中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དོ་དམ་ནན་པོ་བྱ་རྒྱུ་ལྷོད་གཡེང་དུ་མི་གཏོང་སྟེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྲུང་སྐྱོང་བྱེད་པ། ——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིས་ཚོགས་ཆུང་ཁག་བགོས་བྱས་ནས་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས།

རྩོམ་པ་པོ་:此里只玛 和丽瑶 此里取次 汪晓洁 ཁྱབ་བསྒྲགས་དུས་ཚོད་:2026-09-23 09:53:52 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤྱོད་གཙང་གཞུང་དྲང་གིས་ལམ་བུ་གསར་པ་བཏོད་དེ་སེམས་ནུས་གཅིག་སྒྲིལ་གྱིས་སླར་ཡང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས། ཟླ་9ཚེས་21ཉིན་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ཞུགས་མཁན་འཐུས་མིས་ཚོགས་ཆུང་ཁག་བགོས་བྱས་ནས་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།
འཐུས་མི་ཚོས་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ཡོངས་སུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལངས་ཕྱོགས་བརྟན་པོ་ཁྱབ་པ་དང་སྤྱོད་གཙང་སྒྲིག་ནན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱུན་མཐུད་ནན་པོ་དང་རྒྱུན་རྣམ་ནན་པོའི་བརྡ་རྟགས་གསལ་པོ་བཏོན་ནས་འདས་ཟིན་པའི་ལོ་5ཡི་རིང་ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཏན་ཏིག་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་མ་འོངས་པའི་ལོ་5ཡི་རིང་གི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་གཙོ་གནད་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། ཁུལ་ཡོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་ལ་སྐུལ་འདེད་ཏན་ཏིག་གཏོང་བར་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། སྙན་སྒྲོན་ནང་བདེ་ཆེན་ཁུལ་གྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་དོན་དངོས་ལ་གཞི་ཚུགས་ཏེ་གྲུབ་འབྲས་ཕྱོགས་སྡོམ་དང་དངོས་ཐོག་བདེན་འཚོལ་དང་དུས་བབ་ལ་དབྱེ་ཞིབ་གནད་ལ་འཁེལ་བ་དང་ལས་འགན་བཀོད་སྒྲིག་མ་ལག་དངོས་སྒྲུབ་བྱས་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་དུས་མཚམས་དང་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་མཐུན་ཡོད། འཐུས་མི་ཚོས་སྙན་སྒྲོན་ལ་མགྲིན་གཅིག་ཏུ་མོས་མཐུན་གནང་བ་དང་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་རང་ངོས་ཀྱི་ལས་གནས་འགན་འཁྲི་དང་ལས་རིགས་ཁྱབ་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ངོས་འཛིན་གླེང་བ་དང་། མྱོང་ཚོར་གླེང་བ། དོན་འཁྱོལ་དོན་གཉེར་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཟབ་སྤེལ་དང་། གཞི་རིམ་གྱི་ལྟ་སྐུལ་དམ་འཛིན། སྲིད་དོན་གཙང་སྐྱོང་མི་བྱེད་པའི་ཉེན་ཁར་དོགས་ཟོན། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་འཚང་ཁ་ཤིག་ཤིག་གིས་གཏམ་བཤད་དང་སྤེལ་རེས་གཏིང་ཟབ་བྱས་ཡོད་ཅེས་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ་སྒྲིག་ཁྲིམས་ནན་པོས་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད་པས་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་འཛུགས་སྐྱོང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་སྒྲིག་ཁྲིམས་དང་སྤྱོད་ཚུལ་རྒྱུན་མཐུད་ངང་ནན་དུ་གཏོང་བ་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ངར་གཏོང་བྱས་ཏེ་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་དུས་རབས་གསར་པའི་སྲིད་ཁྲིམས་ལྕགས་དམག་ནུས་ཤུགས་ཡོད་རྒུས་རྡུང་བཟོ་བྱས་ནས་འདུ་ཤེས་འཛིན་སྟངས་དང་སྲིད་ཁྲིམས་ལས་དོན་གྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ་"གྲི་རྩེ་"ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་བཟུང་ནས་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་དངོས་ཀྱི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་ཡུན་རིང་བདེ་འཁོད་ཀྱི་སྲུང་ཡོལ་བརྟན་དུ་གཏོང་དགོས་ངོས་འཛིན་གནང་བ།
འཐུས་མི་ཚོས་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་གཞི་རིམ་གྱི་ལྟ་སྐུལ་ཏན་ཏིག་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུའི་ཐད་བརྒྱུད་རིམ་རང་བཞིན་དང་དམིགས་སའི་རང་བཞིན་གྱི་བཀོད་སྒྲིག་བྱས་པས་ཤང་གྲོང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་མཛུབ་ཁྲིད་རང་བཞིན་དང་དངོས་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། རང་འཁྲིའི་ལས་དོན་ལ་གཞི་ཚུགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ལྟ་སྐུལ་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་གི་གནད་དོན། གྲོང་གསེབ་ཀྱི་"མ་དངུལ་དང་མ་རྩ། ཐོན་ཁུངས་"དོ་དམ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་གནད་སྨིན་ཤུགས་འདོན་དང་། སྒྲིག་ཁྲིམས་ལག་བསྟར་ནན་པོ། གཞི་རིམ་གྱི་རུལ་སུངས་ཕྲན་བུ་དང་ཚུལ་མིན་སྤྱོད་ཡན་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ་ལྟ་སྐུལ་གྱི་ཕན་ནུས་དེ་དམངས་ཕན་གྱི་ཕན་འབྲས་སུ་ཏན་ཏིག་བསྒྱུར་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱ་ནན་པོ་བཏོན་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