中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།

རྩོམ་པ་པོ་:马建军 ཁྱབ་བསྒྲགས་དུས་ཚོད་:2026-09-21 10:26:02 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
 
 
 

དུས་བདེ་ནི་དམངས་འཚོ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་ཆེས་གཞི་རྩའི་འཕེལ་རྒྱས་ཁོར་ཡུག་ཅིག་ཀྱང་ཡིན་ཞིང་། གངས་ལྗོངས་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་གི་ཆེས་བབ་ཆགས་ཀྱི་རེ་སྒུག་ཅིག་ཀྱང་ཡིན། བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་། ཁུལ་ཡོངས་གོང་འོག་གིས་“རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་”ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཐོག་མཐའ་བར་གསུམ་དུ་ནན་པོ་འཁུར་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ཏེ་དུས་བདེའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁུལ་ཡོངས་ཀྱིས་ཆབ་སྲིད་བརྟན་པོ་དང་སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད།

 
 
 
图片

 
图片
ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་བརྟེན་ནས་ཁ་ཕྱོགས་གཏན་འཁེལ་གྱི་སྣེ་ཁྲིད་བྱས་ཏེ་དུས་བདེའི་འཛུགས་སྐྲུན་གྱི་འགན་འཁྲིའི་གདུབ་ཟུམ་སྐྲུན།
 
 

ཏང་གི་འགོ་ཁྲིད་བལྟོས་མེད་ནི་དུས་བདེ་འཛུགས་སྐྲུན་གྱི་རྩ་བའི་འགན་ལེན་ཡིན། ལོ་ལྔའི་རིང་། ཁུལ་ཡོངས་གོང་འོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་བདེ་འཛུགས་སྐྲུན་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་གལ་ཆེའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དུས་བདེའི་བདེ་ཆེན་འཛུགས་སྐྲུན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་ཏེ་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཅུག་སྟེ་འགོ་ཁྲིད་གཙོ་བོས་འགན་འཁུར་མཁན་དང་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་དང་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དུས་བདེའི་བདེ་ཆེན་འཛུགས་སྐྲུན་གྱི་“གཟའ་འཁོར་གཅིག་ནང་ལེགས་སྒྲིག་དང་ཉིན་བཅུ་ནང་ཞིབ་འཇུག ཟླ་རེར་བཀོད་སྒྲིག  དུས་ཚིགས་རེར་དབྱེ་ཞིབ་”བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དུས་བདེ་འཛུགས་སྐྲུན་གྱི་ལས་དོན་གཙོ་གནད་ལ་དུས་བཀག་ལྟར་ཞིབ་འཇུག་དང་སྐུལ་འདེད་གཏོང་བ། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ)་ཡི་འགན་འཁྲི་ཁྱོན་ཡོངས་ནས་དམ་འཛིན་ནན་པོ་བྱས་ཏེ་ཏང་གི་འགོ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་དུས་བདེའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དུ་ཁྱབ་པར་འགན་ལེན་བྱས། རིམ་པ་ཁག་གི་སྡེ་ཚན་སོ་སོའི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་དོན་མཉམ་འགུལ་དང་གནད་དོན་མཉམ་སྒྲིག  བདེ་པོ་མཉམ་གཏོད་བཅས་ཀྱི་ལས་ཀའི་རྣམ་པ་ཧུར་ཐག་ངང་བསྐྲུན་ཏེ་ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་བདེ་ཆེན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཡོད།

 
 
 
图片
 
 
图片
མཐའ་ཚད་ཀྱི་བསམ་གཞིགས་ལ་བརྟེན་ནས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ་གངས་ལྗོངས་མཐོ་སྒང་གི་བརྟན་ལྷིང་ཁྱོན་ཡོངས་ནས་སྲུང་།
 
 

རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པ་དང་། སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་སྟོབས་འབྱོར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ལོ་ལྔའི་རིང་། ཁུལ་ཡོངས་གོང་འོག་གིས་ཐོག་མཐའ་བར་གསུམ་དུ་“རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་”ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དེ་དམ་པོར་འཁུར་ནས་“རྣམ་པ་ལྔའི་”ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། “དུས་རྒྱུན་དང་དམག་འཁྲུག་རྣམ་པའི་”བཀོད་འདོམས་མ་ལག་འཛུགས་པ་དང་། “དྲ་དབྱིབས་རྣམ་པའི་”སྟོབས་ཤུགས་བཀོད་སྒྲིག་ཚགས་དམ་དུ་གཏོང་བ། “གཉེན་ཉེའི་བརྩེ་དུང་རྣམ་པའི་”ཞབས་ཞུ་དོ་དམ་དམ་འཛིན་ཏན་ཏིག་བྱེད་པ། “ཁ་ཟུམ་རྣམ་པའི་”ཉེན་ཁ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། “སྐས་རིམ་རྣམ་པའི་”ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་བརྩེ་སེམས་དང་ཤུགས་རྒྱག་ནས་མང་ཚོགས་ཀྱི་བསམ་བློ་སློབ་གསོའི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་པ་དང་། གསང་འཕྲིན་སྔོན་ཚུད་ཉེན་བརྡ་གཏོང་བ་དང་ཉེན་ཁ་གྲལ་བཤེར། ཁྲིམས་ལྟར་ཐག་གཅོད། སློབ་གསོ་ཁྲིད་སྟོན་བཅས་ལ་ཤུགས་སྣོན་རྒྱག་པ། དགྲར་འཛིན་སྟོབས་ཤུགས་ཀྱིས་སིམ་འཛུལ་དང་གཏོར་བཤིག་གཏོང་བའི་ཁ་ཕྲལ་བྱ་སྤྱོད་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་དྲག་པོ་གཏོང་བ། “སྔོན་འགོག་”གི་རང་འགུལ་དམག་འཐབ་དང་“ཐག་གཅོད་”ཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས། མཚམས་ཚིགས་གལ་ཆེན། བྱེད་སྒོ་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ཀྱི་བདེ་འཇགས་བརྟན་ལྷིང་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་། ཉེན་ཁའི་འབྱུང་རྩ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་བ། ཡུན་ནན་དང་སི་ཁྲོན་གྱི་ཐོན་ཁུངས་བེད་སྤྱོད་བྱས་པའི་ལོ་བརྒྱའི་རྩོད་གཞི་དང་བོད་ལྗོངས་ཀྱི་“8·10”རིམས་ནད་ཐོན་པ་སོགས་མངོན་གསལ་དོད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁག་གཅིག་ཁྲིམས་ལྟར་སྔོན་འགོག་དང་སེལ་བ། “མཐའ་ཚད་གསུམ་”བརྟན་སྲུང་བྱས་ནས་ཁུལ་ཡོངས་ལོ་18བསྟུད་མར་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད།

 
 
 
图片
 
 
图片
དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”ལ་བརྟེན་ནས་རྨང་གཞི་བརྟན་དུ་བཏང་སྟེ་མཐའ་མཚམས་ལེགས་པའི་ངང་བཅོས་སྐྱོང་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས།
 
 

