中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-27 10:01:32 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
    བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་གསར་པ་གཏོད་པ་དང་མཐུན་སྒྲིལ་ཡར་བརྩོན་གྱིས་ལེའུ་གསར་པ་རྩོམ་དགོས།
    མཇུག་འགྲིལ་མ་ཐག་པའི་བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གྱི་བླང་བྱར་དམ་པོར་དམིགས་པ་དང་། བདེ་ཆེན་གྱི་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མཐོང་རྒྱུ་དང་ཚོར་རྒྱུ་ཡོད་པ། ཕན་འབྲས་ཡོད་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་ཁ་གསལ་བཏོན་ཡོད།ང་ཚོས་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཚོགས་ཆེན་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ། ཚད་གཞི་དེ་བས་མཐོ་བ་དང་། བྱ་ཐབས་དེ་བས་ཏན་ཏིག འགན་འཁྲི་འཁུར་སེམས་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་སྤུན་ཉེ་འཆམ་མཐུན་དང་ལྟ་སྐྱོང་རོགས་རེས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པར་བྱེད་དགོས།
    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་བསྐྲུན་དགོས།ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་དེ་“ལོ་རྒྱུས་ལྔའི”དྲིལ་བསྒྲགས་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས།རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་70འཁོར་བའི་རིང་བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་“མོས་སེམས་ལྔ”རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། “ཐུན་མོང་ལྔ”ལ་གོ་བ་གཏིང་ཟབ་ལེན་པ། “མཉམ་མྱོང་བཞི”བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་དགོས།ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། རིག་གནས་སྤུས་དག་གཏོད་པ་སོགས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་ནས།ཤེས་དཔལ་གསར་གཏོད་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བཅས་ཀྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་འགག་སྒྲོལ་དང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ལ་དམ་འཛིན་ཏན་ཏིག་བྱེད་པ། མི་རིགས་ཁག་གི་མི་སེམས་གཅིག་སྒྲིལ་དང་བསམ་པ་གཅིག་ལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་བརྟན་པོ་ཟུག་པར་བྱེད་དགོས།
    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་ཆེད་ལག་ལེན་གྱི་ཐབས་ལམ་ཁ་གསལ་བཏོན་ཡོད།ང་ཚོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་ལས་ཀའི་བླང་བྱར་དམ་པོར་དམིགས་པ་དང་། མི་རིགས་ཁག་གི་མི་འབོར་འགྲོ་སྐྱོད་དང་མཉམ་འདྲེས་ཀྱི་འཕེལ་ཕྱོགས་དང་རང་འགུལ་ངང་བསྟུན་པ། མི་རིགས་ཁག་གི་མང་ཚོགས་གྲོང་ཁྱེར་དང་གྲོང་རྡལ་ནང་མཉམ་འདྲེས་ཐུབ་པའི་སྲིད་ཇུས་བྱ་ཐབས་དང་ལམ་ལུགས་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། “ཞི་མཐུན་མཛེས་སྡུག་གི་ཁྱིམ་ཚང”ཞེས་པའི་སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།ས་ཁོངས་ལས་བརྒལ་བའི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་“འཆར་གཞི་གསུམ”ལག་བསྟར་གཏིང་ཟབ་བྱེད་པ།དམངས་སྲོལ་དུས་ཆེན་དང་། ལུས་རྩལ་འགུལ་སྐྱོད། རིག་གནས་སྤེལ་རེས་བཅས་གཞི་རྟེན་དུ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམ་པ་མང་བའི་སྤེལ་རེས་བྱེད་སྒོ་སྤེལ་ནས། དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕྱོགས་གཉིས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཀྱི་བར་ཐག་མུ་མཐུད་ཉེ་རུ་གཏོང་བ་དང་། མི་རིགས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས།
    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཟབ་ཏུ་གཏོང་དགོས།གསར་འཛུགས་སྤུས་འདེགས་དང་བཅོས་སྐྱོང་ནུས་འདེགས་གཏོང་བ་ནི་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་གནད་འགག་ཡིན། ང་ཚོས་རེས་སྐོར་གསར་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་རྒྱུའི་དམིགས་ཚད་གཏན་འཁེལ་བྱེད་དེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་“བཅུ་སྤེལ”བྱེད་སྒོ་དང་“རྫོང་བཅུ་དང་ཤང་བརྒྱ། གྲོང་ཚོ་ཁྲི་སྟོང”བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།བདེ་ཆེན་གྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། གསར་གཏོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། སྤུས་རྟགས་གཏོད་པ་བཅས་བྱས་ནས་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་དང་གནས་ཀྱིས་ཁྱོན་ཟུང་འབྲེལ་བྱེད་པའི་གསར་གཏོད་རྣམ་པ་གཏོད་དགོས།ལས་ཀའི་གཞི་རྟེན་གསར་གཏོད་དང་། ལས་ཀའི་གཞི་རྟེན་གསར་གཏོད་དང་།“མི་རིགས་མཐུན་སྒྲིལ་+”མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་སྤེལ་སྟངས་གསར་གཏོད།ཉེ་འབྲེལ་ས་ཁུལ་དང་འགྲིམ་འགྲུལ་ལམ་རྒྱུད་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཉམ་གཏོད་མཉམ་སྐྲུན་ཟབ་སྤེལ་བཅས་བྱས་ཏེ།མི་རིགས་མཐུན་སྒྲིལ་གསར་གཏོད་དང་མཐའ་མཚམས་བཅོས་སྐྱོང་དང་།སྐྱེ་ཁམས་སྲུང་སྐྱོང་།ཐོན་ལས་འཕེལ་རྒྱས།གྲོང་གསེབ་དར་སྤེལ་སོགས་ཀྱི་ལས་དོན་མཉམ་འདྲེས་དམ་ཟབ་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས།མི་རིགས་ལས་དོན་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རྒྱུན་རྣམ་ཅན་གྱི་གྲལ་བཤེར་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
    རྒྱང་སྐྱོད་ལམ་ཐག་ལེ་དབར་ཁྲི་ཡི་རླུང་བུ་ལྡང་། མཐུན་སྒྲིལ་འབད་འཐབ་ཀྱིས་སླར་ཡང་གཡོར་གྲུ་འདེགས།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་ མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་དེ་དམ་འཛིན་ནན་པོ་བྱེད་པ་དང་དངོས་དོན་སྒྲུབ་པ་དང་སྤྱོད་གཙང་གཞུང་དྲང་གི་སྒོ་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ་བྱས་ཏེ།མི་རིགས་མཐུན་སྒྲིལ་དང་།ཆོས་ལུགས་ཞི་མཐུན།སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབད་འབུངས་ཀྱིས་འབྲི་བར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།
 
  • བདེ་ཆེན་གསར་འགྱུར།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com