ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤྭ་ཁ་རི་བོ་མཛེས་ལྗོངས་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་པ། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཡུལ་སྐོར་ལས་རིགས་ཕུན་སུམ་ཚོགས་སུ་གཏོང་བ། འདྲེན་ལམ་རྒྱ་སྐྱེད་གཏོང་ནས། ཤྭ་ཁ་རི་བོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། གཉེར་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ། གཉེར་སྐྱོང་གནས་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ནས་མཛེས་ལྗོངས་ཁུལ་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མཛེས་ལྗོངས་ཁུལ་གསར་སྤེལ། ཡུལ་སྐོར་ཞབས་ཞུ་འགན་ལེན། རྒྱུན་གཏན་གྱི་གཉེར་སྐྱོང་གནས་ཚུལ་བཅས་ལ་གཟིགས་ཞིབ་གནང་བ་དང་། མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་བེད་སྤྱོད་དང་། ལས་རྣམ་བཀོད་སྒྲིག ཡུལ་སྐོར་བ་སྣེ་ལེན། གཉེར་སྐྱོང་ཕན་འབྲས་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་ཤྭ་ཁ་རི་བོའི་ལེགས་ཆ་མངོན་གསལ་དོད་ཅིང་། རི་མཐོའི་མཚེའུ་དང་། གངས་རི། སྐྱེ་ཁམས་འབྲོག་ར། རྐང་ཐང་ལམ་ཐིག་རྩེ་གྲ་སོགས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བསྟན།

ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་ཁྱད་ཆོས་ལ་གཞི་ཚུགས་ནས། ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཉམས་ལེན་གྱི་ཞན་ཆ་གསབ་པ་བྱས་ཏེ་ལྟ་སྐོར་སྤྲོ་གསེང་དང་། ཕྱི་རོལ་དུ་རྐང་ཐང་མར་སྐྱོད་པ། རང་བྱུང་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ལས་རྣམ་མུ་མཐུད་ཡག་པོ་བསྒྲུབས་ནས་ཁྱད་ལྡན་ཅན་དང་ཁྱད་པར་ཅན་གྱི་ཡུལ་སྐོར་ཉམས་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།དྲིལ་བསྒྲགས་བྲིན་ཚོང་བྱེད་སྟངས་གསར་གཏོད་བྱས་ཏེ་སྨྱན་སྦྱོར་གསར་པའི་ལས་སྟེགས་དང་རིག་གནས་ཡུལ་སྐོར་གྱི་དུས་སྟོན་བྱེད་སྒོར་བརྟེན་ནས་སྤུས་རྟགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ཆེན་ཕྱི་ནང་གི་འགྲུལ་ཁུངས་ཁྲོམ་ར་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།དྲིལ་བསྒྲགས་འཚོང་སྐུལ་བྱེད་སྟངས་གསར་གཏོད་བྱས་ཏེ་སྨྱན་སྦྱོར་གསར་པའི་ལས་སྟེགས་དང་རིག་གནས་ཡུལ་སྐོར་གྱི་དུས་སྟོན་བྱེད་སྒོར་བརྟེན་ནས་སྤུས་རྟགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ཆེན་ཕྱི་ནང་གི་འགྲུལ་ཁུངས་ཁྲོམ་ར་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།ཤྭ་ཁ་རི་བོའི་རང་བྱུང་སྐྱེ་ཁམས་དང་དམངས་སྲོལ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཆེད་གཏོགས་IPཡི་གཟུགས་བརྙན་གཏོད་ནས།ཤྭ་ཁ་རི་བོའི་རིག་གནས་ཡུལ་སྐོར་གྱི་གཏམ་རྒྱུད་བརྒྱུད་རིམ་ལྡན་པའི་ངང་ཡག་པོ་ཤོད་པ་དང་། ཁྱད་ལྡན་སྤུས་རྟགས་ལ་བརྟེན་ནས་མཛེས་ལྗོངས་ཁུལ་གྱི་ཕུགས་ཕན་གཉེར་སྐྱོང་བྱེད་ཐུབ་པ་བཅས་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་བཏང་ནས་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཉེར་སྐྱོང་དོ་དམ་བྱེད་སྟངས་ལེགས་སུ་བཏང་ནས་གཉེར་སྐྱོང་གི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།ཡུལ་སྐོར་ཞབས་ཞུའི་སྤུས་ཚད་དང་། བདེ་འཇགས་ཐོན་སྐྱེད། འཕྲལ་སྡོམ་དོ་དམ་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་སྤུས་ཚད་མཐོ་བའི་ཞབས་ཞུ་དང་། ཚད་གཞི་མཐོ་བའི་དོ་དམ། ཕན་འབྲས་ཆེ་བའི་གཉེར་སྐྱོང་བཅས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།
ཁུལ་གྱི་འགོ་ཁྲིད་ཞུས་སི་སི་དང་། ཞུང་ཝུན་པིན། མ་མུའུ་བཅས་བརྟག་ཞིབ་ནང་ཞུགས་པ།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་ཤྭ་ཁ་རི་བོར་ཕེབས་ནས་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།
བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།
གྲོང་དར་དམངས་ཕྱུག་བྱས་ནས་དར་རྒྱས་ལ་སྐུལ་སྤེལ་གཏོང་། གངས་ལྗོངས་མཐོ་སྒང་གིས་རྣམ་པ་གསར་པ་གཏོད། ——བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་གྱི་སྒྲིལ་གླེང་།
བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108