ཁུལ་ཨུས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

ཚོགས་འདུའི་ཐོག་རྟེན་འབྲེལ་བྱེད་སྒོའི་སྤྱིའི་གྲ་སྒྲིག་ལས་དོན་གྱི་སྙན་སེང་ལ་གསན་ནས་རིམ་ཁག་སྡེ་ཚན་ཁག་གིས་སྔ་ཙམ་ཇུས་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་སྙན་སེང་བཅས་བྱས་ཏེ་དུས་འགོའི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་ཁས་ལེན་གང་ལེགས་གནང་།
ཚོགས་འདུའི་ཐོག་ནན་བཤད་གནང་དོན།རྟེན་འབྲེལ་བྱེད་སྒོའི་བརྗོད་བྱ་གཙོ་བོ་དང་གཙོ་རྐང་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བ་དང་ལྷག་པར་དུ་དུས་རབས་གསར་པར་སླེབས་ཚུན།ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་སྟོབས་ལྡན་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འགག་སྒྲོལ་དཀའ་སེལ་དང་།དྲིན་ཚོར་ཡར་བརྩོན།དཔལ་འབྱོར་དང་ཆབ་སྲིད།རིག་གནས།སྤྱི་ཚོགས།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནས་བླངས་པའི་ཕྱོགས་ཡོངས་ཀྱི་གྲུབ་འབྲས་དང་།བདེ་ཆེན་གྱི་གཏམ་རྒྱུད་སྔར་བས་ཡག་པོ་ཤོད།བདེ་ཆེན་གྱི་གཟུགས་བརྙན་བཟང་པོ་མངོན་དགོས།བདེ་ཆེན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་ཀྱིས་མངོན་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བྱེད་སྒོའི་སྤྱིའི་ཇུས་གཞི་རྒྱུན་མཐུད་ངང་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་དོན་ལས་འགན་ཞིབ་ཚགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་ཆེད་དོན་འཛིན་གྲྭའི་སྟོབས་ཤུགས་ཁུ་བསྡུ་བྱེད་པ། ལེབ་སྙོམས་ཅན་གྱི་བཀོད་འདོམས་མ་ལག་འཛུགས་པ་བཅས་བྱས་ཏེ་རྩ་འཛུགས་མ་ལག་ཁུ་བསྡུ་ནུས་ཆེ་དང་། མཐུན་སྦྱོར་ནུས་ལྡན། ལས་འགན་ཁག་གི་འགན་དབང་ཁ་གསལ། དོན་འཁྱོལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས། གྲུབ་འབྲས་འགྲེམས་སྟོན་དང་དཔེ་དེབ་རྩོམ་སྒྲིག་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།བྱེད་སྒོ་སྤེལ་ཡུལ་ཁག་གི་ས་ཆ་འདེམས་པའི་བཀོད་སྒྲིག་ཡག་པོ་བྱེད་པ། དྲིལ་བསྒྲགས་ཇུས་འགོད་འགྲེམས་སྟོན་ལ་དམ་འཛིན་ཡག་པོ་བྱེད་པ། རིག་རྩལ་མཉམ་འཛོམས་འཁྲབ་སྟོན་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ནས་དགའ་སྟོན་རྟེན་འབྲེལ་གྱི་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས། ཞིབ་ཕྲར་སྣང་ཆེན་དང་ཚད་ལྡན་ནན་པོ་བྱས་ཏེ་ཞིབ་ཚགས་ཅན་གྱི་བླང་བྱ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ནས་ལྷུ་ཚིགས་གཅིག་ཀྱང་མ་ལུས་པ་དང་ཁུག་ཀྱོག་མི་ལུས་པ་བྱེད་དགོས། ཁོར་ཡུག་ལེགས་གཏོང་དང་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་ནས་གཙང་ཞིང་གྲལ་འགྲིག་པ་དང་དགའ་སྤྲོ་འཆམ་མཐུན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཅིག་གཏོད་དགོས།འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁག་བགོས་དང་རང་འགན་གཙང་སྒྲུབ་དང་།གཞོགས་འདེགས་དམ་ཟབ། ཆད་བཤེར་ཆད་གསབ་བཅས་བྱས་ཏེ་གྲ་སྒྲིག་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
དབྱང་ཞུའེ་ཝུན་དང་། ཧོང་ལུང་ཞིན། མ་མུའུ། ཡུས་ཡུང་ཧུང་། དབྱང་ཅི་ཝུན། ཀྲོང་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།
- བདེ་ཆེན་གསར་འགྱུར།
ཁུལ་ཨུས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་ལས་དོན་ལ་བརྟག་ཞིབ་གནང་ཞིང་ཆེད་དོན་ཚོགས་འདུ་ཐེངས22པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།
བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།
གྲོང་དར་དམངས་ཕྱུག་བྱས་ནས་དར་རྒྱས་ལ་སྐུལ་སྤེལ་གཏོང་། གངས་ལྗོངས་མཐོ་སྒང་གིས་རྣམ་པ་གསར་པ་གཏོད། ——བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་གྱི་སྒྲིལ་གླེང་།
བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108