中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།

ཁྱབ་བསྒྲགས་དུས་ཚོད་:2026-09-20 16:26:40 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ལོ་ལྔ་ཞུན་བརྡར་མཁྲེགས་གཏོར་དང་ལོ་ལྔ་དཔྱིད་ཀར་མེ་ཏོག་བཞད་ཅིང་སྟོན་ཀར་འབྲས་བུ་ཐོགས་པ། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་།  ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག  སྐབས་དགུ་པའི་ཁུལ་ཨུས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་དེ་བློ་གཅིག་སེམས་གཅིག་གིས་དཀའ་སྤྱད་དོན་གཉེར་བྱས་ནས་ཐོག་མཐའ་བར་གསུམ་དུ་མངག་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས།  མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་མངོན་འགྱུར་བྱུང་བ་དང་ཚན་རིག་དང་མཐུན་པའི་སྒོས་“ལོ་ལྔ་ཚན་བཅོ་ལྔ་པའི”འབད་འཐབ་དམིགས་འབེན་གཏན་འབེབས་བྱས།  ཀྲུང་གོའི་ལུགས་ཀྱི་དེངས་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་དེ་གོམ་སྟབས་བརྟན་པོ་སྤོ་ཡོད།  

ལོ་ལྔའི་སྤྱིར་བཏང་མིན་པའི་འཐབ་ལམ་ལ་ཕྱིར་མིག་བལྟ་ན་གྲུབ་འབྲས་ཚང་མར་རྔུལ་ཆུ་བཞུར་བ་དང་འགྱུར་ལྡོག་ཚང་མས་མི་སེམས་གཡོ་འགུལ་ཐེབས་ཡོད།

