ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།


ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་དང་ཟུར་ཞུགས་མི་སྣས་ཁུལ་ཨུའི་སྙན་ཞུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་ཞུར་ཉན་ནས་གྲོས་བསྡུར་བྱས།
ཚོགས་འདུའི་ཐོག་སྐབས་བཅུ་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན་གདམ་བྱའི་འོས་མི་དང་གྲ་སྒྲིག་འོས་མིའི་མིང་ཐོ་སྐོར་གསལ་བཤད་བྱས་ནས། བདེ་ཆེན་ཁུལ་གྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནང་ཞུགས་པའི་འཐུས་མིའི་འོས་མི་དང་གྲ་སྒྲིག་འོས་མིའི་མིང་ཐོའི་སྐོར་གསལ་བཤད་གནང་།
ཚོགས་འདུའི་ཐོག་སྐབས་བཅུ་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན་བཅས་ཀྱི་གདམ་བྱའི་འོས་མིའི་གྲོས་འགོ་མིང་ཐོར་གྲོས་ཞིབ་བྱས་ནས། འཐུས་མི་ཚོགས་པ་ཁག་གི་འབུལ་བར་མོས་མཐུན་བྱས། བདེ་ཆེན་ཁུལ་གྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནང་ཞུགས་པའི་འཐུས་མི་འོས་མིའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་བྱས་ཏེ། འཐུས་མི་ཚོགས་པ་ཁག་ལ་ནང་མོལ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས།
ཚོགས་འདུའི་ཐོག་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས(མ་ཟིན་)ལ་གྲོས་ཞིབ་བྱས་ནས་འཐུས་མི་ཚོགས་པ་ཁག་ལ་ནང་མོལ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས།
ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་གིས་འདེམས་ཤོག་ལྟ་ཞིབ་པ་འོས་སྦྱོར་བྱེད་པའི་དོན་ཚན་བཀོད་སྒྲིག་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནད་དོན། བསམ་བློའི་ངོས་འཛིན་སྔར་ལས་གཅིག་གྱུར་དང་ཁུལ་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་གནས་པ། སྐབས་བརྗེ་འདེམས་བསྐོའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྲ་ཞིང་བརྟན་པའི་ཏང་གཤིས་དང་གཟབ་ནན་ནན་ཏན་གྱི་རྣམ་འགྱུར། ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་བཅས་ལ་བརྟེན་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐབས་བརྗེ་འདེམས་བསྐོའི་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་འདེམས་བསྐོའི་ལས་ཀའི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུས་ནས། སྐབས་བརྗེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ། ཞབས་ཞུ་འགན་ལེན་ལས་དོན་ཏན་ཏིག་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། སྤྱོད་གཙང་སྤྱོད་བཟང་གི་འདེམས་བསྐོའི་རྣམ་པ་ཤུགས་ཆེན་བསྐྲུན་པ། བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་པའི་མཉམ་ཤུགས་སྟོབས་ཆེན་གཅིག་ཏུ་སྒྲིལ་ནས་ཚོགས་ཆེན་གྱི་འདེམས་བསྐོའི་ལས་འགན་ཕུན་སུམ་ཚོགས་ངང་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།
བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས།
དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ།
བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོགས་འདུ་འཚོགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།
སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།
ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108