སྤོར་ལ་དམིགས་ཏེ་ལྟེ་བའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་དང་། དེང་རབས་ཟོག་འགྲེམས་ལས་རིགས མཁའ་དབྱིངས་དམའ་བའི་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་གསར་དར་གྱི་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བྱེད་དགོས དེ་དང་ཆབས་ཅིག་རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་། ཚོང་འགུགས་གནད་སྨིན་བྱེད་པ ནང་མཁོ་སྔོག་འདོན་གཏིང་ཟབ་བྱེད་པ ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་བྱེད་དགོས་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ སྦྲེལ་ཐག་རྣམ་པའི་ཚོང་འགུགས་ལ་བརྟེན་ནས་ཞན་ཆ་གསབ་པ འཛད་སྤྱོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས

འགོ་འཛུགས་པར་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ལྡན་དགོས་པ་དང་། བདེ་ཆེན་དུ་དམངས་འཚོའི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ང་ཚོས་ངེས་པར་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩིས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ལ་དམིགས་ཏེ་ཚད་ཡོད་ཐོན་ཁུངས་དེ་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ཐད་སྤྱོད་དགོས། ལས་གནས་བརྟན་གཏོང་དང་། ཤོང་ཚད་ཆེར་གཏོང་། སྤུས་ཚད་མཐོར་གཏོང་བཅས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ལས་ཞུགས་གཞན་སྒྱུར་གྱི་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི ཞིང་པ་ལས་མི་བཅས་ལས་ཞུགས་བརྟན་པོ་ཡོང་བ་འགན་ལེན་བྱེད་དགོས། སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་སློབ་ཞུགས་གོང་གི་ཀུན་ཕན་དང་། འོས་འགན་སློབ་གསོ་དོ་སྙོམས ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་བཅས་ཀྱི་ཚོད་ལྟ་མགྱོགས་སུ་བཏང་སྟེ་ལས་རིགས་སློབ་གསོ་དང་དམིགས་བསལ་སློབ་གསོ་སྟོབས་ཆེར་གཏོང་དགོས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། ཁུལ་མི་དམངས་སྨན་ཁང་གི་“ཀ་པ་རིམ་པ་གསུམ་པ་སྟོབས་ཆེར་གཏོང་བར”སྐུལ་འདེད་གཏོང་བ གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཚད་ལོན་ཚད་མཐོ་རུ་གཏོང་དགོས། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། “རྒན་གྲས་གཅིག་དང་ཆུང་གྲས་གཅིག”གི་གཅེས་སྐྱོང་ཞབས་ཞུར་ཤུགས་སྣོན་རྒྱག་པ སྨན་བཅོས་འགན་བཅོལ་དང་། རྒན་གསོ རོགས་སྐྱོབ་བཅས་ཀྱི་བདེ་འཇགས་དྲ་བ་དམ་དུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་པ་བྱེད་དགོས།

འགོ་འཛུགས་སྐབས་དཔའ་ངར་ཆེར་སྐྱེད་དགོས་པ་དང་། བདེ་ཆེན་དུ་གྲོང་གསེབ་དར་རྒྱས་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ང་ཚོས་ངེས་པར་དུ་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་བ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ རིམ་ལྔའི་ཧྲུའུ་ཅིས་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་ཡག་པོ་སྤྱོད་པ་བཅས་བྱེད་དགོས། ཞིང་པའི་འབབ་འཕར་དེ་ལས་འགན་ཨང་དང་པོར་བརྩིས་ནས་རེས་སྐོར་གསར་པའི་འབབ་འཕར་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཞིང་འབྲེལ་ཞིང་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ ལས་ཞུགས་དང་། ཐོན་ལས གཉེར་སྐྱོང་འབབ་འཕར་བཅས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ ཡོང་འབབ་དམའ་བའི་ཚོགས་སྤྱིར་གཙོ་གནད་ཐོག་རོགས་སྐྱོར་བཅས་བྱེད་དགོས། རྨོ་ཞིང་གི་དམར་ཐིག་ནན་སྲུང་དང་། འབྲུ་རིགས་བདེ་འཇགས་འགན་ལེན“ཁྲི་སྟོང་ལས་གྲྭའི”ཉམས་མྱོང་ཁྱབ་གདལ དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་། “སྦགས་བཙོག་གཉིས”བཅོས་སྐྱོང་། ཞི་བདེ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། སྣོད་བཅུད་ལེགས་ཆར་བརྟེན་ནས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ནགས་བཟོའི་སྨན་རྫས་དང་། ནགས་བྱ ནགས་སུ་ཡུལ་སྐོར་སོགས་ཀྱི་སྤུས་རྟགས་གཏོད་པ སྣོད་བཅུད་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་མཛེས་ཉམས་དང་ནང་དོན་སྔར་བས་ཟབ་ཏུ་གཏོང་ནས་ཞིང་འབྲོག་པར་དར་རྒྱས་ཁྲོད་རྒྱུན་མཐུད་འབབ་འཕར་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