རྨང་གཞི་བརྟན་པོ་ཡིན་ན་ཁྱོན་ཡོངས་བདེ་འཇགས་ཡོང་ཐུབ། ལོ་ལྔའི་རིང་། བདེ་ཆེན་ཁུལ་གྱིས་དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”བདེ་ཆེན་གྱི་ལག་ལེན་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། “13344”གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་འཁོར་སྐྱོད་བྱས་པ། “དྲ་ཐོག་བཅོས་སྐྱོང་”གི་ཆ་འཕྲིན་སྟེགས་བུ་ཁྱབ་གདལ་དང་འཁོར་སྐྱོད་བྱས་པ། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་230ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་དངོས་འཐབ་ཅན་གྱི་འཁོར་སྐྱོད་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་། སྡེ་ཚན་6རྒྱུན་སྡོད་དང་སྡེ་ཚན་11རེས་སྐོར་བཅའ་སྡོད་བྱེད་པ། ལས་རིགས་གཞན་དག་གི་སྡེ་ཚན་ག་དུས་བོས་ཀྱང་དེ་འཕྲལ་འབྱོར་བའི་“6+11+N”ལམ་སྲོལ་བཙུགས་ནས་གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཉམ་འགུལ་གྱི་བཅོས་སྐྱོང་རྣམ་པ་སྐྲུན་ཡོད། འགལ་བ་དང་རྩོད་གཞིའི་“333”དང་“321”འདུམ་འགྲིག་ལམ་སྲོལ་འཛུགས་པ་དང་དོན་འཁྱོལ་བྱེད་པ་དང་། “4+2”ཆེད་དོན་བྱ་སྤྱོད་དང་“འགལ་བ་དང་ཉེན་ཁ་སེལ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་”ཆེད་དོན་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ནས་འགལ་བ་དང་ཉེན་ཁ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཞིབ་གཅོད། ཐག་གཅོད། རྗེས་འདེད་བཅས་ཀྱི་བརྒྱུད་རིམ་ཡོངས་ཀྱི་ཁ་ཟུམ་དོ་དམ་ལ་སྐུལ་འདེད་བཏང་ཡོད། 2021ལོ་ནས་བཟུང་། ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ནས་འགལ་བ་དང་རྩོད་གཞི་18952གྲལ་བཤེར་བདག་སྤྲོད་བྱས་པ་དང་གྱོད་གཞི་18771ཐག་གཅོད་བྱས་པས་ཐག་གཅོད་བྱེད་ཚད་99.04%ཟིན་ཡོད། འབྲེལ་ཡོད་ཚོགས་སྤྱིའི་ཞབས་ཞུ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རལ་གྲི་རྣོ་པོས་ལོ་ན་མ་སོན་པའི་མིར་སྲུང་སྐྱོབ་དང་། ལོ་ན་མ་སོན་པའི་མིར་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་ལོ་ན་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་“ལམ་སྲོལ་གསུམ་དང་གསལ་ཐོ་གཅིག་”བཟོས་ཏེ་ཁུལ་ཡོངས་ཀྱི་ཆེད་དོན་སློབ་གྲྭ་ཐོག་མ་སྐྲུན་ནས་ཁུལ་ཡོངས་ཀྱི་ལོ་ན་མ་སོན་པའི་ཉེས་གསོག་དོགས་ཡོད་མི་གྲངས་དང་ལོ་ན་མ་སོན་པའི་གནོད་འཚེ་ཕོག་མཁན་གྱི་གྲངས་འབོར་ལོ་གཉིས་བསྟུད་མར་ཉུང་དུ་ཕྱིན། ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་སྐུར་ངོ་གཏུག་གི་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་དང་ཡིག་སྐུར་ངོ་གཏུག་གི་གནད་དོན་གཅིག་སྡུད་ཐོག་སེལ་བའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཏེ་2026ལོར་ཁུལ་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་གི་དོན་དག་བདག་སྤྲོད་བྱེད་པའི་ཁག་ཐེངས་དང་མི་ཐེངས་དུས་མཚུངས་ལས་29.77%དང་31.29%སོ་སོར་ཆག་པར་སྐུལ་འདེད་བཏང་། དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དྲ་མིག་2330བགོས་ནས་བཀོད་སྒྲིག་དང་དབྱེ་འབྱེད་བྱས་པ་དང་ཆེད་ལས་(གཅིག་ལྕོགས་)ཀྱི་དྲ་མིག་ཅན་5969བཀོད་སྒྲིག་བྱས་པས་གཞི་རིམ་བཅོས་སྐྱོང་གི་“དབང་རྩའི་མཇུག་སྣེ་”ནུས་ལྡན་ངང་སྐུལ་སློང་བྱས་ཡོད།

 
 
 
图片
 
 
图片
ཕྱོགས་བསྡུས་ཐབས་ཇུས་ཀྱིས་ལག་བསྟར་བྱས་ནས་དམངས་འཚོ་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དུས་བདེའི་རྒྱུགས་ཤོག་སྤྲོད་དགོས།
 
 

