འབའ་ལུང་གི་ཀྲུང་ལུགས་སྨན་རྩྭས་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་གཏོད།
ཟླ་བ་གཉིས་པའི་མཐོ་སྒང་དུ་གྲང་ངར་ཡལ་མེད། འབའ་ལུང་རྫོང་ཡུང་ཁྲོན་ཤང་དུ་གནས་པའི་འབའ་ལུང་ས་གནས་ཀྱི་ཀྲུང་ལུགས་སྨན་རྩྭ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ནང་དུ་ཐོན་སྐྱེད་ལས་རིམ་མགྱོགས་མྱུར་འཁོར་སྐྱོད་བྱེད་བཞིན་ཡོད། མཐོ་སྒང་གི་ཁྱད་ལྡན་དང་ཚན་རྩལ་ལ་བརྟེན་ནས་ནུས་པ་སྦྱིན་པའི་སྒུལ་ཤུགས་གཉིས་ཀྱིས་མུ་མཐུད་དུ་ནུས་ཤུགས་བཏོན་ཏེ། ས་གནས་དེ་གའི་སྤུས་ལེགས་ཀྲུང་ལུགས་སྨན་རྩྭའི་ཐོན་ཁུངས་ཞིང་པའི་འབབ་འཕར་དང་བདེ་ཐང་གི་དགོས་མཁོ་ལ་རོགས་འདེགས་བྱེད་པའི་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་སུ་འགྱུར།
འབའ་ལུང་ས་གནས་ཀྱི་ཀྲུང་ལུགས་སྨན་རྩྭ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་དེང་རབས་ཅན་གྱི་འཁོར་ཁང་དུ་འཛུལ་སྐབས། འཕྲུལ་འཁོར་གྱི་སྒྲ་གྲགས་པ་དང་རིག་ནུས་ཅན་གྱི་ཐོན་སྐྱེད་བྱེད་རིམ་མང་པོར་མགྱོགས་མྱུར་ངང་འཁོར་སྐྱོད་བྱེད་བཞིན་ཡོད། གདམ་གསེས་ནན་མོ་དང་རིམ་པ་དབྱེ་བའི་སྤུས་ལེགས་ཀྱི་ལྕ་བ་རྒྱུ་ཆ་དེ་དག་འདི་རུ་ཆང་བཅུད་དང་མཉམ་དུ་བསྲེས་ནས་དྲོད་ཚད་མཐོ་པོའི་འདོན་ལེན་བཟོ་རྩལ་བརྒྱུད། ལྕ་བའི་སྣུམ་དང་ལྕ་བ་ཆང་བཅུད་ཀྱི་སྣུམ་སོགས་རིན་ཐང་མཐོ་བའི་ཐོན་རྫས་ཐོན་པ་རེད།
འབའ་ལུང་རྫོང་ལ་སྔར་ནས་ཡུན་ནན་གྱི་ཀྲུང་ལུགས་སྨན་རྩྭའི་ཕ་ས་ཞེས་པའི་མཚན་སྙན་ལྡན། ལྕ་བ་དང་རུ་ཏ་སོགས་ཀྱི་སྨན་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་དེ་སྔོན་ཐོན་ལས་དེ་རྒྱུ་ཆ་བཙོང་བའི་ཐོག་མའི་དུས་མཚམས་སུ་ལུས་ནས། ཟུར་སྣོན་རིན་ཐང་ཆུང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་ནུས་ལྡན་ངང་བསྒྱུར་ཐུབ་མེད།
ད་ལྟ། འདོན་ལེན་དང་མཁོ་འཇོག་སྙིགས་འདོན། སྨན་སྦྱོར། ཐུམ་སྒྲིལ་བཅས་གཞི་གཅིག་ཏུ་འདུས་པའི་ཚད་ལྡན་ཅན་གྱི་འཁོར་ཁང་དེ་ཐོན་ལས་སྦྲེལ་ཐག་ནས་རིན་ཐང་སྦྲེལ་ཐག་གི་མཐོ་སྣེར་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུར་གྱུར། ༢༠༢༥ལོར། ཀུང་སིར་ཐོན་རྫས་རིན་ཐང་སྒོར་ས་ཡ་ལྔ་འབུམ་བརྒྱད་ལྷག་བྱུང་། ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་དང་བསྡུ་རུབ་སོགས་ཀྱི་རིམ་པ་བརྒྱུད། ས་གནས་དེ་གའི་ལས་ཞུགས་ལས་གནས་ལྔ་བརྒྱ་ལྷག་ལ་སྣེ་ཁྲིད་བྱས་པ་དང་གླ་པའི་གླ་ཆ་སྒོར་འབུམ་ལྔ་ལྷག་སྤྲད།
ཐོན་རྫས་ཀྱི་མ་ལག་ཀྱང་དེ་བས་ཕུན་སུམ་ཚོགས་སུ་ཕྱིན། ཡུན་ནན་མི་རིགས་སློབ་ཆེན་དང་ཁྲུང་ཆིན་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་ཁང་སོགས་སྒྲིག་གཞིའི་ཐོན་སློབ་ཞིབ་གསུམ་མཉམ་ལས་ལ་བརྟེན་ནས། ཀུང་སིས་བདེ་ཐང་ཆེན་པོའི་འཛད་སྤྱོད་ཀྱི་འཕེལ་ཕྱོགས་ལ་དམིགས་ཏེ། ལས་སྣོན་ཞིབ་ཚགས་དང་ཞིབ་འཇུག་གསར་སྤེལ་གཏིང་ཟབ་བྱས། མིག་སྔར། ཀུང་སིར་འཛད་སྤྱོད་པའི་མིང་ཐོ་དང་སྤྱིར་བཏང་གི་བཟའ་བཅའ། ལུས་ཁམས་བདེ་སྲུང་བཟའ་བཅའ་སོགས་ཐོན་སྐྱེད་ཀྱི་འོས་བབ་མང་པོ་ཐོབ་པ་དང་ཚད་གཞི་གཏན་འབེབས་ཀྱི་ཐོན་སྐྱེད་ནན་པོ་བྱས་ཏེ། ཐོན་རྫས་ནུས་ལྡན་བཟའ་བཅའ་དང་སྒེར་གྱིས་བདག་སྐྱོང་། མི་རིགས་ཀྱི་སྨན་ཁྲུས་སོགས་ཁྱབ་ཁོངས་མང་པོ་རུ་ཁྱབ་ཡོད།
ཚན་རྩལ་ལ་བརྟེན་ནས་ཐོན་ལས་སྦྲེལ་ཐག་རིང་དུ་བཏང་བ་བརྒྱུད། འབའ་ལུང་གི་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་དེ་རྒྱུ་ཆ་བཙོང་བ་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་བར་འཕེལ་རྒྱས་འགྲོ་བཞིན་པས། མཐོ་སྒང་གི་སྨན་དྲིས་མང་ཚོགས་འབབ་འཕར་ལ་སྣེ་ཁྲིད་བྱེད་པ་དང་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཏུ་གྱུར།
责任编辑:卓玛央初
- བདེ་ཆེན་གསར་འགྱུར།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108