中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

——ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ཏང་གི་འཐུས་མིས་དངོས་སྒྲུབ་ལག་བསྟར་ལ་ལྕག་སྐུལ་བྱས་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-27 10:01:38 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་9བའི་ཚེས་23ཉིན།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་གྲོལ།ཚོགས་འདུའི་རིང་ལས་ཡུལ་ཁག་ནས་ཡོང་བའི་ཏང་གི་འཐུས་མིས་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ་བསམ་ཕྱོགས་དང་།བྱ་ཐབས།བརྗོད་དོན་བཅས་གླེང་བ་དང་འབྲེལ་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཞིག་འབད་འབུངས་ཆེན་པོས་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།

   སྙན་ཞུའི་ནང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།འཐུས་མི་དབྱང་ཏེ་ཧྲོའུ་ཡིས་གོམ་སྟབས་རྗེས་མར་རང་འགན་གཙང་སྒྲུབ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཡག་པོ་བྱ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན།དེ་དང་ཆབས་ཅིག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་འགན་ནུས་ལ་གཞི་ཚུགས་པ་དང་། ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། དེ་བས་གནད་སྨིན་གྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་བརྟན་དུ་གཏོང་བ། མི་དོན་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་བྱུང་།

   སྙན་ཞུའི་ནང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་ཞེས་བཏོན་ཡོད།སློབ་གསོའི་ལས་ཡུལ་དང་པོ་ནས་ཡོང་བའི་གཞི་རིམ་ཏང་གི་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་སླད་ཕྱིན་རང་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་སྟངས་འཛིན་ནན་པོ་བྱེད་པ། སློབ་མ་འཚར་ལོངས་ཡོང་བའི་“ལམ་སྟོན་པ”ཡག་པོ་བྱེད་པ་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་བདེ་ཆེན་གྱི་སློབ་གསོ་ཡག་པོ་གཉེར་རྒྱུར་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

  སྙན་ཞུའི་ནང་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ“ལས་དོན་གཅིག་ནུས་ཆེར་སྒྲུབ་པར”སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན་ཡོད།ཁྲལ་དོན་ཁོངས་གཏོགས་ཀྱི་འཐུས་མི་ཧོ་སུའུ་ཡིས་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ཁྲལ་དོན་ཁོངས་གཏོགས་སུ་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ཏེ་ཁྲལ་དོན་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ནས།ཁྲིམས་ལྟར་ཡོང་འབབ་སྒྲིག་འཛུགས་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་གཏོང་བ།དྲ་ཐོག་ཁྲལ་འཇལ་ལས་སྒོ་རྒྱ་བསྐྱེད་པ།ཁྲལ་འཇལ་བས་ཕྱི་རུ་འགྲོ་མི་དགོས་པར་ཁྲལ་འཇལ་ལས་སྒོ་90%་ཡན་སྒྲུབ་ཐུབ་པ་བྱེད་ནས།ཁེ་ལས་དང་མང་ཚོགས་ཀྱི་ཁྲལ་གཉེར་མ་གནས་སྔར་བས་དམའ་རུ་བཏང་སྟེ་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་ཁྲོམ་རའི་བྱེད་པོའི་ཁུར་པོ་ཡང་དུ་གཏོང་བ་དང་དཀའ་ངལ་སེལ་བ་དང་།ཁྲལ་བསྡུའི་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཁྲལ་དོན་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་པ།

  གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་ནང་བདེ་ཐང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་ལས་ཁོང་ལ་ལས་ཀའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།སླད་ཕྱིན་གྱི་ལས་དོན་ཁྲོད་ཁོང་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ནས་དུད་ཚང་མང་པོར་བསྐྱོད་དེ་རྒྱུན་ཐོན་ནད་གཞི་འགོག་བཅོས་དང་བདེ་ཐང་དྲིལ་བསྒྲགས་སློབ་གསོ་ཡག་པོ་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལག་རྩལ་རྒྱུན་འཛིན་ཡག་པོ་བྱེད་པ། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་སྐྱེལ་པ། མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བ་ཡག་པོ་བྱེད་པ་བཅས་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”བསྐྲུན་ཆེད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཞེས་བཤད་བྱུང་།

   ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་ནི་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་འཁུར་བའི་ལས་འགན་གལ་ཆེན་ཞིག་རེད།རླུང་འཕྲིན་བརྙན་འཕྲིན་མཉམ་འདྲེས་སྨྱན་སྦྱོར་འཐབ་ཕྱོགས་ཀྱི་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་གོམ་སྟབས་རྗེས་མར་རང་ཉིད་ཀྱིས་ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། དྲིལ་བསྒྲགས་ཀྱི་གཡུལ་ས་བརྟན་སྲུང་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་པ། སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ། བློ་རྩེ་གཅིག་སྒྲིམ་ངང་འཇོལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པ། གཞི་རིམ་མང་ཚོགས་ཀྱི་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ཏང་གི་འཐུས་མི་ཞིག་གི་འགན་འཁྲི་བྱ་སྤྱོད་ངོ་མའི་ཐོག་ནས་ལེགས་པར་སྒྲུབ་རྒྱུ་ཡིན་ཞེས་བཤད།

 

  • བདེ་ཆེན་གསར་འགྱུར།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com