ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་ཞིང་ཆེད་དོན་ཚོགས་འདུ་ཐེངས22པ་འཚོགས་པ།

ཟླ11པའི་ཚེས13ཉིན།ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས22གཙོ་སྐྱོང་གནང་ནས་འཚོགས།
ཟླ11པའི་ཚེས13ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་མཁར་གྱི་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོའི་ལས་གཞི་འཛུགས་སྐྲུན་སྐོར་ལ་བརྟག་ཞིབ་གནང་ཞིང་། དུས་མཚུངས་སུ་ཆེད་དོན་ཚོགས་འདུ་ཐེངས22གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ་ཨུའི་བླང་བྱ་གཞིར་བཟུང་སྟེ། དམིགས་ཡུལ་གསལ་པོ་བཟོ་བ་དང་འཕེལ་རིམ་དམ་འཛིན་བྱེད་པ། འགན་ལེན་ཡག་པོ་སྒྲུབ་པ། སྤོ་སྒྱུར་གྲ་སྒྲིག་ལེགས་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་འབད་བརྩོན་ཆེན་པོ་བྱས་ཏེ་དུས་ཐོག་ཏུ་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཚང་མ་ལེགས་འགྲུབ་བྱ་དགོས་ཞེས་ནན་བཤད་གནང་ཡོད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་་ཞིབ་དང་ཚོགས་འདུར་ཞུགས་ཡོད།
བརྟག་ཞིབ་ཁྲོད་དུ། ལུའོ་ཁྲའོ་ཧྥེང་དང་བཅས་པ་སྔ་རྗེས་སུ་འཇོལ་རྫོང་གི་སྡོད་ཁང་འགན་སྲུང་(སྲིད་འཛིན་ལྟེ་གནས་ས་ཁུལ་)དང་ཁ་བ་དཀར་པོ་ལམ་ཆེན་སོགས་ཨར་ལས་བྱེད་ཡུལ་དུ་ཕེབས་ཏེ། ལས་གཞི་སྤྱིའི་འཕེལ་རྒྱས་གནས་ཚུལ་ལ་ཡུལ་དངོས་གཟིགས་ཞིབ་བྱས་ཏེ། ལས་གྲྭ་སྤེལ་ཚད་དང་སྤུས་ཚད་ཚོད་འཛིན། བདེ་འཇགས་ཐོན་སྐྱེད། རྒྱུ་རྐྱེན་གཙོ་བོའི་འགན་ལེན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། དེའི་རྗེས་སྐོང་འཚོག་བྱས་པའི་ཆེད་དོན་ཚོགས་འདུ་ཐེངས22པའི་ཐོག བཟོ་སྐྲུན་ནང་ཞུགས་མཁན་གྱི་སྡེ་ཁག་དང་འཇོལ་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་ཀྱིས་སྙན་ཞུ་ཕུལ་ཡོད།
ལུའོ་ཁྲའོ་ཧྥེང་གིས"ཉིན་བརྒྱའི་འགག་སྒྲོལ་"འགོ་ཚུགས་པ་ནས་བཟུང་། ཁུལ་དང་རྫོང་རིམ་པ་གཉིས་དང་བཟོ་སྐྲུན་ནང་ཞུགས་མཁན་གྱི་སྡེ་ཁག་སོ་སོས་འཆར་གཞི་ལྟར་དམག་འཐབ་བརྒྱབ་པ་དང་ཤུགས་འདོན་འབད་བརྩོན་བྱས་པས་ལས་ཀ་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན། ཁོང་གིས་ལོ་མཇུག་གོང་གཞི་རྩའི་ཆ་ནས་གནས་སྤོ་ཆ་རྐྱེན་འཛོམས་པ་དམིགས་འབེན་མཁྲེགས་པོ་དེར་གཞིགས་ནས། དགོས་མཁོའི་གཞི་རྩ་སྲུང་བ་དང་ནུས་པའི་གཞི་རྩ་སྲུང་བ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་སྒོས་ཚོགས་པ་གལ་ཆེན་དང་མཁོ་གལ་ཆེ་བའི་ལས་གཞི་འཛུགས་སྐྲུན་སྐུལ་འདེད་གཏོང་དགོས། དམིགས་ཡུལ་མི་འགྱུར་བ་དང་ཚད་གཞི་མི་དམའ་བར་གསེར་ལྡན་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ཏེ། དུས་ཚོད་ལྡོག་རྩིས་རྒྱག་པ་དང་གོམ་སྟབས་གཅིག་མཚུངས་ངང་མདུན་སྐྱོད་བྱས་ནས། ལས་གཞི་དུས་བཀག་ནང་ལེགས་གྲུབ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ལུའོ་ཁྲའོ་ཧྥེང་གིས་རྒྱུ་རྐྱེན་གཙོ་བོ་འགན་ལེན་ལེགས་པར་བསྒྲུབས་ཏེ། ས་ཆའི་ཆོག་མཆན་སྤྲོད་པ་དང་ས་ཆ་སྤྱོད་དབང་སྤྲོད་པ། ས་ཞིང་བསྡུ་ལེན། ཁང་པ་བཤིག་སྤོར་དང་ས་གཞི་སྟེང་གི་དངོས་པོ་གཙང་སེལ་མགྱོགས་སུ་གཏོང་བ་དང་། རྒྱབ་སྐྱོར་སྲིད་ཇུས་བེད་སྤྱད་དེ་ཨར་ལས་རྩ་འཛུགས་ཇེ་ལེགས་སུ་བཏང་ནས། ལས་གཞི་སྙན་སེང་ཞུ་བ་དང་མ་དངུལ་གཅིག་གྱུར་འཆར་འགོད་ཐད་ཤུགས་སྣོན་རྒྱག་དགོས།རང་འགུལ་ངང་ཡར་ཞུ་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལས་གཞིའི་མ་དངུལ་བརྩོན་ལེན་བྱེད་པ་དང་། དངུལ་སྒོར་བཀོལ་སྤྱོད་ཕན་འབྲས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་རྫོང་མཁར་རྙིང་བའི་ས་ཆའི་གནོད་འགོག་བཅོས་སྐྱོང་ལ་དོ་སྣང་བྱས་ནས་བདེ་འཇགས་མཐའ་མཚམས་བརྟན་པོར་བསྲུང་དགོས། གནས་སྤོ་གྲ་སྒྲིག་ལེགས་པོ་བསྒྲུབ་རྒྱུ་ནི། ལས་བྱེད་པ་དང་མང་ཚོགས་དབར་བསམ་བློ་བརྗེ་རེས་ཟབ་མོ་སྤེལ་བ་དང་། ཉེན་གཡོལ་གནས་སྤོ་སྲིད་ཇུས་གསལ་བཤད་ཁ་གསལ་བྱེད་པ། ལས་ཀ་ཐམས་ཅད་ཞིབ་ཚགས་ཤིང་བརྟན་པོར་སྒྲུབ་པ་ཡིན། གོ་རིམ་ལྡན་པའི་ངང་ནས་ཁང་པ་འདེམས་པ་དངབགོས་ཏེ་མང་ཚོགས་སྡོད་རྒྱུར་གྲ་སྒྲིག་འདང་ངེས་ཤིག་འཇོག་དགོས། སྔོན་ཚུད་ནས་སྒྲིག་འཛུགས་སྦྲེལ་མཐུད་དང་གཞི་རིམ་སྤྱི་ཚོགས་དོ་དམ་ཇུས་འགོད་བྱས་ཏེ། རྫོང་མཁར་གསར་རྙིང་གཉིས་ཀ་མཉམ་དུ་འཛིན་སྐྱོང་བྱེད་དགོས། ལས་ཞུགས་རོགས་སྐྱོར་གནད་འཁེལ་ཅན་བསྒྲུབ་པ་དང་། ཐོན་ལས་གསོ་སྐྱོང་དང་ཚོང་འགུགས་མ་རྩ་འགུག་ཤུགས་ཇེ་ཆེར་བཏང་སྟེ། ས་གནས་དེ་གར་ལས་མི་བསྡུ་བ་དང་ཚོང་ལས་གཉེར་ནས་ཡོང་འབབ་འཕར་སྣོན་ཡོང་བར་བྱས་ནས་གནས་སྤོ་བྱེད་མཁན་མང་ཚོགས་རྣམས"གནས་སྤོ་ཐུབ་པ་དང་། བརྟན་ལྷིང་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་འགྱུར་ཐུབ་པའི"འགན་ལེན་བྱེད་དགོས་ཅེས་ནན་བཤད་གནང་ཡོད།
མ་མུའུ་དང་ཝང་ཝུའུ། མ་གོ་ཀྲུང་། དེ་བཞིན་ཁུལ་དང་འབྲེལ་ཡོད་སྡེ་ཁག འཇོལ་རྫོང་གི་ཏང་སྲིད་འགོ་ཁྲིད་གཙོ་བོ་རྣམས་བརྟག་ཞིབ་དང་ཚོགས་འདུར་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་ཞིང་ཆེད་དོན་ཚོགས་འདུ་ཐེངས22པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།
བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།
གྲོང་དར་དམངས་ཕྱུག་བྱས་ནས་དར་རྒྱས་ལ་སྐུལ་སྤེལ་གཏོང་། གངས་ལྗོངས་མཐོ་སྒང་གིས་རྣམ་པ་གསར་པ་གཏོད། ——བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་གྱི་སྒྲིལ་གླེང་།
བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108