བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོགས་འདུ་འཚོགས།


ཟླ་9ཚེས་20ཉིན་གྱི་ཕྱི་དྲོ་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོགས་འདུ་འཚོགས།
བློ་མཐུན་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི་337ཡོད་པ་དང་དངོས་སུ་ཚོགས་འདུར་ཞུགས་མཁན་འཐུས་མི་323ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།
ཚོགས་འདུའི་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་དང་།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་མིང་ཐོ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོའི་མིང་ཐོ། ཚོགས་ཆེན་གྱི་གྲོས་རིམ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཁུལ་ཡོངས་ཀྱིས་འཆར་གཞི་ཡག་པོ་འགོད་ཐུབ་མིན་དང་། ལས་བྱེད་པ་ཡག་པོ་འདེམས་ཐུབ་མིན། ཚན་པ་ཡག་པོ་བཀོད་སྒྲིག་བྱེད་ཐུབ་མིན། ཁྲིད་ཕྱོགས་ཡག་པོ་འཛུགས་ཐུབ་མིན། སྐྱེ་ཁམས་གསོ་སྐྱོང་ཡག་པོ་བྱེད་ཐུབ་མིན་བཅས་དང་འབྲེལ་བ་ཡོད། སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ་དང་སྤྱོད་གཙང་གཞུང་དྲང་ནི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་ངར་ཤུགས་ལ་སྐུལ་མ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་ཁོར་ཡུག་ཧུར་ཐག་བཏོད་དེ་ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་ལས་འགན་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་འཐུས་མི་ཡོངས་ཀྱིས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་སྐབས་བརྗེའི་སྒྲིག་ཁྲིམས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཨུའི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་བྱ་སྤྱོད་ངོ་མའི་ཐོག་ནས་"གཏན་འཁེལ་གཉིས་"ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་"སྲུང་སྐྱོང་གཉིས་"མཐའ་གཅིག་ཏུ་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་ནས་"ནན་འགོག་བཅུའི་"བླང་བྱ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ་དང་ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཡིག་གི་གཏན་འབེབས་དང་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ལ་ནན་པོར་གཞིགས་ནས་འདེམས་བསྐོའི་དབང་ཆ་ཡག་པོ་སྤྱོད་དགོས། ཚོགས་འདུའི་ཚོགས་སྲོལ་ཚོགས་སྒྲིག་ནན་པོ་སྲུང་བ་དང་ཚོགས་ཆེན་གྱི་བླང་བྱ་ཁག་ལག་བསྟར་ནན་པོ་བྱེད་པ་དང་གསང་སྲུང་སྒྲིག་ཁྲིམས་ནན་པོ་སྲུང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་བློ་རྩེ་གཅིག་སྒྲིམ་དང་སེམས་ཤུགས་གཅིག་སྡུད་ཀྱིས་ཚོགས་འདུ་ཡག་པོ་འཚོགས་ནས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཐོག་ནས་འཐུས་མིའི་ཉམས་འགྱུར་བཟང་པོ་མངོན་པ་བྱེད་དགོས། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་རང་གཅུན་རང་གཅེས་བྱེད་དགོས་ལ་ཕན་ཚུན་ལྟ་སྐུལ་དང་དྲན་སྐུལ་ཡང་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་སེམས་ནང་བརྟན་པོར་ངེས་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ་ཐུན་མོང་ཐོག་སྐབས་བརྗེའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་ལམ་ལུགས་དང་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་གོ་རིམ་གཅིག་ཀྱང་མི་ཉུང་བ་དང་ལྷུ་ཚིགས་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས། འཐུས་མིའི་སྒྲིག་ཁྲིམས་སློབ་གསོའི་དོ་དམ་ལས་དོན་དམ་འཛིན་ནན་པོ་བྱས་ཏེ་གནད་དོན་ལ་དམིགས་པ་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱེད་པ། བཙན་ཤེད་ཀྱིས་སྒྲིག་ཁྲིམས་ལག་བསྟར་བྱེད་པ། འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་བྱས་ནས་ཐེངས་འདིའི་ཚོགས་ཆེན་འདི་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་དམངས་གཙོ། བདེན་འཚོལ་དོན་གཉེར། མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་མི་སྣས་མཉམ་དུ་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཆེད་དོན་སློབ་གསོའི་གློག་བརྙན་ལ་བལྟས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོགས་འདུ་འཚོགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།
སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།
ལོ་ལྔའི་ཞུན་བརྡར་བྱས་ནས་འོད་སྟོང་སྐྲུན། བློ་སེམས་གཅིག་མཐུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད།——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་མཐའ་ཡོངས་ཀྱི་ཡར་ཐོན་བྱུང་།
ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ལེགས་བཅོས་ཀྱི་ལེའུ་གསར་པ་བཏོད་པ།——བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྒྲིལ་གླེང་།
ཝང་ཡུས་པོ་ཡིས་བདེ་ཆེན་ཁུལ་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཉེན་གཡོལ་གནས་སྤོ་དམ་འཛིན་ཏན་ཏིག་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བརྟན་ལྷིང་དང་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟླ་9པའི་ཚེས་20ཉིན་ནས་ཚེས་23ཉིན་བར་འཚོག་རྒྱུའི་གཏན་འབེབས་བྱས།
སྤྱོད་གཙང་གཞུང་དྲང་གི་ལུགས་སྲོལ་དར་སྤེལ་བཏང་།སྒྲིག་ཁྲིམས་ནན་མོས་འགན་འཁྲི་དོན་འཁྱོལ་བཏང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108