中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།

ཁྱབ་བསྒྲགས་དུས་ཚོད་:2026-11-12 15:32:42 འབྱུང་ཁུངས་:新华社

ཟླ་11པའི་ཚེས་9ཉིན་གྱི་མཚན་མོ་ནས་བཟུང་།  བདེ་ཆེན་ཁུལ་དུ་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་བྱུང་བ་དང་ས་བབ་མཐོ་བའི་རི་ཁུལ་དུ་གངས་བབས་པ་དང་ས་ཁོངས་ཁག་གཅིག་གི་གངས་གསོག་ཚད་ལི་སྨི་5ལས་བརྒལ་ཡོད། གངས་བབས་པ་དང་འགྲོ་ལམ་དུ་དར་ཆགས་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་རི་མཐོའི་སྦྲེལ་ཚུགས་ཁག་གཅིག་གི་གྲོང་ཁྱེར་གྱི་གློག་འདོན་བྱེད་མཚམས་ཆད་པ་དང་རི་འཛེག་སྟབས་བདེའི་ལམ་དུ་གངས་གིས་ཁྱབ་ནས་འཕྲིན་གཏོང་དྲ་རྒྱ་ལ་ཚོད་བགམ་འཕྲད་ཡོད།  ཀྲུང་གོའི་སྤོ་འགུལ་ཡུན་ནན་ཡན་ལག་ཀུང་སིའི་བདེ་ཆེན་ཡན་ལག་ཀུང་སི་(གཤམ་དུ་བདེ་ཆེན་སྤོ་འགུལ་ཞེས་བསྡུས)ཡིས་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་གྱི་སྔོན་ཇུས་མགྱོགས་མྱུར་ལག་ལེན་བསྟར་ནས་ནུས་ཤུགས་ཡོད་རྒུས་འཕྲིན་གཏོང་དྲ་རྒྱ་བདེ་འཇགས་དང་བརྟན་ལྷིང་ངང་འཁོར་སྐྱོད་བྱ་རྒྱུ་སྲུང་སྐྱོང་བྱས་ཡོད།

བདེ་ཆེན་སྤོ་འགུལ་གྱིས་དུས་ཐོག་ཏུ་སྒུལ་ཤུགས་ཁོར་ཡུག་ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་ནས་ཁུལ་ཡོངས་ཀྱི་ས་བབ་མཐོ་བའི་སྦྲེལ་ཚུགས་ལ་རེས་སྐོར་སྐོར་ཞིབ་བྱས་ཏེ་ཤུགས་རྐྱེན་ཐེབས་པའི་སྦྲེལ་ཚུགས་ཀྱི་ཞིབ་ཐོ་གསེད་བཀྲོལ་བྱས་པ་དང་འཕྲལ་སྡོམ་མྱུར་བཟོའི་ཡན་ལག་རུ་ཁག་བཙུགས་པ། སྔོན་ཚུད་གྱིས་སྣུམ་འཕྲུལ་དང་འོད་ཐག ཡོ་བྱད་སྒམ་སོགས་ཀྱི་དངོས་རྫས་བཀོད་སྒྲིག་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རི་ཐོག་ཏུ་འཛེགས་རྒྱུའི་གྲ་སྒྲིག་ཡག་པོ་བྱས་པ་རེད།

图片

སྲུང་སྐྱོང་མི་སྣས་ཕྲག་ཏུ་འོད་ཐག་འཁུར་བ་དང་ལག་ཏུ་ཡོ་བྱད་སྒམ་འཁྱེར་ཏེ་རྐང་ཐང་མར་རི་ཐོག་ཏུ་འཛེགས། (2026ལོའི་ཟླ་11པའི་ཚེས་10ཉིན་པར་བླངས། )

