中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-09-21 15:57:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

ཟླ་9པའི་ཚེས་20ཉིན་གྱི་ཕྱི་དྲོར། བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་འཚོགས་པ།

ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། འཐུས་མི་ཚོགས་པ་ཁག་གི་གྲུབ་ཆའི་ཇུས་གཞི་ཁྱབ་བསྒྲགས་བྱས། འཐུས་མི་ཚོགས་པ་ཁག་གིས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་འོས་སྦྱོར་བྱེད་རྒྱུར་བཀོད་སྒྲིག་བྱས།འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཁོངས་མི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་ཚོགས་ཆེན་གྱི་དྲུང་ཆེའི་གྲོས་འགོའི་མིང་ཐོ་དང་《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་རིམ་(འཆར་ཟིན)》ལ་གསན།

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་འགག་རྩའི་དུས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་ཆེན་གྱིས་སྐབས་དགུ་བའི་ཁུལ་ཨུའི་འདས་ཟིན་པའི་ལོ་ལྔ་རིང་གི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ལམ་བུ་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་དང་ཕྱིར་དྲན་བྱེད་པ་དང་། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ། སྐབས་གསར་པའི་ཁུལ་ཨུ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་བདམས་ཐོན་བྱེད་པ། རང་ཁུལ་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་འདེམས་བསྐོ་བྱེད་པ་བཅས་བྱེད་རྒྱུ་ཡིན་པས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་བ་རྩོམ་པར་དོན་སྙིང་གལ་ཆེན་ལྡན།འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱིས་འཐུས་མི་སྒྲིག་འཛུགས་དང་། བསམ་བློ་གཅིག་གྱུར། སྒྲིག་ཁྲིམས་ནན་གཏོང་། ཚོགས་འདུའི་གྲོས་རིམ་ཁག་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བཅས་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་འཁུར་ཡོད་པས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་འཐུས་མི་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ད་ཐེངས་ཀྱི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་དམངས་གཙོ།དོན་དངོས་དམ་འཛིན། མི་སེམས་ལ་སྐུལ་བ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་ཐུན་མོང་ཐོག་འགྱུར་བ་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་འཐུས་མིའི་བསམ་བློ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ། ཁུལ་ཨུའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་དང་།ཁུལ་ཨུས་དུས་བབ་ལ་བརྡར་ཤ་གཅོད་པའི་ཐོག་གཅིག་གྱུར།མ་འོངས་པའི་ལོ་ལྔའི་འཆར་འགོད་ཐོག་གཅིག་གྱུར་བཅས་བྱེད་དགོས།གྲོས་བསྡུར་དང་གྲོས་ཞིབ་སྒྲིག་འཛུགས་ནན་ཏན་བྱས་ཏེ་ཞིབ་བཤེར་དང་འདེམས་བསྐོའི་ལས་འགན་ཁག་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས།གོ་རིམ་གྱི་གཏན་འབེབས་ནན་པོ་སྲུང་ནས་འཐུས་མི་ཡོངས་ཀྱིས་རྩ་འཛུགས་ཀྱི་རྩ་དོན་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་འདེམས་བསྐོའི་དབང་ཆ་ཡང་དག་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།ཚོགས་སྲོལ་ཚོགས་སྒྲིག་དམ་པོར་གཏོང་བ་དང་། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་“གཏན་འགོག་བཅུ”དང་ཚོགས་སྲོལ་ཚོགས་སྒྲིག་གི་“གཏན་འགོག་དྲུག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱེད།སྒྲིག་ཁྲིམས་སློབ་གསོ་དང་ལྟ་སྐུལ་དྲན་སྐུལ་ལ་དམ་འཛིན་ཡག་པོ་བྱེད་པ། འཐུས་མི་ཡོངས་ཀྱིས་རང་རྟོགས་ངང་ཚོགས་ཆེན་གྱི་གཅིག་གྱུར་བཀོད་སྒྲིག་དང་ལེན་བྱ་རྒྱུར་ཁྲིད་སྟོན་བྱེད།ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།

སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།

ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com