དུས་བདེའི་འཛུགས་སྐྲུན་གྱི་སྤུས་ཚད་དེ་མཐར་མི་དམངས་མང་ཚོགས་ཀྱི་བདེ་འཇགས་བློ་ཡིད་ཚིམ་མིན་ལ་བལྟ་དགོས། ལོ་ལྔའི་རིང་། བདེ་ཆེན་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་སྤྱི་ཚོགས་བདེ་འཇགས་ཀྱི་ཕན་འབྲས་དེ་བདེ་འཇགས་ཀྱི་གྲུབ་འབྲས་ལ་བསྡུར་ཞིབ་བྱེད་པའི་གསེར་རྡོ་ཞིག་ཏུ་བརྩིས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ནག་སེལ་ཉེན་བཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། འཆལ་རྒྱན་དུག་གསུམ་དང་རྐུ་འཕྲོག་མགོ་སྐོར་གཏོང་བ། ཆང་གིས་བཟི་ནས་རླངས་འཁོར་གཏོང་བ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་སོགས་ཁྲིམས་འགལ་ཉེས་གསོག་མངོན་གསལ་དོད་པོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ཁུལ་ཡོངས་ཀྱི་ཉེས་དོན་གྱོད་གཞི་དང་བདེ་འཇགས་གྱོད་གཞི་ཐོན་ཚད་2022ལོ་ལས་46.59%དང་32.84%སོ་སོར་ཆག་པ་དང་ཉེ་བའི་ལོ་གསུམ་ནང་། ཉེས་དོན་གྱོད་གཞི་རྩད་ཆོད་ཚད་75%ཡན་རྒྱུན་འཁྱོངས་ཐུབ་པ། མི་གསོད་གྱོད་གཞི་ཐོན་ཚད་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་གྱོད་གཞི་ཐོན་ཚད། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དང་མི་ཤི་བའི་གྲངས་འབོར། རྒྱུ་ནོར་གྱོང་གུན་ཐོན་ཚད་བཅས་སྤྱི་ཡོངས་ནས་ཆག་ཡོད། 2022ལོར་ཁུལ་ཡོངས་སུ་“མི་གསོད་གྱོད་གཞི་མེད་པ་”མངོན་འགྱུར་བྱུང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་བློ་ཡིད་ཚིམ་ཚད་དེ་2021ལོའི་96.25%ནས་2026ལོའི་98.3%བར་འཕར་ཞིང་ཁུལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བསྟོད་བསྔགས་ཐོབ་ཡོད།

 
 
 
图片
 
 
图片
ཁྲིམས་སྐྱོང་གི་ནུས་པར་བརྟེན་ནས་ཡུན་རིང་བདེ་འགོད་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་དྲང་གཞག་དྲང་བདེན་འགན་ལེན་དང་སྐུལ་འདེད་གཏོང་།
 
 

