中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཕིང་ལུའུ་མིས་བཟོས་གཙང་པོའི་མཚོ་འགྲུལ་ས་ཁོངས་དངོས་སུ་ཁྱབ་བསྒྲགས་བྱས་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-24 11:03:46 འབྱུང་ཁུངས་:中国西藏新闻网

ཉེ་ཆར། ཀོང་ཤིས་ཕིང་ལུའུ་མིས་བཟོས་གཙང་པོའི་རྒྱལ་ནང་ཆུ་བོའི་དུམ་བུའི་འགོ་འཛུགས་ས་ནས་ཆུ་བོ་དང་རྒྱ་མཚོའི་འབྲེལ་མཚམས་བར་ཏེ། ནན་ཉིང་ཧེང་ཀྲོའུ་གྲོང་ཁྱེར་ཕིང་ཐང་ཅང་ཁོའུ་ནས་G75ལན་ཧའེ་མྱུར་བགྲོད་གཞུང་ལམ་གྱི་ཆིན་ཅང་ཟམ་ཆེན་བར“རྒྱལ་ནང་ཆུ་བོའི་Bརིམ་པའི་མཚོ་འགྲུལ་ས་ཁོངས”སུ་གནས་སྐབས་གཏན་འཁེལ་བྱས་པ་དེ་ཀོང་ཤིས་མཚོ་དོན་ཅུས་ཀྱིས་སྤྱི་ཚོགས་ལ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དེ་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་སྐམ་སའི་དབུས་ཁུལ་གྱི་གཙང་པོར་སྦྲེལ་ཞིང་རྒྱ་མཚོར་ཤར་གཏོང་ཐུབ་པའི་མིས་བཟོས་གཙང་པོ་དང་པོའི་མཚོ་འགྲུལ་ས་ཁོངས་ཀྱི་མ་ལག་ཁྱོན་ཡོངས་ནས་གཏན་འཁེལ་བྱས་ཏེ། གྲུ་གཟིངས་བདེ་འཇགས་ངང་མཚོ་འགྲུལ་ཐུབ་པར་ལག་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱས་པ་མཚོན་ཡོད།

ཀོང་ཤིས་མཚོ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྒྱལ་ནང་ཆུ་བོའི་གྲུ་གཟིངས་ཀྱི་མཚོ་འགྲུལ་ས་ཁོངས་དེ་ཆུ་དཔྱད་དང་གནམ་གཤིས་ཆ་རྐྱེན་ལ་གཞིགས་ནས། A B Cརིམ་པ་གསུམ་ལ་དབྱེ་ཡོད་པ་དང་། Aརིམ་པའི་མཚོ་འགྲུལ་ས་ཁོངས་སུ་གྲུ་གཟིངས་ཀྱི་གྲུབ་ཆའི་མཁྲེགས་ཚད་དང་། བདེ་འཇགས་སྒྲིག་ཆས་སོགས་ལ་བླང་བྱ་ཆེས་མཐོ་པོ་ཡོད་པ་དང་། Bརིམ་པའི་མཚོ་འགྲུལ་ས་ཁོངས་སུ་བླང་བྱ་འོས་འཚམ་ཡོད་པ། Cརིམ་པའི་མཚོ་འགྲུལ་ས་ཁོངས་སུ་བླང་བྱ་བལྟོས་བཅས་ཀྱིས་དམའ་བ་ཡོད་པ་བཅས་རེད་ཅེས་བཤད།

ཀོང་ཤིས་མཚོ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། Bརིམ་པ་དང་དེ་ཡན་གྱི་མཚོ་འགྲུལ་ས་ཁོངས་ཀྱི་གྲུ་གཟིངས་ཕིང་ལུའུ་མིས་བཟོས་གཙང་པོའི་རྒྱལ་ནང་ཆུ་བོའི་དུམ་བུར་ཁྲིམས་མཐུན་ངང་སྐྱོད་ཆོག་གི་ཡོད། གལ་ཏེ་མུ་མཐུད་རྒྱ་མཚོ་ནས་ཆིན་ཀྲོའུ་མཚོ་ཁུག་གི་ཆུ་བོ་དང་རྒྱ་མཚོའི་འབྲེལ་མཚམས་སུ་བསྐྱོད་ན། རྒྱལ་ནང་ཆུ་བོའི་Aརིམ་པའི་ལག་རྩལ་ཆ་རྐྱེན་གྱི་བླང་བྱ་དང་མཚུངས་པ་བྱེད་དགོས། རྒྱལ་ནང་ཆུ་བོར་སྐྱོད་པའི་ཆ་རྐྱེན་འཛོམས་པའི་གྲུ་གཟིངས་ཀྱིས་ཕིང་ལུའུ་མིས་བཟོས་གཙང་པོ་བརྒྱུད་དེ་ཆིན་ཀྲོའུ་མཚོ་ཁུག་གི་ཆུ་བོ་དང་རྒྱ་མཚོའི་འབྲེལ་མཚམས་སུ་ཐད་ཀར་སྐྱོད་ཆོག་ཅིང་། ལམ་བར་དུ་གྲུ་གཟིངས་བརྗེ་པོ་རྒྱག་མི་དགོས་པས། ཟོག་འགྲུལ་ལས་ཕྱོད་ཆེ་རུ་ཤུགས་ཆེན་འགྲོ་བ་མཚོ་འགྲུལ་ས་ཁོངས་ཀྱི་མ་ལག་གིས་ཁ་གསལ་བསྟན་ཡོད།

  • བདེ་ཆེན་གསར་འགྱུར།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།

ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་འཚོགས།

ལི་ཡན་ལན་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཚོགས་པ་ཁག་གིས་གྲོས་ཞིབ་ནང་ཞུགས།

དོ་དམ་ནན་པོ་བྱ་རྒྱུ་ལྷོད་གཡེང་དུ་མི་གཏོང་སྟེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྲུང་སྐྱོང་བྱེད་པ། ——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིས་ཚོགས་ཆུང་ཁག་བགོས་བྱས་ནས་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས།

བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པའི་མིང་ཐོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com