图片 
བརྟན་ལྷིང་རྨང་གཞིར་འཛིན་ཏེ——མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བརྟེན་ནས་ཡུན་རིང་བདེ་འགོད་མཉམ་དུ་སྲུང་།  
དབྱར་འགོའི་སྐབས་སུ། ས་བབ་མཐོ་ཚད་སྨི་4800ཡོད་པའི་གཏེར་མ་རོང་ཤང་གི་འབུ་རིའི་སྟེང་ལ་གངས་རོ་ད་དུང་བཞུར་མེད། དབྱར་རྩྭ་དགུན་འབུ་བརྐོ་བའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་རི་ནང་འགྲོ་བ་དང་བསྟུན་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་གཞི་རིམ་གྱི་ལས་བྱེད་པ། སྨན་དོན་མི་སྣ། དྲག་ཆས་ཉེན་རྟོག་དཔོན་དམག་དང་དེ་བཞིན་དང་བླངས་ཞབས་ཞུའི་རུ་ཁག་བཅས་དུས་གཅིག་ཏུ་རི་ནང་འགྲོ་ནས་བཅའ་སྡོད་ལས་རེས་བྱས།  ཉིན་མོར། རི་ནང་བཅའ་སྡོད་བྱས་པའི་ལས་དོན་མི་སྣས་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པ་ལ་མ་བལྟོས་པར་རྐང་ཐང་མར་རི་བརྒལ་ནས་སྐོར་ཞིབ་བྱས་པ་དང་རི་ནང་འགྲོ་བའི་སྟབས་བདེའི་ལམ་བུ་མྱུར་བཟོ་བྱས་ནས་མང་ཚོགས་ཀྱི་ཆུ་སྤྱོད་དང་ཤར་སྐྱོད་འགན་སྲུང་བྱས། མུན་རུབ་རྗེས་ཚང་མ་འབྲོག་པའི་གུར་དང་ཕྱུགས་རའི་ནང་བསྐྱོད་དེ་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་དང་། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས། མང་ཚོགས་ཀྱི་སེམས་གཏམ་ཉན་པ་བཅས་བྱས་པས་མང་ཚོགས་ཀྱིས་བྱམས་བརྩེའི་ངང་གངས་ཐིག་ཐོག་གི“སྲུང་མཁན”ཞེས་འབོད་ཡོད། སི་ཁྲོན་དང་ཡུན་ནན་གྱི་འབྲེལ་མཚམས་ས་ཁུལ་ཀྱི་བདེ་འཇགས་འཛུགས་སྐྲུན་མཉམ་ལས་མཉམ་འབྲེལ་ལམ་སྲོལ་ལ་བརྟེན་ནས་གཏེར་མ་རོང་མངག་གཏོང་ཁང་གིས་སི་ཁྲོན་གྱི་ཁྱིམ་མཚེས་མངག་གཏོང་ཁང་6དང་མཉམ་འབྲེལ་ཐོག་དབྱར་རྩ་དགུན་འབུ་བརྐོ་དུས་མཉམ་འབྲེལ་ཐོག་སྐོར་སྲུང་བྱས་ཏེ་ཞིང་ཆེན་གཉིས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་པ་རེད།
བརྟན་ལྷིང་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཡུན་རིང་བདེ་འགོད་ནི་མི་དམངས་ཀྱི་རེ་བ་ཡིན།  ལོ་ལྔའི་རིང་།  བདེ་ཆེན་གྱིས་བློ་ཐག་རྦད་བཅད་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལྷིང་འཇགས་དང་སྤྱི་ཚོགས་བརྟན་ལྷིང་།  མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན་བཅས་ལ་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོར་བྱས་པ་དང་། དོན་རྐྱེན་ཆེན་པོ་མི་བྱུང་བ་དང་དོན་རྐྱེན་ཆུང་ངུ་ཚོད་འཛིན་ཐུབ་པ་ཞེས་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། 
བསམ་བློ་སྣེ་ཁྲིད་ཀྱི་ས་གཤིས་ལ་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱིར་བཏང་གི་མི་སེར་གྱི་ཁྱིམ་དུ་སྐྱེལ་ཞེས་པ་བརྗོད་དོན་གཙོ་བོའི་བློ་སྦྱོང་ལས་གྲྭ་ལག་བསྟར་བྱས་པ་དང་། “སྲོག་ཤིང་ལ་བརྩི་བཀུར·བློ་ཁ་པེ་ཅིང་ལ་གཏོད”ཅེས་པའི་སྨྱན་སྦྱོར་ཡོངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་སྤུས་རྟགས་ལེགས་སུ་བཏང་བ།  “མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”དང་“བརྒྱད་ལྟ་ལྔ་བསྡུར”བྱེད་སྒོ་ལ་བརྟེན་ནས་སྒྲོག་འགྲེལ་ཐེངས་ཁྲི་8.09ལྷག་སྤེལ་ཏེ་མི་ཐེངས་ཁྲི་595.68ལྷག་ལ་ཁྱབ།  རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་དེ་ནང་དོན་གཙོ་བོར་བྱས་པའི་“བློ་སྦྱོང་ཕྱོགས་མཐུན་”གྱི་བསམ་བློའི་སློབ་གསོ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣས་“ཚད་གཞི་བཞི་”ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས།  ཁྲིམས་སྐྱོང་གི་འདུ་ཤེས།  དྲིན་ཚོར་གྱི་འདུ་ཤེས་བཅས་རྒྱུན་མི་ཆད་པར་ཆེར་བཏང་། རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་གྱི་ས་ཁུལ་དཔེ་བཟང་ཅན་འཛུགས་སྐྱོང་གོམ་སྟབས་མགྱོགས་སུ་བཏང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱས་པ།  སེམས་རྣལ་དུ་ཕབ་པ་དང་བརྩེ་དུང་ལ་བརྟེན་ནས་དགོན་པ་དོ་དམ་དང་གྲྭ་དམངས་ཞབས་ཞུའི་ཁྲིད་སྟོན་ཡག་པོ་བྱས་པས་ཆོས་ལུགས་ཞི་མཐུན་གྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད། 
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་པ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞི་སྐྲུན་པར་ཤུགས་སྣོན་བརྒྱབ་པ། ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་ཞིབ་འཇུག་སློབ་གསོ་ལག་ལེན་ལྟེ་གནས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས་བཙུགས་པ་དང་། ཁུལ་དང་རྫོང་(གྲོང་ཁྱེར་)རིམ་པ་གཉིས་ཡོངས་སུ་ཁྱབ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་མངོན་འགྱུར་བྱུང་།  ལོ་ལྔའི་རིང་། ཁུལ་ཡོངས་ཀྱིས་བསྡོམས་བརྩིས་བྱས་ན་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ལས་ཁུངས་6དང་ཞིང་ཆེན་རིམ་པའི་43  ཁུལ་རིམ་པའི་273གསར་འཛུགས་བྱས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།  འབའ་ལུང་རྫོང་བཅས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་(གྲོང་ཁྱེར་)གསར་འཛུགས་ལེགས་འགྲུབ་བྱུང་།  ལས་ཁུངས་1དང་མི་སྒེར་2ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཅན་གཟེངས་བསྟོད་ཐོབ་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མཐོ་སྒང་དུ་བཞད་ཡོད། 
གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ།“13344”ཡི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་བསམ་བློ་གསར་གཏོད་དང་འཚོལ་ཞིབ་བྱས།  ཁུལ་དང་རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཕྱོགས་བསྡུས་བཅོས་སྐྱོང་གཡུལ་ས་སྟོབས་ལྡན་དུ་སྐྲུན་པ། འགལ་བ་དང་རྩོད་གཞི་སྣ་མང་ཅན་དུ་སེལ་བ་དང་འབྱུང་རྩ་ནས་འགོག་ཟོན། ཟླུམ་འཁོར་ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཡུན་ནན་དང་སི་ཁྲོན་གྱི་འབྲེལ་མཚམས་ས་ཁུལ་གྱི་ལོ་བརྒྱ་ཙམ་རིང་གི་ཐོན་ཁུངས་བེད་སྤྱོད་རྩོད་གཞི་ཐག་གཅོད་ལེགས་འགྲུབ་བྱུང་།  དུས་བདེའི་བདེ་ཆེན་དང་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ།  སྤྱི་ཚོགས་བདེ་སྐྱོང་འགོག་ཟོན་མ་ལག་རྒྱུན་མི་ཆད་པར་ཚགས་དམ་པོར་བཏང་བ། རྒྱུན་རྣམ་ཅན་གྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲི་གནོད་སྐྱོབ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ཡོད། 
图片

འཕེལ་རྒྱས་གནད་ཆེར་འཛིན་པ།——དགེ་མཚན་ཆེ་རིགས་འདོན་སྤེལ་བྱས་ཏེ་འཕར་སྣོན་གྱི་སྒུལ་ནུས་སྐྱོང་སྤེལ་བྱས། 

འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་སྐྱོད་སྐབས་གྲོང་གསེབ་དེ་ཁྱད་ལྡན་ལྗོངས་ཁུལ་དུ་སྒྱུར་ཡོད་ལ། ལོ་རབས་དགུ་བཅུ་པར་སྐྱེས་པའི་འཇང་རིགས་དམངས་སྲོལ་གནས་ཚང་གི་བདག་པོ་ཧོ་ཡན་ཆོན་གྱིས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་སྣེ་ལེན་བྱེད་བཞིན་ཡོད། ཁུལ་ཡོངས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་ལ་བརྟེན་ནས་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པའི་ཁོང་གིས་རང་ཁྱིམ་གྱི་སྡོད་ཁང་རྙིང་པ་དེ་དམངས་སྲོལ་གནས་ཚང་རྩེ་གྲ་བཏོད་པ་དང་། ད་དུང་སྦྲང་རྩི་དང་སྟར་གའི་སྣུམ། བེ་ཤ། བོད་ཕག་སོགས་རི་ཁྲོད་ཀྱི་དངོས་པོ་བཟང་པོ་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོར་བཙོང་ཡོད་དེ་མཐའ་འཁོར་གྱི་གྲོང་མིའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས། མཛེས་སྡུག་ལྡན་པའི་ཞིང་གྲོང་གི་ཡུལ་ལྗོངས་དང་ས་གནས་དེ་གའི་དངོས་ཐོན་ཀྱི་ལེགས་ཆར་བརྟེན་ནས་མཐའ་ཆུ་གྲོང་རྡལ་གྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་སྟེ་གྲོང་རྡལ་ཡོངས་སུ་སྲོང་བཙན་མཐའ་ཆུ་སོགས་རིགས་ཁག་གི་མགྲོན་ཁང་དང་དམངས་སྲོལ་གནས་ཚང་200ལྷག་ཙམ་དང་། རིམ་པ་དམངས་སྲོལ་གནས་ཚང་9 ཁྱད་ལྡན་ཞིང་དུད་སྤྲོ་སྐྱིད་ཟ་ཁང་180ཙམ་བཅས་ཡོད་པ་དང་ལོ་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་4.1ལྷག་ཙམ་ལ་སྣེ་ལེན་ཞུས་ནས་མི་1200ལྷག་ཙམ་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་གཉེར་རྒྱུར་སྐུལ་ཁྲིད་བྱས་ཡོད།

བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱས་པ་དང་འཕེལ་རྒྱལ་ལ་བརྟེན་ནས་བརྟན་ལྷིང་སྐུལ་འདེད་གཏོང་། ལོ་ལྔའི་རིང་། བདེ་ཆེན་གྱིས་ཕྱི་འདྲེན་དང་ནང་སྐྱོང་གི་བྱ་ཐབས་ཆེན་པོ་གཉིས་གསར་གཏོད་བྱས་ཏེ་རྒྱུན་མཐུད་ངང་ཞིང་པ་འབབ་འཕར་དང་དམངས་འཚོ་ལེགས་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ།རྣམ་གྲངས་འཛུགས་སྐྱུན་ལ་དམ་འཛིན་དང་ཚོང་འགུག་མ་འདྲེན་ལ་དམ་འཛིན། ཁྱད་ལྡན་ལེགས་ཆ་ཐོན་ལས་གསོ་སྐྱོང་དང་ཆེ་རུ་བཏང་བ། རྒྱུན་མཐུད་ངང་དམངས་འཚོའི་ཞན་ཆ་གསབ་ཏེ་དཔལ་འབྱོར་སྤྱི་ཚོགས་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བར་སྐུལ་འདེད་བཏང་། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་300ཡི་འགག་སྒོ་ལས་བརྒལ་ཏེ་205ལོར་སྒོར་དུང་ཕྱུར་316.65ཟིན་པ་དང་།  མི་རེའི་ཆ་སྙོམས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་བཞི་པར་སླེབས་པས་འཕེལ་རྒྱས་ཀྱི་སྤུས་ནུས་རྒྱུན་མཐུད་ངང་མཆོང་འཕར་བྱུང་ཡོད། 

བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་སྟོབས་ཆེར་བཏང་བ་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་སྤུས་ལེགས་སུ་བཏང་བ། འབྱུང་འཕྲོད་ནུས་རྒྱུ་ལེགས་སུ་བཏང་བ། གནོད་མེད་གཏེར་ལས་འཁྲུག་པོ་བཟོ་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་དེང་རབས་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མགྱོགས་སུ་བཏང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་དང་གསར་དར་ཐོན་ལས། འབྱུང་འགྱུར་ཐོན་ལས་བཅས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པར་ཤུགས་སྣོན་རྒྱག་པ། “ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག—འཛམ་གླིང་གི་‘སེམས་ཀྱི་ཉི་ཟླ་’”རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཁྱབ་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒོ་ཁ་ནས་ཡུལ་སྐོར་གྱི་ཁེ་ཕན་ཐོབ་ཡོད། མཐོ་སྒང་གི་གཡག་ཤ་དང་རྒུན་ཆང་། ཀྲུང་ལུགས་སྨན་རྫས་སོགས་ཀྱི་ཞིང་ལས་ཐོན་རྫས་གྲོང་ཁྱེར་ཆེན་པོའི་ཁྲོམ་རའི་དགའ་བསུ་ཐོབ་པ། ཕུན་སུམ་ཚོགས་པའི་ཆུ་ནུས་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་གློག་ཤུགས་གསར་སྤེལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཆུ་དང་རླུང་། འོད། ཚ་ནུས་བཅས་ཕན་ཚུན་གསབ་པ་དང་ཁུངས་དྲ་ཐེག་གསོག་འཇོག་གཞི་གཅིག་ཏུ་གྱུར་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་བཞེངས་སྐྲུན་ལ་ཤུགས་རྒྱག་པ། གནོད་མེད་གཏེར་ལས་བརྟན་པོའི་ངང་སྤུས་འདེགས་བྱུང་སྟེ་ཕུའུ་ལུང་ཟངས་གཏེར་དང་ཧྲེན་ཁྲོན་གཏེར་ལས་ཀྱིས་ཞིང་ཆེན་རིམ་པའི་གནོད་མེད་གཏེར་རི་བསྐྲུན་པ། ཕུའུ་ལུང་ཟངས་གཏེར་དེ་རྒྱལ་ཡོངས་ཀྱི་5Gབཟོ་ལས་སུ་བེད་སྤྱོད་བྱེད་པའི་མདོག་ལྡན་ལྕགས་རིགས་ཀྱི་ས་འོག་གཏེར་རི་དང་པོར་གྱུར……