ཁྲིམས་སྐྱོང་ནི་ཆེས་བློས་འགེལ་ཆོག་པ་དང་ཆེས་བརྟན་བརླིང་གི་བཅོས་སྐྱོང་ཞིག་ཡིན།  ལོ་ལྔའི་རིང་། བདེ་ཆེན་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་དེ་དུས་བདེའི་བདེ་ཆེན་འཛུགས་སྐྲུན་གྱི་འགན་ལེན་གལ་ཆེན་དུ་བརྩིས་ནས་ཁྲིམས་སྐྱོང་གི་རྩ་བ་བརྟན་དུ་གཏོང་བ་དང་སྔོན་དཔག་བརྟན་དུ་གཏོང་བ། ཡུན་རིང་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་རིམ་པ་ཁག་གི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་སྤྱི་ཚོགས་ཡུན་རིང་བདེ་འགོད་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ང་ཚོས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་ལ་དམིགས་ནས་མི་རིགས་མཐུན་སྒྲིལ་དང་བོད་བརྒྱུད་ནང་བསྟན་དགོན་སྡེའི་དོ་དམ། གྲོང་གསེབ་གཙང་མ། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་དང་འབྲེལ་བ་ཡོད་པའི་ཁེར་སྤྱོད་སྲོལ་ཡིག་རབ་དང་རིམ་པ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་7བཟོ་བཅོས་བརྒྱབ་ནས་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོང་བྱས། ང་ཚོས་ཁྲིམས་འཛིན་ནན་པོ་བྱ་རྒྱུར་དམིགས་ནས་སྲིད་འཛིན་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། “སྲིད་འཛིན་ཁྲིམས་འཛིན་སྤུས་ཚད་མཐོ་རུ་གཏོང་བའི་”ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་བློ་ཡིད་ཚིམ་ཚད་97.8%ཡན་རྒྱུན་འཁྱོངས་ཐུབ་པས་ཞིང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། ང་ཚོས་ཁྲིམས་འཛིན་དྲང་གཞག་ལ་དམིགས་ནས་ཏང་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཁྲིམས་འཛིན་ལྟ་སྐུལ་དང་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་མཉམ་འདྲེས་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། ཁྲིམས་ལྟར་ཚོར་སྣང་སྐྱེན་པའི་གྱོད་གཞི་གལ་ཆེན་རབ་དང་རིམ་པ་བརྟན་པོའི་ངང་ཐག་གཅོད་བྱས་པ། ཁྲིམས་བསྟར་ཁྲིམས་འཛིན་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་གཅོད་ཁས་ལེན་དང་ཞུ་གཏུག་མཚམས་འཇོག་བྱེད་ཚད་93.79%པ་དང་། འདྲི་གཅོད་དུས་བཀག་ནང་གྱོད་གཞི་ཐག་གཅོད་བྱེད་ཚད་92%ཟིན། ང་ཚོས་དམངས་ཡོངས་ཀྱིས་ཁྲིམས་སྲུང་བྱ་རྒྱུར་དམིགས་པ་དང་། “ལོ་ལྔ་ཚན་བརྒྱད་པའི་”ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཞན་ཆ་གསབ་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ། རྒྱལ་ཁབ་རིམ་པའི་“དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ་(སྡེ་ཁུལ་)”5འཛུགས་སྐྲུན་བྱ་རྒྱུར་མཛུབ་ཁྲིད་བྱས་པ། “ཁྲིམས་ལུགས་ཤེས་མཁན་”2695གསོ་སྐྱོང་བྱས་པ། ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་48ལ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་100%བཀོད་སྒྲིག་བྱས་ནས་ཁྲིམས་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོ་བཏིང་ཡོད།

 
 
 
图片
 
 
 
 

ལོ་ལྔའི་རིང་སྦྱོང་བརྡར་བྱས་ནས་བདེ་འཇགས་ནི་རྨང་གཞི་ཡིན་པ་དང་། བགྲོད་ལམ་རིང་ཞིང་དངོས་དོན་སྒྲུབ་པ་ནི་གཙོ་བོ་ཡིན། འདས་ཟིན་པའི་ལོ་ལྔའི་ནང་། དུས་བདེའི་བདེ་ཆེན་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་རེ་རེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགོ་ཁྲིད་ཡང་དག་བྱས་པ་ལས་བྱུང་བ་ཞིག་ཡིན་པས་ཁུལ་ཡོངས་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད། མ་འོངས་པ་ལ་རྒྱང་ལྟ་བྱེད་སྐབས། བདེ་ཆེན་ཁུལ་གྱིས་“ཁུལ་ཡོངས་ཡུན་རིང་བདེ་འགོད་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་”ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ནས་ཉེན་ཁ་ཚབས་ཆེན་སྣ་ཚོགས་སྔོན་འགོག་དང་སེལ་བར་ཤུགས་སྣོན་བརྒྱབ་སྟེ་རྨང་གཞི་སྔར་བས་བརྟན་པོ་དང་ཆུ་ཚད་སྔར་བས་མཐོ་བ། མི་དམངས་མང་ཚོགས་སྔར་བས་བློ་ཡིད་ཚིམ་པ་བཅས་ཀྱི་དུས་བདེའི་བདེ་ཆེན་ཧུར་ཐག་ངང་བསྐྲུན་ནས་དུས་རབས་གསར་པའི་བདེ་ཆེན་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་སྐྲུན་པར་སྲུང་སྐྱོང་བྱ་རྒྱུ།

 
 
 

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།

ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com