་མདུན་དུ་འཇོག་པ་དང་། རིམ་པ་རེ་རེ་བཞིན་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲི་གཙོ་བོ་དམ་དུ་གཏོང་བ། སྤྱོད་གཙང་རང་གཅུན་གྱི་མ་མཐའི་མཚམས་ཐིག་ནན་སྲུང་། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་སྒྲུབ་པ་དང་། སྤྱོད་གཙང་འགན་འཁུར་གྱིས་ལས་དོན་སྒྲུབ་པ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱད་ཚུལ་ནན་པོ་དང་དངོས་དོན་གཉེར་བའི་བྱེད་ཐབས་ལ་བརྟེན་ནས་ལས་དོན་ཁག་ཚད་ལྡན་དང་ལས་ཕྱོད་ཆེ་བའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས་ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་སུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་སྤྱོད་གཙང་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་ཕྱུགས་ལས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་མ་དངུལ་བེད་སྤྱོད་དང་ལག་རྩལ་ཞབས་ཞུ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་པོ་སྲུང་སྟེ་ཕྱི་ཚུལ་རིང་ལུགས་དང་ལས་དོན་ཏན་ཏིག་མེད་པ་སོགས་ཀྱི་གནད་དོན་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། སྤྱོད་གཙང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་གྲངས་མང་བ་དང་། མ་དངུལ་གྱི་འབྲེལ་ཐག་རིང་བ། སྲིད་དོན་གཙང་སྐྱོང་མི་བྱེད་པའི་ཉེན་ཁའི་གནས་མང་བ་བཅས་ཡིན་པས། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། "སེམས་ཀྱི་ཉི་ཟླའི་སྐར་མ་"ཞེས་པའི་ཁྱད་ཆོས་ལྡན་པའི་IPབསྐྲུན་དགོས། རྫ་ཆུའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཁྲོད། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྒྱུད་སྐུད་དམ་པོར་འཛིན་པ་དང་། རྣམ་གྲངས་དོ་དམ་ཚད་ལྡན་ནན་པོ་བཟོ་བ། ལས་རིགས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་རྣམ་ཅན་གྱི་སྲིད་གཙང་ཉེན་ཁར་དོགས་ཟོན་དང་སེལ་བ་དང་སྤྱོད་གཙང་སྲིད་སྐྱོང་གི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྣམ་གྲངས་ཚགས་དམ་པ་དང་མ་དངུལ་གྱི་གྲངས་འབོར་ཆེ་ཙམ་ཡོད་པ་དང་སྲིད་གཙང་གི་ཉེན་ཁ་གཅིག་སྡུད་ཡིན་པས་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན། དམིགས་བྱའི་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་ཞུར་བཀོད་སྒྲིག་དང་བླང་བྱ་ནན་པོ་འདོན་པ་དང་། གྲོང་ཁྱེར་གསར་སྒྱུར་དང་། སྡོད་ཁུལ་རྙིང་པ་བསྒྱུར་བཀོད། གྲོང་ཁྱེར་དོ་དམ་ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་རྣམ་གྲངས་ལ་དམིགས་པ། གཞི་རྩའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་རྒྱུན་ལྡན་ཅན་དུ་སྤེལ་བ། བསགས་འབོར་བུ་ལོན་སེལ་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལས་གྲྭའི་ཞིབ་མཆན་འགོད་པ་དང་། འཛུགས་སྐྲུན། ལྟ་སྐུལ་དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚད་ལྡན་ནན་པོ་བཟོ་བ། སྲིད་དོན་གཙང་སྐྱོང་མི་བྱེད་པའི་ཉེན་ཁ་སྣ་ཚོགས་སྔོན་འགོག་གནད་ལ་འཁེལ་བ་བྱས་ཏེ་སྒྲིག་ཁྲིམས་ཀྱི་འགྱུར་མེད་གཅུན་སྡོམ་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་ཚད་ལྡན་དོན་ཐོག་ཏུ་འཁྱོལ་བ་དང་སྤྱོད་གཙང་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས་སྙན་སྒྲོན་ནང་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་སྤྱོད་གཙང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་ལྕགས་དམག་གཏོད་པ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ནས་མཐོ་ཚད་ཡོད་པ་དང་ཟབ་ཚད་ཡོད་ལ་རྒྱ་ཆེ་ཚད་ཀྱང་ཡོད་པས་ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་གསལ་སྟོན་བྱས་ཡོད།གོམ་སྟབས་རྗེས་མར་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རང་རྟོགས་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་གཙང་བཟོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་ཁག་ལས་དོན་ཁག་དང་། ལས་གནས་ཁག ལྷུ་ཚིགས་ཁག་བཅས་སུ་ཁྱབ་པར་བྱས་ཏེ་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་ཁུལ་ཡོངས་སུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་ཇི་མ་ཇི་བཞིན་སྐུལ་འདེད་བཏང་སྟེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

དོ་དམ་ནན་པོ་བྱ་རྒྱུ་ལྷོད་གཡེང་དུ་མི་གཏོང་སྟེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྲུང་སྐྱོང་བྱེད་པ། ——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིས་ཚོགས་ཆུང་ཁག་བགོས་བྱས་ནས་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས།

དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་གྲ་སྒྲིག་ཚོགས་འདུ་འཚོགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་ཚོགས་པ་ཁག་གི་སྐོང་ཚོགས་བྱེད་མཁན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས།

སེམས་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་བསྐྲུན་ནས་ཡུན་རིང་བདེ་འགོད་ཀྱིས་ལེའུ་གསར་པ་སྐྲུན། —— བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་པ་ནས་བཟུང་དུས་བདེའི་འཛུགས་སྐྲུན་ལས་དོན་སྐོར་གྱི་སྒྲིལ་གླེང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com