འདས་ཟིན་པའི་ལོ་ལྔར།  བདེ་ཆེན་གྱི་རྨང་གཞིའི་འཛུགས་སྐྲུན་ལ་མཆོང་བརྒལ་གསར་པ་བྱུང་།  འཇོལ་རྫོང་དང་འབའ་ལུང་རྫོང་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་།འཆར་འགོད་ལོ་22བྱས་པའི་འཇོལ་རྫོང་མཁར་ཉེན་གཡོལ་གནས་སྤོ་དེ་འཛུགས་སྐྲུན་མགྱོགས་མྱུར་གཏོང་བའི་དུས་རིམ་དུ་སླེབས་པ། འགྲིམ་འགྲུལ་གྱི་འགྱུར་ལྡོག་དེ་འཕེལ་རྒྱས་ཀྱི་ཆེས་ཐད་མཐོང་གི་རྟགས་མཚན་དུ་འགྱུར་ཡོད། བདེ་ཆེན་འདི་ཉིད་“སྒུལ་འཁོར་དུས་རབས་”དང་“མྱུར་བགྲོད་དུས་རབས་”སུ་སླེབས།  སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་དང་འབའ་ལུང་ནས་ཐུང་ཏན་བར། འཇོལ་ནས་འབའ་ཐང་བར་སོགས་གཞུང་ལམ་ཁག་ཅིག་སྐྲུན་ཚར་ནས་ཤར་གཏོང་ཐུབ་པ།  མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་གཞུང་ལམ་ཤར་བགྲོད་ལམ་ཚད་སྤྱི་ལེ་9200ལྷག་ཟིན་པ་དང་། སྲིད་འཛིན་གྲོས་ཚོ་197ལ་མཁྲེགས་འགྱུར་ལམ་དང་འགྲུལ་འཁོར། སྦྲག་འཕྲིན་བཅས་ཤར་གཏོང་བྱས་ཚད་100%ཟིན།  སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་བསྡོམས་བརྩིས་བྱས་ན་གནམ་གྲུ་འཕུར་འབབ་ཐེངས་ཁྲི་2ལྷག་འགན་ལེན་བྱས་པ་དང་ལོ་རེའི་འགྲུལ་པ་འདོན་འཇུག་བྱས་ཚད་མི་ཐེངས་ཁྲི་182ལས་བརྒལ། 

འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་སྤྱོད་པ།  དམངས་འཚོའི་ལས་དོན་གྱི་མི་སེམས་ལ་དྲོ་སྐྱིད་སྦྱིན། ལོ་ལྔའི་རིང་། བདེ་ཆེན་ཁུལ་གྱིས་མཐོ་རིམ་སློབ་གྲྭ་མེད་པ་ནས་ཡོད་པའི་བར་ཚད་བརྒལ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་སྔོན་ལ་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་། སློབ་གསོ་དར་རྒྱས་གཏོང་བའི་བྱ་ཐབས་ཉི་ཤུ་དང་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་སློབ་གསོ་བྱ་གཞག་སྤུས་འབྲས་ལེགས་གཉེར་བྱུང་།  བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་“ཀ་གསུམ་རིམ་པའི་སྨན་ཁང་”གསར་འཛུགས་ལེགས་འགྲུབ་བྱུང་བ་དང་ཞིང་ཆེན་བོད་སྨན་ཁང་བདེ་ཆེན་དུ་གནས་སུ་འབྱོར་བས་མི་རིགས་ཁག་གི་མང་ཚོགས་སྒོ་ཁ་ནས་ཞིང་ཆེན་རིམ་པའི་སྨན་བཅོས་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་ཆོག   དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་།  ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ། དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་བ། གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2020ལོའི་སྒོར་10088ནས་2025ལོའི་སྒོར་15640བར་འཕར་ཡོད།  མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ཡོད།  ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་དམངས་འཚོ་ལས་གྲྭ་རེ་རེ་བཞིན་གནས་སུ་འབྱོར་བ་དང་ཕན་འབྲས་ཐོན་པ།  མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཡོད་པས་མཐོང་ཐུབ་པ་དང་རེག་ཐུབ་པའི་བདེ་སྐྱིད་མི་རིགས་ཁག་གི་མང་ཚོགས་ཀྱི་གདོང་ཐོག་མངོན་ཡོད། 

图片
 སྐྱེ་ཁམས་སྔོན་ལ་འཇོག་པ།——རི་ཀླུང་སྔོ་ལྗང་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་ཀྱི་ལྟོ་ཕོར་བརྟན་པོ་སྲུང་བ། 

