中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།

ཁྱབ་བསྒྲགས་དུས་ཚོད་:2026-11-13 16:43:43 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཏང་ཀྲུང་དབྱང་གི་གཅིག་འགྱུར་བཀོད་སྒྲིག་ལྟར།  ཟླ་11པའི་ཚེས་12ཉིན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ།  རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་། 

ཞིང་ཨུའི་ཧྲུའུ་ཅི་མོ་ཀའོ་དབྱི་ཡིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཞིང་དཔོན་ལིའུ་ཆི་ཧྥན་དང་།  ཞིང་ཨུའི་ཧྲུའུ་ཅི་གཞོན་པ།  ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ཁའེ་བཅས་ཚོགས་འདུར་ཞུགས། 

图片

ཟླ11པའི་ཚེས་12ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས།

སྙན་ཞུའི་ཚོགས་འདུ་ཐོག  ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་གྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《ཆོད་དོན》ལ་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་།  དུས་རབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཁོང་དུ་གཏིང་ཟབ་ཆུད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་འཐབ་ཇུས་ལས་འགན།  བྱེད་ཐབས་གལ་ཆེན་བཅས་ཁོང་དུ་གཏིང་ཟབ་ཆུད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་གྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་སོགས་ཁོང་དུ་གཏིང་ཟབ་ཆུད་པ་བཅས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་རྒྱག་པ་རེད།

ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་ཁྲོད་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཞིག་རིང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་ལ། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་པ།  ཏང་ཀྲུང་དབྱང་གི་གཅིག་འགྱུར་བཀོད་སྒྲིག་ལྟར་ཉིན་རེའི་ལས་རིམ་གལ་ཆེན་དུ་བཀོད་པ་དང་ཞིབ་ཚགས་སྒོས་ལག་བསྟར་སྒྲིག་འཛུགས་བྱེད་པ། རྒྱུན་མཐུད་ངང་གཏིང་ཟབ་དང་ཏན་ཏིག་གཏོང་བ།  ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་ཞུས་དགོས། 

མོ་ཀའོ་དབྱི་ཡིས་གོམ་སྟབས་རྗེས་མའི་ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་དང་སྒྲོག་འགྲེལ་ལས་དོན་ལ་བླང་བྱ་བཏོན་ཏེ།  ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས།  བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་།  ཟབ་སྦྱོང་མཐིལ་རྟོགས་ཐད་འབད་བརྩོན་བྱེད་དེ་གཙོ་གནད་སློབ་སྦྱོང་དང་མཐའ་གསལ་མཐིལ་རྟོགས་ཀྱིས་སློབ་སྦྱོང་བྱེད་པ། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་ཏལ་འབིགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། འཁྲི་འགན་འཁུར་བཟོད་ཆེ་རུ་གཏོང་བ། སྤྱོད་ཚུལ་ནན་པོ་ཞུན་བརྡར་བཅས་བྱེད་དགོས།  སྒྲོག་འགྲེལ་དང་དྲིལ་བསྒྲགས་ཐད་འབད་བརྩོན་བྱེད་དེ་ཁ་ཕྱོགས་དང་ཕྱོགས་སྟོན་ཡང་དག་ཁོང་དུ་ཆུད་པ་དང་། བྱེད་སྟངས་དང་བྱེད་ཐབས་ལ་སྣང་ཆེན་བྱེད་པ། ཐད་མཐོང་དང་གསོན་ཉམས་དོད་པའི་རྣམ་པའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁྱོན་ཡོངས་དང་། གསལ་པོ། ཁ་གསལ་བཅས་ཀྱི་སྒོ་ནས་བཤད་དགོས།  ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དེ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་གུང་ཁྲན་ཏང་གི་དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་གཏམ་རྒྱུད་ཡག་པོ་བཤད་དགོས། ཕྱོགས་སྒྱུར་དང་བེད་སྤྱོད་ཐད་འབད་བརྩོན་བྱེད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལག་ལེན་ཐོག་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་དོན་འཁྱོལ་བྱེད་པ། ལས་གནས་ཀྱི་འགན་འཁྲི་སྒྲུབ་པའི་ཐོག་དོན་འཁྱོལ་བྱས་ནས་ཏང་ཡོན་ལས་བྱེད་པས་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ལ་དམ་འཛིན་དང་། འབད་འབུངས་ཀྱི་ཉམས་འགྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་དམ་འཛིན། སྤྱོད་ཚུལ་བཟང་པོར་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་“ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་སྐྱོད་ལམ་བུའི་ཐོག་རྣམ་པ་གསར་པ་དང་ལས་རྗེས་གསར་པ་མངོན་པར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་།

图片

ཟླ་11པའི་ཚེས་12ཉིན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས།

ཞིང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཡུན་ནན་དུ་ཡོད་པའི་འགོ་ཁྲིད།  ད་ལྟའི་ལས་འགན་ལས་ཕྱིར་འཐེན་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད།  ཞིང་ཆེན་རིམ་པ་གཞོན་པའི་ཡན་གྱི་འགོ་ཁྲིད་ལས་འགན་འཁུར་མྱོང་བའི་བློ་མཐུན་རྒན་གྲས། ཞིང་ཆེན་རིམ་པའི་སྡེ་ཚན་དང་ལས་ཁུངས།  ཀྲུང་དབྱང་གི་ཡུན་ནན་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ཞིང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་འཐུས་མི། ཁུན་མིང་གི་མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་དང་ན་གཞོན་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས།  སྙན་ཞུའི་ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་རིམ་པར་འཚོགས་པ་དང་ཞིང་ཆེན་ཡོངས་ཀྱི་མི་ཁྲི་1.8ལྷག་དེའི་ནང་ཞུགས་ཡོད། 

ཚེས་12ཉིན་གྱི་ཕྱི་དྲོར། ཀྲང་ཧྥུའུ་ཧའེ་ཡིས་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་ལ་དམིགས་ནས་ཏང་ཡོན་ལས་བྱེད་པའི་འཐུས་མི་དང་སྤེལ་རེས་གནང་། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཁུན་མིང་དུ་འཚོགས། ཀྲང་ཧྥུའུ་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། མོ་ཀའོ་དབྱི་ཡིས་གཙོ་སྐྱོང་གནང་། ལིའུ་ཆི་ཧྥན་དང་ལིའུ་ཧུང་ཅན། ལིའུ་ཞའོ་ཁའེ་བཅས་ཞུགས།

བདེ་ཆེན་སྤོ་འགུལ་གྱིས་ནུས་ཤུགས་ཡོད་རྒུས་དྲོད་ཚད་དམའ་བའི་གངས་ཆར་གནམ་གཤིས་ཀྱི་འཕྲིན་གཏོང་འགན་སྲུང་ལས་དོན་ཡག་པོ་སྒྲུབ།

གྲོང་དར་དམངས་ཕྱུག་བྱས་ནས་དར་རྒྱས་ལ་སྐུལ་སྤེལ་གཏོང་། གངས་ལྗོངས་མཐོ་སྒང་གིས་རྣམ་པ་གསར་པ་གཏོད། ——བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་གྱི་སྒྲིལ་གླེང་།

བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།

ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com