གངས་ཀྱིས་ཁྱབ་པའི་རི་མཐོའི་སྦྲེལ་ཚུགས་སུ་སྲུང་སྐྱོང་མི་སྣར་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི“རླངས་འཁོར་སླེབས་མི་ཐུབ་པ་དང་མི་འགྲོ་དགོས་པ”དེ་རེད། གངས་གསོག་པ་དང་ལམ་ངོས་དར་ཆགས་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱེས་བགྲོད་འཁོར་རིགས་ཁག་གཅིག་རི་སྐེད་དུ་སླེབས་མི་ཐུབ་པ་དང་རྗེས་མཐུད་ལམ་དུམ་དུ་རྐང་ཐང་མར་བསྐྱོད་དགོས་ཀྱི་ཡོད། འཁོར་རིགས་སླེབས་ཐུབ་པའི་ས་ཚིགས་སུ་སྲུང་སྐྱོང་མི་སྣས་སྔོན་ལ་གངས་ནང་ཁ་སྦུབ་ཏུ་ཉལ་ནས་གཞི་སྒྲོམ་དང་བྱེས་བགྲོད་འཁོར་ལོ་ལ་ཞིབ་བཤེར་གཏན་འཁེལ་བྱས་ཏེ་གོམ་སྟབས་རྗེས་མའི་རླངས་འཁོར་བདེ་འཇགས་ཡོང་བའི་འགན་ལེན་བྱས།

མྱུར་བཟོ་མི་སྣས་འོད་ཐག་དང་འཕྲལ་སྡོམ་ཡོ་བྱད་སྒམ་ཁུར་ནས་པུས་མོའི་གཏིང་ཟབ་པའི་གངས་ཆགས་དང་སྨུག་པས་ཁེངས་པའི་ལྡུམ་ཤིང་ཚོམ་དབར་སྦྲེལ་ཚུགས་ཕྱོགས་སུ་བསྐྱོད་ཀྱི་ཡོད། རླངས་འཁོར་གཏོང་ཐབས་བྲལ་བའི་ལམ་དུམ་དུ་མི་གཉིས་ཀྱིས་མཉམ་དུ་རླངས་སྣུམ་གློག་འདོན་འཕྲུལ་འཁོར་བཏེགས་ནས་གངས་ཀྱིས་ཁྱབ་པའི་ལམ་ཕྲན་བརྒྱུད་དེ་དལ་མོ་ངང་འཛེགས་ཀྱི་ཡོད་པ་རེད།

图片

མི་གཉིས་ཀྱིས་མཉམ་དུ་རླངས་སྣུམ་གློག་འདོན་འཕྲུལ་འཁོར་བཏེགས་ནས་གློག་ཆད་པའི་སྦྲེལ་ཚུགས་ཕྱོགས་སུ་བསྐྱོད། (2026ལོའི་ཟླ་11པའི་ཚེས་10ཉིན་པར་བླངས། )

སྦྲེལ་ཚུགས་སུ་སླེབས་རྗེས། སྲུང་སྐྱོང་མི་སྣས་འཕྲལ་མར་སྣུམ་འཕྲུལ་སྦྲེལ་མཐུད་དང་འཕྲལ་སྡོམ་གློག་གཏོང་སྤེལ་འགོ་ཚུགས་པ།  སྦྲེལ་ཚུགས་ཀྱི་གློག་ཁུངས་དང་། སྐྱེལ་འདྲེན་སྐུད་ལམ། སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་བཅས་རེ་རེ་བཞིན་གྲལ་བཤེར་སླར་གསོ་བྱས་པ་རེད།

ས་བབ་མཐོ་བའི་སྦྲེལ་ཚུགས་སུ་གློག་ཆད་ཚེ་གློག་གསོག་སྣོད་ཆས་མཐུད་སྐྱོད་ཚད་ཡོད་པས་ངེས་པར་དུ་དུས་ཚོད་ཐུང་ཤོས་ནང་སྣུམ་འཕྲུལ་སྦྲེལ་བ་དང་བརྒྱུད་གཏོང་འཕྲལ་མྱུར་བྱེད་དགོས།  ཡུལ་དངོས་སྲུང་སྐྱོང་མི་སྣས་བཤད་པ་ལྟར་ན།  ཐེངས་འདིའི་གངས་སྔ་ཙམ་བབས་པ་དང་ས་བབ་ཇི་ཙམ་མཐོ་ན་གངས་གསོག་ཚད་དེ་ཙམ་གྱིས་མཐུག་མོད། འོན་ཀྱང་ཚང་མས་དགུན་དུས་རི་འཛེགས་ནས་འགན་ལེན་བྱ་རྒྱུ་ལ་གཏན་འཇགས་ཀྱི་བརྒྱུད་རིམ་ཞིག་ཆགས་ཡོད་དེ། ལྟ་སྡོམ་གྱིས་སྔོན་ལ་ཉེན་བརྡ་གཏོང་བ་དང་། དངོས་རྫས་སྔོན་ལ་གནས་སུ་འབྱོར་བ། དཔུང་སྡེ་སྔོན་ལ་མདུན་དུ་བསྐྱོད་པ། གློག་ཆད་པའི་ས་ཚིགས་འཕྲད་སྐབས་དུས་ཐོག་ཏུ་རྐང་ཐང་མར་གློག་གཏོང་དུ་བསྐྱོད་དེ་དུས་ཡུན་རིང་པོར་དྲ་རྒྱ་ཆད་པའི་གནས་ཚུལ་མི་བྱུང་བར་སྔོན་འགོག་བྱས།

མིག་སྔའི་བར་དུ།  བདེ་ཆེན་སྤོ་འགུལ་གྱིས་རིམ་བརྩིས་བྱས་ན་འཕྲལ་སྡོམ་འཁོར་རིགས་5བཏང་བ་དང་། མྱུར་བཟོ་མི་སྣ་མི་ཐེངས་10མངགས་པ། རི་མཐོའི་སྦྲེལ་ཚུགས་12ལ་ཡུལ་དངོས་ཀྱི་སྐོར་ཞིབ་དང་འཕྲལ་སྡོམ་གློག་གཏོང་འགན་ལེན་ལེགས་འགྲུབ་བྱས་ནས་ཤུགས་རྐྱེན་ཐེབས་པའི་སྦྲེལ་ཚུགས་ཀྱི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། གཞི་ཁྱོན་ཆེ་བའི་འཕྲིན་གཏོང་ཆད་མེད་པ། མངའ་ཁུལ་ནང་གི་སྤྱོད་མཁན་གྱི་འཕྲིན་གཏོང་ཞབས་ཞུར་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་མེད།

གོམ་སྟབས་རྗེས་མར།  བདེ་ཆེན་སྤོ་འགུལ་གྱིས་རྒྱུན་མཐུད་ངང་གནམ་གཤིས་འགྱུར་ལྡོག་ལ་རྗེས་འདེད་བྱས་པ་དང་། འཕྲལ་སྡོམ་འགན་ལེན་དཔུང་ཁག་བཀའ་སྒུག་རྣམ་པ་རྒྱུན་འཁྱོངས་བྱེད་པ། ས་བབ་མཐོ་བའི་སྦྲེལ་ཚུགས་ཀྱི་འགུལ་འཁོར་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་དངོས་ཀྱི་སྐོར་ཞིབ་ཐེངས་མང་བྱེད་པ། སྔོན་ཚུད་ཀྱིས་སྣུམ་འཕྲུལ་གྱི་འབར་སྣུམ་སྣོན་དང་། གྲབས་ཆས་གྲབས་འཇོག རི་འཛེག་ལམ་ཐིག་གྲལ་བཤེར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གངས་བབས་རིང་འཕྲིན་གཏོང་དྲ་རྒྱ་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།

གྲོང་དར་དམངས་ཕྱུག་བྱས་ནས་དར་རྒྱས་ལ་སྐུལ་སྤེལ་གཏོང་། གངས་ལྗོངས་མཐོ་སྒང་གིས་རྣམ་པ་གསར་པ་གཏོད། ——བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་གྱི་སྒྲིལ་གླེང་།

བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།

ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com