རི་རླུང་ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཆུ་འཛོམས་སྒང་གི་Uདབྱིབས་གྲོག་རོང་དུ་ལྡང་ཞིང་། དོ་དམ་སྲུང་སྐྱོང་རུ་མིས་རྡོག་ཁྲེས་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཁུར་ནས་བརླན་ཞིང་འདྲེད་པའི་སྤང་ཐང་བརྒྱུད་དེ་མཚོ་འཕགས་སྨི་4000ཡན་གྱི་ས་ཁོངས་སུ་སྐོར་གཡེང་བྱེད་ཀྱི་ཡོད། ཁུལ་དེར་དམར་ཕྱིའི་པར་ཆས་600ལྷག་ཙམ་བཀོད་སྒྲིག་བྱས་པ་དང་མི་མེད་གནམ་གྲུ་དང་སྲུང་སྐར་རྒྱང་ཚོར་སྡེབ་སྒྲིག་བྱས་ནས་“མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན་”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་རྒྱ་སྐྲུན་ཡོད། སྐོར་གཡེང་ལམ་བུའི་ཐོག་རྟག་ཏུ་རི་མཐོའི་གནའ་བ་གཡང་གཟར་གྱི་བྲག་ལྡེབས་ཐོག་མཆོང་ལྡིང་བྱེད་པ་དང་བྱ་ཝང་དཀར་པོ་ནགས་ཚལ་ཁྲོད་ཀྱི་སྡོང་ཕྲན་ནགས་རྫོབ་ཏུ་འཆམ་འཆམ་བྱེད་པ་མཐོང་ཐུབ། དམར་ཕྱིའི་པར་ཆས་ཀྱིས་ཡུན་ནན་སྤྲེའུ་སྤུ་སེར་དང་གཟིག་དོང་རྩེ་མ་འགྲོ་འོང་བྱེད་པའི་རི་མོ་རྩ་ཆེན་ཡང་ཡང་འཛིན་ཐུབ། ལོ་བཅུ་ལྷག་ཙམ་རིང་རྒྱུན་མཐུད་སྲུང་སྐྱོང་བྱས་པ་བརྒྱུད་ཆུ་འཛོམས་སྒང་ས་ཁུལ་གྱི་རི་མཐོ་གནའ་བ་དེ་2012ལོའི་ཁྱུ་ཚོགས་4ཡི་74ཡོད་པ་ནས་ཁྱུ་ཚོགས་8ཡི་1000ལྷག་ཙམ་བར་མང་དུ་ཕྱིན་པ་དང་སྐབས་ཤིག་རིང་ཧ་ཅང་དཀོན་པའི་བྱ་ཝང་དཀར་པོའི་ཁྱུ་ཚོགས་250ལྷག་ཙམ་བར་སླར་གསོ་བྱུང་ནས་རི་ལུང་གི་གང་སར་ཚེ་སྲོག་གི་གསོན་ཤུགས་ལྡན་ཡོད། 

བདེ་ཆེན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་དེ་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་63.26%བཟུང་བ་དང་ནགས་ཚལ་ཁྱབ་ཚད་63.98%ཟིན། ལོ་ལྔའི་རིང་། བདེ་ཆེན་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་གནམ་སྔོན་པོ་དང་ཆུ་དྭངས་མ། ས་གཙང་མ། རི་སྔོ་ལྗང་བཅས་སྲུང་སྐྱོབ་ཀྱི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་། གངས་རི་འཁྱགས་ཀླུང་དང་ནགས་ཚལ་སྤང་ལྗོངས། གཙང་པོ་དང་ཆུ་བོ་མཚེའུ་བཅས་སྲུང་སྐྱོང་ཡག་པོ་བྱས་ནས་“རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་”འགྱུར་ལྡོག་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐྱེ་ཁམས་གནོད་མེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་བས་“གནོད་མེད་མཛེས་སྡུག་ལྡན་པའི་བདེ་ཆེན་”དང་“སྐྱེ་ཁམས་བདེ་ཆེན་”མཛེས་སྡུག་ལྡན་པའི་མིང་བྱང་དུ་གྱུར་ཡོད། 

ཁུལ་ཡོངས་ཀྱིས་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་ལམ་ལུགས་གཏིང་ཟབ་བཏང་བ་དང་ལག་བསྟར་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། པད་མ་གངས་རི་དང་ཧ་པ་གངས་རི་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱུ་ཚོགས་བརྟན་པོའི་ངང་འཕར་བ། ཁྲུང་ཁྲུང་སྐེ་ནག་དང་ཡུན་ནན་སྤྲེའུ་སྤུ་སེར་སོགས་རང་དབང་གིས་འཚོ་སྡོད་དང་སྐྱེ་འཕེལ་བྱས་ཡོད། 

