中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རང་ཁུལ་གྱིས་དབྱར་གསེང་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་བའི་ཁེ་དབང་སྲུང་སྐྱོང་བྱེད།

རྩོམ་པ་པོ་:陈义 ཁྱབ་བསྒྲགས་དུས་ཚོད་:2026-07-16 15:45:16


图片
 

ཉེ་སྔོན།བདེ་ཆེན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དབྱར་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།རྡོ་མཁར་རྫོང་དང་།སུམ་རྩེན་གླིང་།སྟག་མཆོང་གྲོག་རོང་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་དང་མཐའ་འཁོར་གྱི་ཡུལ་སྐོར་བ་འདུ་འགྲེམས་ལྟེ་གནས་གཙོ་བོར་བྱས་ཏེ་ཡུལ་སྐོར་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཞིབ་བཤེར་ནན་པོ་བྱས་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ།

ད་ཐེངས་ཀྱི་བཅོས་སྒྲིག་ནང་དབྱར་ཁའི་གུང་གསེང་རིང་གི་ཡུལ་སྐོར་ཞུ་གཏུག་དང་ལྟ་སྐུལ་དོ་དམ་གྱི་དཀའ་གནད་ལ་དམིགས་ནས་བཟའ་བཏུང་ཞག་སྡོད་དང་།ཁྱད་ལྡན་ཐོན་རྫས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་ཀྱི་ལས་རྣམ་གཙོ་གནད་གྲལ་བཤེར་ཁྱབ་ཁོངས་ནང་འཇུག་ཕྱོགས་གསུམ་ཐད་ཀྱི་གནད་དོན་བཅོས་སྒྲིག་ནན་པོ་བྱེད་དེ།རིན་གོང་གི་སྒྲིག་ལམ་ཐད་རིན་གོང་གི་ཆ་འཕྲིན་ཁ་གསལ་མེད་པ་དང་།ཟོག་གོང་ཧམ་སྤོར་བྱེད་པརིན་གོང་ཁ་བསླུས་རྒྱག་པབཙན་ཤེད་ངང་འཛད་སྤྱོད་བྱེད་དུ་འཇུག་པ་སོགས་ཀྱི་སྣང་ཚུལ་ལ་ཞིབ་བཤེར་ནན་པོ་བྱས།གཉེར་སྐྱོང་བྱ་སྤྱོད་ཐད་དྲིལ་བསྒྲགས་རྫུས་མ་དང་།ཉོ་སྒྲུབ་འཇམ་ཁྲིདའཛད་སྤྱོད་བསྡམས་བཀྱིགས་སོགས་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་ཏང་བཟའ་བཅའི་བདེ་འཇགས་ཐད་དུས་ཚོད་ཡོལ་བ་དང་། “གསུམམེད”རྫུས་ལྷད་ཞན་གསུམ་གྱི་བཟའ་བཅའ་བཅས་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ་འབྱུང་རྩ་ནས་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་གཙང་བཟོ་བྱས།

ཁྲིམས་འཛིན་བྱེད་སྟངས་ཐད།ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱུན་གཏན་གྱི་སྐོར་ཞིབ་དང་འཕྲལ་སྡོམ་འཐེན་བཤེར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་བྱེད་པོ་ཚང་མར་མཐིལ་རྟོགས་བྱས་པ།རིན་གོང་ཡོངས་བསྒྲགས་ཚད་ལྡན་མེད་པ་དང་ཐབ་ཚང་གི་འཕྲོད་བསྟེན་ཚད་གཞི་མ་ལོན་པ་སོགས་ཀྱི་གནད་དོན་ཆུང་གྲས་ལ་འཕྲལ་དུ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་དང་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་ཡང་ཞོར་དུ་བྱས།ཡུལ་སྐོར་བར་མགོ་སྐོར་གཏོང་བ་དང་ཚོང་ཟོག་རྫུས་མ་དང་སྤུས་ཞན་འཚོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དཔེ་མཚོན་གྱོད་གཞི་དམར་འདོན་བྱས་པ་བརྒྱུད་ཟིལ་གནོན་ནུས་ལྡན་ཐུབ་པ་བྱས

ཁེ་དབང་སྲུང་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་ཆེདཅུས་འདིས་“12315”ཡི་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་སྔར་བས་ཤར་གཏོང་བྱས་པ་མ་ཟད“ལག་ཐོགས་ཁ་པར་གཅིག་ལ་བརྟེན་ནས་ཡུན་ནན་དུ་ཡུལ་སྐོར་བྱེད་པ”སོགས་བློ་རིག་ལས་སྟེགས་ཐོག་མགྱོགས་མྱུར་དང་ལེན་གྱི་ཟླུམ་འཁོར་ལམ་སྲོལ་བཙུགས་ཏེ་ཡུལ་སྐོར་འཛད་སྤྱོད་རྩོད་གཞི་འཕྲལ་མར་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ནས་ཡུལ་སྐོར་བ་བློ་བདེ་བའི་ཡུལ་སྐོར་ཁོར་ཡུག་ཅིག་མཁོ་འདོན་བྱས

ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་དབྱར་གསེང་བཅོས་སྒྲིག་གི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནསགཙོ་གནད་ས་ཁོངས་དང་འཚང་ཁ་ཆེ་བའི་དུས་མཚམས་སུ་སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་རྒྱུ་དང་།དེ་དང་ཆབས་ཅིག་རིག་གནས་ཡུལ་སྐོར་དང་སྤྱི་བདེ་སོགས་སྡེ་ཚན་གྱི་ཁྲིམས་འཛིན་མཉམ་འགུལ་དང་ཁུངས་སྣེ་མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་བ།ལས་རིགས་ཀྱི་རང་གཅུན་དང་ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པབཅོས་སྒྲིག་དང་ཁྲིད་སྟོན་མཉམ་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཡུལ་སྐོར་གཉེར་སྐྱོང་གི་སྒྲིག་ལམ་རྒྱུན་མཐུད་དང་ཚད་ལྡན་དུ་གཏོང་རྒྱུ་ཞེས་བཤད

འགན་འཁུར་རྩོམ་སྒྲིག་པ།:央初

  • བདེ་ཆེན་གསར་འགྱུར།

རང་ཁུལ་གྱིས་དབྱར་གསེང་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་བའི་ཁེ་དབང་སྲུང་སྐྱོང་བྱེད།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཁོངས་གཏོགས་ཀྱི་ཚོང་ཚོགས་དང་མཐུན་ཚོགས་ཀྱི་འགན་འཁུར་བ་དང་མཉམ་དུ“ཁེ་ལས་པའི་མཚན་གཏམ”གྱི་བྱེད་སྒོ་སྤེལ་བ།

སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་སྐབས་བཞི་པ་འཚོགས་པ།

ཁུལ་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་དམག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་20པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཞོད་ཐན་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད་ཆེད་དོན་གྲོས་ཚོགས་འཚོགས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དམ་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཞེས་ནན་བཤད་གནང་།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་སྒོ་སྡེ་ཁུལ་དུ་ཕེབས་ནས་བཅར་འདྲི་དང་ལེན་བྱས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com