སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་སྐབས་བཞི་པ་འཚོགས་པ།


ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ཧྲུན་ཧྥུང་ཚོགས་པའི་གཙོ་འཛིན་གཞོན་པ་ཐན་ཅིང་ཧྭ་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་བྱེད་སྒོ་གཙོ་སྐྱོང་བྱས་པ་མ་ཟད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ། ཡུན་ནན་ཧྲུན་ཧྥུང་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅང་ལེ། ཀྲུང་གོའི་བཟའ་བཅའ་དང་ཞིང་ལས་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་བཟའ་བྱའི་ཤ་མོ་ཡན་ལག་ཚོགས་པའི་དྲུང་ཡིག་ཆེན་མོ་ལིའུ་ཙི་ཆང་། ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ་ཅ་ཞའོ། ཀྲུང་གོའི་བཟའ་བཅའ་དང་ཞིང་ལས་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་བཟའ་བྱའི་ཤ་མོའི་ཡན་ལག་ཚོགས་པའི་མིང་རྟགས་བློ་འདོན་པ་ལི་ལིན་ཁྲུན། ཀྲུང་གོའི་ཚད་ལྡན་ཅན་མཐུན་ཚོགས་སྤུས་ཚད་རིམ་བགོས་ཆེད་དོན་ལས་ཀ་ཚོ་ཆུང་གི་ཚོ་གཙོ་གཞོན་པ། ཚད་ལྡན་ལག་རྩལ་པུའུ་ཡི་ལས་སྒོའི་གཙོ་སྐྱོང་ལིའུ་མིང་དབྱི། རྩལ་སྦྱོང་གི་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཀུའོ་ཝེ་དབྱང་། དྲག་རྩལ་གྱི་འཛམ་གླིང་གི་ཨང་དང་པོ་ཡན་ཉིང་ཉིང་བཅས་དང་མཉམ་དུ་2026ལོའི་སེམས་ཀྱི་ཉི་ཟླའི་བེ་ཤའི་དུས་ཚིགས་འགོ་སློང་།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། བདེ་ཆེན་གྱི་རང་བྱུང་སྐྱེ་ཁམས་ཡག་པོས་སྐད་གྲགས་ཁྱབ་པའི་“སེམས་ཀྱི་ཉི་ཟླའི་བེ་ཤ་”གསོ་སྐྱོང་བྱས་པ། དེའི་མིང་རྟགས་ཀྱི་རིན་ཐང་བསྟུད་མར་ལོ་གསུམ་ཀྲུང་གོའི་བཟའ་བྱའི་ཤ་མོའི་བེ་ཤའི་རིགས་ས་ཁོངས་མིང་རྟགས་ཀྱི་ཨང་དང་པོ་གཟི་བརྗིད་ཀྱི་སྒོ་ནས་དང་དུ་ལེན་པ། བེ་ཤ་ནས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་པ། སེམས་ཀྱི་ཉི་ཟླའི་བེ་ཤ་དེ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཁྱབ་པའི་བདེ་ཆེན་གྱི་ནོར་བུར་གྱུར་བ་མ་ཟད། བདེ་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་མིང་ཤོག་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བོའི་འདེགས་སྐྱོར་ནུས་ལྡན། ཕྱི་ཕྱོགས་ལ་སྒོ་འབྱེད་སྤེལ་རེས་བྱེད་པའི་འབྲེལ་ཐག་གལ་ཆེན། ཐོན་ལས་ཕྱོགས་སྒྱུར་རིམ་སྤར་གྱི་གསོན་ཉམས་ལྡན་པའི་བསྡུས་རིས་བཅས་ཀྱང་ཡིན། དེ་རིང་གི་བདེ་ཆེན་དུ་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས། འབྱུང་འཕྲོད་ཐོན་ཁུངས། འབྱུང་འཕྲོད་གཏེར་ལས་བཅས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་སྨན། དེང་རབས་ཟོག་འགྲུལ་ཐོན་ལས་གྲ་སྒྲིག་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་རྒྱུན་མི་ཆད་པར་བྱུང་ཡོད་པས། ལས་རིགས་ཁག་གི་མི་སྣས་བེ་ཤ་སྨྱན་བྱེད་དུ་བྱས་ནས་བདེ་ཆེན་དུ་ཞུགས་པ་དང་བདེ་ཆེན་ལ་རྒྱུས་ལོན་བྱེད་པ། བདེ་ཆེན་དུ་མ་དངུལ་འཇོག་པ། བདེ་ཆེན་དུ་འབད་འབུངས་བྱེད་དེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རེ་བ་བཏོན།