མ་ལག་བཅོས་སྐྱོང་ལག་བསྟར་དང་སྐྱེ་ཁམས་ལས་གྲྭ་ལ་སྐུལ་འདེད་བཏང་བ། ནགས་ཚལ་གསོ་སྐྱོང་དང་། རྩྭ་ཐང་སྐྱེ་ཁམས་སླར་གསོ། འདམ་ར་སླར་གསོ། ཡུན་ནན་ནུབ་བྱང་གི་ཆུ་ཁུངས་གསོ་འཛུགས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་ཤིང་འཛུགས་སོགས་མ་ལག་རང་བཞིན་གྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོ་ལྗང་མཛེས་སྡུག་ལྡན་པའི་གྲོང་ཚོ་དང་། སྔོ་ལྗང་མཛེས་སྡུག་ལྡན་པའི་ལས་ཁུངས། སྔོ་ལྗང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་བར་ཁྱམས་སོགས་འཛུགས་སྐྲུན་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་སྟེ། སྔོ་ལྗང་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྐྱེ་ཁམས་མཛེས་ལྗོངས་མང་དུ་བཏང་བ། ཁུལ་ཡོངས་སུ་སྤྱི་གླིང་68བསྐྲུན་པ་དང་གྲོང་ཁྱེར་བསྐྲུན་ཁུལ་གྱི་སྤང་ལྗོངས་རྒྱ་ཁྱོན་སྤྱི་ཆིང་922.99ཟིན་པ། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྤང་ལྗོངས་རྒྱ་ཁྱོན་སྨི་གྲུ་བཞི་མ་20.71ཟིན། ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལྡོག་སྐྱེལ་གནད་དོན་དག་ཐེར་ལེགས་བཅོས་དམ་འཛིན་ཡག་པོ་བྱས་ནས་འབྲི་ཆུ་དང་ཟླ་ཆུའི་འབབ་རྒྱུད་ཀྱི་ཆུ་བོ་221ལ་“ཆུ་བོ་གཅིག་གི་ཆུ་དྭངས་མ་བདེ་ཆེན་ནས་ཐོན་པ་”མངོན་འགྱུར་བྱུང་ཡོད།ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་པ་དང་ས་ངོས་ཆུའི་སྤུས་ལེགས་བསྡུར་ཚད་རྒྱུན་མཐུད་ངང་བརྟན་པོ་བྱུང་།སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལས་དོན་ལ་ལོ་ལྔ་བསྟུད་མར་ཞིང་ཆེན་རིམ་པའི་ཕུལ་བྱུང་རིམ་པའི་དཔྱད་བསྡུར་ཐོབ་པ།སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོའི་ངང་སླེབས། 

སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་དང་། སྐྱེ་ཁམས་ཐོན་ཁུངས་དམངས་ཕྱུག་མ་རྩར་བསྒྱུར་རྒྱུར་སྐུལ་འདེད་བཏང་བ། ནགས་འོག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ། འདེབས་འཛུགས་གསོ་སྤེལ་གྱི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་བཏང་བ། མང་ཚོགས་ཁྲི་ལྷག་སྐྱེ་ཁམས་ནགས་སྲུང་པ་དང་སྤྱི་ཕན་ནགས་ཚལ་གྱི་དོ་དམ་སྲུང་སྐྱོབ་པར་འགྱུར་ཡོད།“མཛེས་ལྗོངས་ཁུལ་དང་གྲོང་མི་ཚོ་ཆུང་། ཞིང་དུད་”བཅས་ཀྱི་ཡུལ་སྐོར་དམངས་ཕྱུག་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་གྱིས་ཐད་ཀར་དང་གཞན་བརྒྱུད་ཀྱི་སྒོ་ནས་གྲོང་མི་དུད་ཚང་5600ལྷག་ཙམ་དང་མི་ཁྲི་2.8ལྷག་ཙམ་ལ་སྐུལ་ཁྲིད་བྱས་ཏེ་ཆ་སྙོམས་དུད་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་1.26འཕར་བ་དང་མཛེས་ལྗོངས་ཁུལ་གྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་3ལ་སླེབས། དེ་དང་ཆབས་ཅིག་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་ཞུགས་འཐུས་འགག་སྒོ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་“མཐོ་གཉིས་དམའ་གཅིག་”གི་ཁེ་ལས་བདེ་ཆེན་དུ་གཞིས་ཆགས་རྒྱུ་གཏན་འགོག་ནན་པོ་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་དང་གནོད་མེད་ནུས་རྒྱུ་སོགས་གནོད་མེད་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་ཧུར་ཐག་བཏང་ནས་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་།སྔོ་ལྗང་རྒྱ་སྐྱེད་དང་འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་། 

གངས་རི་བརྗིད་ཉམས་ཆེ་བ་དང་སྤང་ལྗོངས་མཐའ་མེད། མཚེའུ་དྭངས་ཤིང་གཙང་བ། ད་ལྟའི་བདེ་ཆེན་ནི་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཞིག་ཡིན་ལ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཀྱང་ཡིན།

图片

ཏང་འཛུགས་སྐྱོང་བླ་སྲོག་ཏུ་འཛིན་པ།——མཁར་རྫོང་བརྟན་པོ་བསྐྲུན་ནས་འབད་བརྩོན་གྱི་སྟོབས་ཤུགས་གོང་བུར་འགྲིལ།  

ཐོག་མཐའ་བར་གསུམ་དུ་“སྲུང་སྐྱོང་གཉིས་”དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་ཆབ་སྲིད་ཀྱི་སྒྲིག་ལམ་རྩ་བར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བཀའ་མཆན་གལ་ཆེན་དོན་འཁྱོལ་མཐའ་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཆ་རྐྱེན་ཨང་དང་པོར་བྱས་པ། བློ་མཐའ་རྦད་གཅོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་ཡོད་པ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཡོད་ན་ཡུན་ནན་གྱིས་བྱ་སྤྱོད་ཡོད་པ་དང་བདེ་ཆེན་གྱིས་དོན་འཁྱོལ་དམ་འཛིན་བྱེད་ཐུབ་པ་བྱས་པ། 