འགོ་འཛུགས་སྐབས་དཔའ་ངར་ཆེ་སྐྱེད་ཀྱི་རྣམ་པ་དགོས་པ་དང་། བདེ་ཆེན་དུ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། མིག་སྔར། བདེ་ཆེན་འདི་ཉིད་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སུ་གནས་པ་དང་། རི་འཛེག་འགག་གནད་སྒྲོལ་བའི་དུས་སུ་སླེབས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཨང་དང་པོ་ཡིན་པ་དང་། ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་བ་དང་འགྲན་སློང་ཇི་ཙམ་ཛ་དྲག་ན་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་བ་དང་ངར་ཤུགས་འཕེལ་བར་བྱེད་དགོས་པ་ངོས་འཛིན་གཏིང་ཟབ་བྱེད་དགོས། བདེ་ཆེན་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པ་དང་། གོ་སྐབས་རྩེག་རྩེག་སྣོན་ཡིན་པ། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁེ་འབབ་རྒྱུན་མཐུད་ངང་གློད་པ། ཀ་རྟེན་ཐོན་ལས་ཆེན་པོ་བཞི་ཕྱོགས་སྒྱུར་རིམ་སྤོར་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ནི་ང་ཚོས་ཡིད་ཆེས་ཆེ་རུ་གཏོང་བའི་གཏིང་ཤུགས་ཆེན་པོ་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཐབ་ཇུས་ཀྱི་ངེས་ཤུགས་ལ་བརྟེན་ཏེ་ཉེན་ཁའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། དངོས་གཉེར་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། ཡིད་ཆེས་དེ་འཕེལ་རྒྱས་དམ་འཛིན་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭ་འགོ་ཚུགས་པའི་རྣམ་པའི་ཐོག་བསྟན་དོན། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ་དང་། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་མི་དམངས་ལ་སྲིད་སྐྱོང་གི་བྱས་རྗེས་འཇོག་པ་དང་། དངོས་དོན་བསྒྲུབས་ནས་སྲིད་སྐྱོང་གི་བྱས་རྗེས་འཇོག་དགོས། འདིས་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་གི་ལྟ་བ་ཡང་དག་འཛུགས་པ་དང་། དངོས་དོན་སྒྲུབ་པ་དང་འགན་འཁྲི་ལག་བསྟར་བྱེད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་རྒྱུན་མཐུད་ངང་ཟབ་སྤེལ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། བྱ་བ་གང་ཞིག་བསྒྲུབས་ཀྱང་དོན་ཐོག་ཏུ་འཁྱོལ་མི་ཐུབ་པའི་ལག་བསྟར་བྱེད་ཤུགས་དང་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་མི་ཐུབ་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས། འགག་སྒྲོལ་དཀའ་སེལ་གྱི་སྣེ་ཁྲིད་དམག་བརྩོན་ལེན་དང་།ཨར་ལས་རུ་ཁག་གི་འགོ་འཛིན་དམ་འཛིན། འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ། གྲུབ་འབྲས་ཐོབ་ཀྱང་ང་ལ་ཐོབ་མི་དགོས་པའི་བསམ་བློ་གཏོང་ཕྱོགས་དང་གྲུབ་འབྲས་ཐོབ་ཀྱང་ང་ལ་ཐོབ་ངེས་ཡིན་པའི་འགན་འཁུར་སེམས་བཅངས་ཏེ། འཆར་གཞི་གཅིག་མཐའ་འཁྱོལ་བ་དང་། སྔ་ཕྱི་བར་གསུམ་དུ་དོན་འཁྱོལ་དམ་འཛིན་བྱས་ཏེ། སློབ་སྦྱོང་གི་རྗེས་སྙེག་དང་སྔོན་ཐོན་གྱི་གོ་གནས་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་བསྐྲུན་དགོས།

རྒྱང་སྐྱོད་ལམ་བུར་ལེ་དབར་ཁྲི་ཡི་སྤྱོད་བཟང་ལྡན། ལས་འགན་ལྕི་པོ་དེ་སླར་ཡང་རྡོག་ཐོན་བྱས། ཁུལ་ཡོངས་ཀྱི་གོང་འོག་ཚང་མསལོ་ལྔ་ཚན་བཅོ་ལྔ་པའིའགོ་ཚུགས་དམིགས་ཚད་ལ་དམ་པོར་དམིགས་ནས། 2026ལོའི་ལས་འགན་ཁག་དམ་འཛིན་ཏན་ཏིག་དང་། འགན་འཁྲི་འཁུར་ཤུགས་ཆེར་གཏོང་དང་། ཕན་ནུས་ཆེར་གཏོང་། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དོན་ཐོག་ཏུ་འཁྱོལ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྣམ་པ་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

责任编辑:卓玛央初

  • བདེ་ཆེན་གསར་འགྱུར།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག

ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།

མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།

ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།

ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com