中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-21 17:53:52 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་9པའི་ཚེས་21ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་སེམས་ཀྱི་ཉི་ཟླར་གཟབ་རྒྱས་ངང་འཚོགས་པ།
图片
བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་《དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་སྙན་སྒྲོན་གནང་བ་རེད།
ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་བ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་བཅས་རེད།
ད་ཐེངས་ཀྱི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལུའོ་ཁྲའོ་ཧྥེང་དང་། ལི་ཡན་ལན།ཞུས་སི་སི།ཀྲུའུ་པའོ་ཧྥུའུ།ཞུས་ཀོང་ཏེ།ལུའུ་ཀྲི་ཅུན།དབྱང་ཞུའེ་ཝུན།ཧོང་ལུང་ཤིན།ཞུང་ཝུན་པིན།ལི་ཡུས་ཆོན།དབྱང་ཁའེ།མ་མུའུ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ།
ཞིང་ཨུའི་སྐབས་བརྗེ་འདེམས་བསྐོའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།
ལི་ཡན་ལན་གྱིས་ཚོགས་ཆེན་གཙོ་སྐྱོང་གནང་།
ད་ཐེངས་ཀྱི་ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི་337ཡོད་པ་དང་། དངོས་སུ་ཕེབས་པའི་འཐུས་མི་323ཡོད་པས་གཏན་འབེབས་དང་མཐུན་ཡོད།
སྔ་དྲོའི་ཆུ་ཚོད་9པར། ཚོགས་ཆེན་དངོས་སུ་འགོ་ཚུགས་པ། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་བ།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ལུའོ་ཁྲའོ་ཧྥེང་གིས་ཚོགས་ཆེན་ལ་སྙན་སེང་གནང་།ཁོང་གིས་བསྟན་དོན། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་བདེ་ཆེན་གྱི་འཕེལ་རྒྱས་ལམ་བུ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་འགན་དང་དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་མདུན་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག ཁུལ་ཨུས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་སྐུལ་འདེད་གཏོང་། བརྟན་ལྷིང་དང་། འཕེལ་རྒྱས།སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཅས་བདེ་བླག་ངང་གསར་གཏོད་བྱེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། འདས་ཟིན་པའི་ལོ་ལྔའི་རིང་།“སྲུང་སྐྱོང་གཉིས”དེ་བས་བརྟན་ལ་རང་རྟོགས་དང་། ཆབ་སྲིད་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་། མི་རིགས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པར་སླེབས།ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན།མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན། ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་ཕྱིན་པ།དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་།ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་བྱེད་ཤུགས་ཆེ་རུ་གཏོང་།
图片བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་དེ་ཁ་ཕྱོགས་སྟོན་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པ་དང་། ཞིང་ཨུའི་འགོ་ཁྲིད་ནུས་ལྡན་དང་། སྐབས་རིམ་བྱུང་གི་ཁུལ་ཨུས་སེམས་ཤུགས་གཅིག་སྒྲིལ་དང་མུ་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཞིག་རེད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་བློ་སེམས་གཅིག་མཐུན་དང་སྙིང་རུས་ཆེན་པོས་འབད་འཐབ་བྱས་པའི་འབྲས་བུ་ཞིག་དང་། སྤྱི་ཚོགས་ལས་རིགས་ཁག་གིས་རོགས་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་འབྲས་བུ་རེད་ཅེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ལོ་ལྔའི་རིང་ཞུན་བརྡར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་པས་བདེ་ཆེན་གྱི་ལས་དོན་ཡག་པོ་སྒྲུབ་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་དེ་ཁུལ་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བའི་འགན་ལེན་དུ་བརྩི་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཁུལ་ཡོངས་ཀྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་བ་དང་བརྟན་ལྷིང་དང་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དུ་བརྩི་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་སྲུང་སྐྱོང་སྔོན་ལ་བྱེད་པ་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་ལམ་བུར་བརྩི་བ་དང་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་སླར་གསོ་གཙང་བཟོ་བྱ་རྒྱུ་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས་ཞེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་མ་འོངས་པའི་ལོ་ལྔ་ནི་བདེ་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ་ཁུལ་ཡོངས་ཀྱི་སྐབས་གསར་པའི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་འགན་ཡུན་དང་"ལོ་ལྔ་ཚན་བཅོ་ལྔ་པའི་"འཆར་འགོད་ལག་བསྟར་ཚད་མཐོའི་གཅིག་མཐུན་བྱུང་བའི་ལོ་ལྔ་ཡང་ཡིན། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བ་བྱས་ཏེ་ལེགས་ཆ་ལ་བརྟེན་ནས་རྨང་གཞི་བརྟན་པོ་འདིང་བ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པ་དང་བློ་བརྟན་འགྱུར་མེད་ངང་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ་"ཕྱོགས་ལྔ་གཞི་གཅིག་"གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང"ཕྱོགས་ཡོངས་བཞིའི་"འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་ཞིང་ཨུའི་"3815"འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་རྒྱུན་མཐུད་ངང་དམ་འཛིན་གཏིང་ཟབ་བྱེད།མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན། ཡུན་ནན་གྱིས་ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"ཡུལ་སྐོར་བྱ་ཡུལ་བཅས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་གོང་གསལ་གྱི་དམིགས་ཚད་བླང་བྱ་མངོན་འགྱུར་བྱེད་པར་གཙོ་གནད་ལས་དོན་ཁག་བརྒྱད་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་"ཐོག་མཐའ་བར་གསུམ་དྲུག་"་གི་ཕུལ་བྱུང་ཁྱད་ཆོས་དར་སྤེལ་ཤུགས་ཆེན་གཏོང་བ་དང་"ངེས་པར་དུ་བྱེད་དགོས་པ་ལྔའི་"བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། ལེགས་འགྲུབ་ཀྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་། དཀའ་སྤྱད་འབད་འཐབ་ཀྱི་ལས་ཀའི་སྤྱོད་ཚུལ། ནམ་ཡང་ལྷོད་གཡེང་མི་གཏོང་བས་བསམ་པའི་འཁྱེར་སོ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་བདེ་ཆེན་རྒྱུགས་སྤྲོད་ཀྱི་ལམ་བུར་ཡག་པོ་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་བརྗིད་ཆེའི་འཆར་གཞི་བཀོད་ཟིན་པ་དང་གཟི་བརྗིད་ལྡན་པའི་ལས་འགན་གྱིས་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཀྱི་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞིང་ཨུའི་ནུས་ལྡན་འགོ་ཁྲིད་འོག་ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཏེ་དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
《ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ》《ཁུལ་གྱིས་དོ་དམ་བྱེད་པའི་ཏང་དངུལ་བསྡུ་ལེན་དང་། བེད་སྤྱོད། དོ་དམ་བཅས་བྱས་ཚུལ་གྱི་སྙན་ཞུ་》ཡིག་ཐོག་ནས་ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་བ་རེད།
图片
ད་ལྟའི་ཐིང་རིམ་པའི་ཏང་ཕྱིའི་འགོ་ཁྲིད་དང་། ཁུལ་ཨུའི་པུའུ་ཨུ་ཁག་དང་། ཁུལ་རིམ་པའི་རྒྱལ་ཁབ་ལས་ཁུངས། མི་དམངས་ཚོགས་པ། ཁུལ་ཁོངས་གཏོགས་ཀྱི་བྱ་གཞག་སྡེ་ཚན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁུལ་དུ་བཅའ་སྡོད་སྡེ་ཚན་གྱི་ཏང་ཡོན་འགོ་ཁྲིད་གཙོ་བོ་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོགས་འདུ་འཚོགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།

སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།

ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།

ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com