ལོ་ལྔའི་རིང་། ཁུལ་ཡོངས་ཀྱིས་ནན་ཏན་ངང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱས་པ་དང་། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་འགོ་གཙོར་བྱས་པ་རྒྱུན་འཁྱོངས་བྱས་ཏེ་རྨང་གཞི་སྲ་བརྟན་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ།ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་བ།  རྒྱ་ཆེ་བའི་ཏང་ཡོན་གྱིས་ཛ་དྲག་དང་དཀའ་ངལ། ཉེན་ཁ། ཚབས་ཆེ་བཅས་ཀྱི་ལས་འགན་ཁྲོད་གདོང་ལེན་པ་བྱས་པ་དང་མིག་དཔེ་སྟོན་པ་བྱས་ནས་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བཙན་རྫོང་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་འགོ་ཁྲིད་མཁན་དུ་གྱུར་བར་སྐུལ་འདེད་བཏང་བ།  “སྲོག་ཤིང་ལ་བརྩི་བཀུར·བློ་ཁ་པེ་ཅིང་ལ་གཏོད”དེ་བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་ཀྱི་མཐིལ་མདོག་མངོན་གསལ་དུ་གྱུར་ཡོད། 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱས་བདེ་གྲོང་དུ་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་200ལྷག་གིས་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོང་དང་བླངས་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་མི་སྣེ་ཁྲིད་དེ་“ཁང་ངོས་གསར་བརྗེ་དང་ར་སྐོར་གསར་བརྗེ། ཤིང་གཅོད་གསར་བརྗེ། མེ་ཤིང་གསར་བརྗེ། གྲོང་ཚོའི་རྣམ་པའི་གསར་བརྗེ་”སྤེལ་བ་དང་། “གྲོང་ཚོ་གཅིག་དང་སུའོ་གཅིག་ཁེ་ལས་གཉིས”ཀྱིས་མཉམ་འབྲེལ་ཐོག་རི་བོ་འགན་གཙང་ལེན་བྱས་ནས་གསོ་སྐྱོང་དང་སྐྱེ་འཕེལ་རྒྱ་ཆེར་གཏོང་བའི་རྣམ་པ་འཚོལ་ཞིབ་བྱས་ཏེ་བེ་ཤ་ཐོན་ཡུལ་ལ་སྒོ་དབྱེ་རྣམ་པའི་རི་བོ་མུའུ་6000ལྷག་འགན་གཙང་ལེན་བྱས་ནས་གསོ་སྐྱོང་དང་སྐྱེ་འཕེལ་རྒྱ་ཆེར་གཏོང་བས“སྔོ་ལྗང་གི་ཁྱིམ་གཞིས་”རྒྱུན་མཐུད་ངང་“སྐྱེ་ཁམས་གི་ཁེ་ཕན”གློད་འགྲོལ་གཏོང་དུ་བཅུག   འབའ་ལུང་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་རི་མཐོ་དང་གྲོང་རོང་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ཐག་རིང་བ་དང་བྱ་བ་སྒྲུབ་དཀའ་བའི་དཀའ་གནད་སེལ།  རྫོང་དང་ཤང་། གྲོང་སྡེ། ཚོ་ཆུང་བཅས་རིམ་པ་བཞི་མཉམ་འགུལ་བྱས་ནས་“དམར་པོའི་ཚབ་སྒྲུབ་”ཀྱི་ཞབས་ཞུ་མ་ལག་སྐྲུན་ཏེ་ཁྱིམ་ལ་སྐྱོད་ནས་སྨན་བཅོས་འགན་ལེན་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད་རོགས་སྐྱོབ་སོགས་ཀྱི་དམངས་འཚོའི་ལས་དོན་ཚབ་སྒྲུབ་བྱས་ནས་མང་ཚོགས་ལ་ཞབས་འདེབས་ཞུ་བའི་མཐའ་མའི་སྨི་གཅིག་ཤར་གཏོང་བྱས། འཇོལ་རྫོང་ཧྥུའོ་ཧྲན་ཤང་གིས་ཏང་ཨུས་གཅིག་འདོམས་དང་སྲིད་གཞུང་གིས་གཙོ་འཛིན།སྤྱི་བདེ་གིས་གཙོ་འཐབ།མང་ཚོགས་ཞུགས་པ་བཅས་ཀྱི་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་མཉམ་འགུལ་གྱི་རྣམ་པ་བསྐྲུན་ཏེ། གྲོང་སྡེ་དང་ཚོ་ཆུང་དུ་ཟབ་འཇུག་བྱས་ནས་མེ་ཕུང་ཚོགས་འདུ་དང་ར་བའི་ཚོགས་འདུ་སོགས་འཚོགས་པ་དང་།  བོད་ལྗོངས་ཀྱི་མུ་འབྲེལ་ཤང་གྲོང་བར་ཤང་(གྲོང་རྡལ)དགུ་ཡིས་མཉམ་དུ་འཆམ་མཐུན་འབྲེལ་མཚམས་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་སྐྲུན།  ཁུལ་ཡོངས་ཀྱིས་ཕྱོགས་ཡོངས་ནས་དགོན་པ་དོ་དམ་སྒྲིག་གཞིའི་ཏང་རྩ་འཛུགས་སྟོབས་ཆེར་བཏང་བ་དང་། རྫོང་དང་ཤང་ཏང་ཨུའི་ཧྲུའུ་ཅི་ཡིས་དགོན་པའི་དོ་དམ་ཅུས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅི་ཞོར་འགན་འཁུར་བའི་ལམ་ལུགས་བཙུགས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དགོན་པ་དང་དགེ་འདུན། དད་ལྡན་མང་ཚོགས་བཅས་དང་འབྲེལ་བ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་བཏང་བ།  སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བཙན་རྫོང་དམར་པོ་བརྟན་པོ་སྐྲུན་པ། 