གླེང་སྟེགས་ཐོག ལས་རིགས་ཀྱི་ཆེད་ལས་མཁས་པས་སེམས་ཀྱི་ཉི་ཟླའི་བེ་ཤ་ཐོན་ལས་རིམ་སྤར་དང་མིང་རྟགས་ཀྱི་ནུས་པ་སྤྲོད་པ། ཐོན་ཚོང་གཉིས་བཟང་སོགས་ཀྱི་ནང་དོན་ལ་སྐོར་ནས་རིམ་པའི་ཚད་གཞིས་འདེད་སྐུལ་བྱེད་པའི་འོག་གི་སེམས་ཀྱི་ཉི་ཟླའི་བེ་ཤའི་མིང་རྟགས་ཀྱི་རིན་ཐང་མཐོ་འདེགས་དང་། མིང་རྟགས་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣེ་ཁྲིད་པའི་ཐབས་ལམ་བཅས་ལ་ཞིབ་དཔྱད་གཏིང་ཟབ་བྱས།
བྱེད་སྒོས་སེམས་ཀྱི་ཉི་ཟླའི་བེ་ཤའི་རིམ་པ་བགོས་བའི་ཚད་གཞི་དང་2026ལོའི་བེ་ཤའི་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ། དེ་བཞིན་ཧྲུན་ཧྥུང་གི་2026ལོའི་བེ་ཤ་སྐྱེལ་འདྲེན་ཐག་གཅོད་ཇུས་གཞི་བཅས་ཁྱབ་བསྒྲགས་བྱས། ཀུའོ་ཝེ་དབྱང་དང་ཡན་ཉིང་ཉིང་གཉིས་སེམས་ཀྱི་ཉི་ཟླའི་བེ་ཤའི་དྲིལ་བསྒྲགས་གཞུང་ཚབ་ཆེ་མོ་བའི་འགན་འཁུར་བ་གདན་དྲངས། ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་བདེ་ཆེན་བའི་ལུས་རྩལ་པ་གསུམ་ལ་2026ལོའི་སེམས་ཀྱི་ཉི་ཟླའི་བེ་ཤ་འོས་སྦྱོར་གཞུང་ཚབ་ཆེ་མོ་བ་ཞེས་པའི་མཚན་སྙན་སྤྲོད་པ། བེ་ཤའི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་གན་རྒྱ་འཇོག་པ། “སེམས་ཀྱི་ཉི་ཟླའི་བེ་ཤའི་”རྒྱལ་ཁབ་ས་ཁམས་རྟགས་མཚན་བེད་སྤྱོད་འོས་ཚད་ཐོབ་པའི་ཁེ་ལས་ལྔ་ལ་བྱང་བུ་སྤྲོད་པ།
རང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ལས་རིགས་ཁག་གིས་ཆེད་ལས་མཁས་པ། ཁེ་ལས་ཀྱི་འཐུས་མི། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་སོགས་ཀྱི་སྐུ་མགྲོན་བྱེད་སྒོར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་སྐབས་བཞི་པ་འཚོགས་པ།
ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་དམག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།
ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཁོངས་ཡོངས་ལྟ་སྐོར་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་དང་གནས་ཐིག་གཏན་འཁེལ་གཞི་རྩར་འཛིན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་དེ་མཁྲེགས་གཏོར་དང་དཀའ་གནད་སེལ་ནས་ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་གྱི་ཚད་ཤིང་རྣམ་གྲངས་བཞེངས་སྐྲུན་བྱེད་དགོས།
ཀྲང་ཝེ་ཏུང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་ཕེབས་ནས་ཁེ་ལས་འཕེལ་རྒྱས་དང་ཞིང་འབྲེལ་ཞིང་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108