ལས་བྱེད་པའི་ཆབ་སྲིད་ཀྱི་ཚད་གཞི་ནན་པོར་བཟོ་བ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་རྒྱུན་འཁྱོངས་བྱས་པ་དང་ཆབ་སྲིད་ཀྱི་ཚད་གཞི་དེ་ལས་བྱེད་པ་གདམ་གསེས་དང་གསོ་སྐྱོང་། དོ་དམ། བེད་སྤྱོད་བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པ། ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱས་སྐབས་རང་མིང་འགོད་ལམ་གྱི་འོས་སྦྱོར་བྱ་ཐབས་ལག་བསྟར་ནན་པོ་བྱས་པ། ཆབ་སྲིད་ཀྱི་བྱང་ཚད་ལ་དཔྱད་ཞིབ་གཏིང་ཟབ་དང་ཞིབ་ཚགས་བྱས་པ། ཆབ་སྲིད་ཀྱི་བྱང་ཚད་ཞིང་བཤེར་དང་དཔྱད་ཞིབ་ཡིག་ཚགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཆབ་སྲིད་ཐོག་བརྟན་པོར་ལངས་པ་དང་བློས་འགེལ་ཆོག་པ། བློ་བདེ་བ་བཅས་ཡོང་བར་ཁག་ཐེག་བྱས། ལས་བྱེད་པ་སྤེལ་རེས་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མཐོ་དམན་གཉིས་རུང་གི་མི་བེད་སྤྱོད་ལམ་སྲོལ་དོན་འཁྱོལ་དང་། ཏང་གཤིས་སློབ་གསོ་དང་སྒྲིག་ཁྲིམས་སློབ་གསོ། ཁྱིམ་སྲོལ་སློབ་གསོ་བཅས་གཏིང་ཟབ་ཏུ་སྤེལ་བ། རྒྱུན་མཐུད་ངང་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མཐོ་རུ་བཏང་བ། 

ཆབ་སྲིད་ཀྱི་སྣང་ཚུལ་ཡག་པོ་སྐྲུན་ཏེ་སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྱོང་གི་བྱ་སྤྱོད་ཆེན་པོ་བཅུ་གཏིང་ཟབ་ཏུ་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་བ།  འགན་འཁྲི་གཙོ་བོ་ཡོད་མཁན་ལ་གཏམ་གླེང་དང་འགོ་གཙོ་དང་པོའི་ལྟ་སྐུལ་གཏམ་གླེང་སོགས་ཀྱི་ཚུལ་ལ་བརྟེན་ནས་འགག་རྩའི་ཉུང་ཤས་ལ་ལྟ་སྐུལ་བྱེད་ཤུགས་ཆེར་བཏང་བ། ཞིང་ཨུའི་སྐོར་གཟིགས་དང་ཆབ་སྲིད་སྣང་ཚུལ་གནས་སྡོད་བརྟག་ཞིབ་ཀྱི་ལྡོག་སྐྱེལ་གནད་དོན་དག་ཐེར་ལེགས་བཅོས་དམ་འཛིན་བྱ་རྒྱུ་གོ་སྐབས་སུ་འཛིན་ཏེ། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་ལ་གཞོགས་འདེགས་བྱས་པ་དང་ཁུལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རྒྱབ་སྐྱོར་བྱས་ནས་ལས་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཁག་ཅིག་རྩད་ཞིབ་ཐག་གཅོད་བྱས་པ། གཟབ་ནན་གྱི་ནང་དོན་སྙིང་པོ་དང་བྱ་ཐབས་ནན་པོ། སྣང་ཚུལ་ནན་པོ་བཅས་སྔར་ལས་ཆགས་པས་བདེ་ཆེན་མཐོ་སྒང་གི་ཆབ་སྲིད་སྣང་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།  

སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་ལ་དམ་འཛིན་བྱས་ཏེ་“ཁྲིམས་གསུམ་ཅན་གསུམ་”གྱི་བླང་བྱ་ལག་ལེན་བསྟར་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་བསམ་བློ་གཏོང་བ་དང་། ཏན་ཏིག་གིས་སྒྲུབ་པ། ཕན་འབྲས་ལ་བལྟས་ནས་ལས་དོན་དམ་འཛིན་བྱས་པ་བཅས་རིམ་པ་བེད་སྤྱོད་ཡག་པོ་བྱས་པར་སྐུལ་འདེད་བཏང་བ། 

图片
ལོ་ལྔའི་རིང་། བདེ་ཆེན་ཁུལ་གྱིས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཅས་གསར་འཛུགས་ལེགས་འགྲུབ་བྱུང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་བརྟན་ལྷིང་ཡོང་བ་དང་།དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་།  དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་གི་སྲིད་འཛིན་རྨང་གཞི་དེ་བས་བརྟན་པོར་ཕྱིན་པ་སོགས།

ལོ་ཟླས་འབད་འཐབ་ཀྱི་རྗེས་ཤུལ་བརྐོས་ཤིང་། དུས་རབས་ཀྱི་དུང་སྒྲས་མདུན་སྐྱོད་སྐུལ་སློང་བྱེད། རྒྱང་སྐྱོད་གསར་པའི་འགོ་ཚུགས་སར་ལངས་དུས། ང་ཚོའི་འཁྲི་འགན་གཟི་བརྗིད་ལྡན་པ་དང་ལས་འགན་ལྗིད་པོ་ཕྲག་ཏུ་ཡོད།  ཁུལ་ཡོངས་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན། མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་“གཏན་འཁེལ་གཉིས་”ལ་བརྩི་བཀུར་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་པ།  སེམས་ལ་དྲིན་ཚོར་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པ་དང་། མུ་མཐུད་འབད་འཐབ་དང་འཆར་གཞི་མཉམ་དུ་འགོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།  

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།

ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།

ཁུལ་སྲིད་གཞུང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བརྒྱད་པ་འཚོགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་171པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com