སེམས་ཀྱི་ཉི་ཟླ་ཡང་ཐང་དུ་རེ་ལྕག་མེ་ཏོག་བཞད།
ཟླ་མཆོད་གུང་གསེང་སྐབས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་རི་ཀླུང་ཀུན་ཏུ་རེ་ལྕག་མེ་ཏོག་རབ་ཏུ་བཞད་དེ། མེ་ཏོག་དགའ་ཚལ་མཐོ་སྒང་གི་རྩྭ་ཐང་ཐོག་བཀྲམ་ཞིང་། གནམ་སྔོན་པོ་དང་སྤྲིན་དཀར་པོ། གངས་རི་བཅས་དང་ཕན་ཚུན་འོད་མདངས་འཕྲོ་ནས་བརྗིད་ཆགས་ཡིད་དུ་འོང་བའི་མཐོ་སྒང་གི་སྟོན་ཁ་ཞིག་མངོན། ཉེ་ཆར། གསར་འགོད་པ་ཡང་ཐང་གྲོང་རྡལ་དུ་ཡུལ་དངོས་སུ་སྟོན་དུས་ཀྱི་མཛེས་ལྗོངས་ལ་ལྟ་བར་བསྐྱོད།
མཚོ་འཕགས་སྨི་སུམ་སྟོང་ལྷག་གི་རྩྭ་ཐང་ཐོག རེ་ལྕག་མེ་ཏོག་རབ་ཏུ་བཞད་དེ། བསིལ་རླུང་ལྡང་བ་དང་བསྟུན་མེ་ཏོག་དལ་བུར་གཡོ་པ་དང་ནོར་ལུག་དལ་བུའི་མེ་ཏོག་ཁྲོད་དུ་བསྐྱོད་ནས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་མངོན། མཛེས་སྡུག་ལྡན་པའི་མེ་ཏོག་དགའ་ཚལ་དེ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་དང་པར་རྒྱག་དགའ་མཁན་རྣམས་ལྟ་སྐོར་བྱས་ཡོང་བར་ཡིད་དབང་བཀུག་པ་དང་། ཚང་མས་འཆམ་འཆམ་དུ་བསྐྱོད་དེ་པར་ཆས་ཀྱིས་མཐོ་སྒང་གི་སྟོན་ཁ་ཐོ་འགོད་བྱེད།


“དུས་རྒྱུན་དུ་སེམས་ཀྱི་ཉི་ཟླའི་སྟོན་ཁ་ཧ་ཅང་མཛེས་པོ་ཡོད་པ་གོ་བྱུང་། དེ་རིང་ཡང་ཐང་དུ་རེ་ལྕག་མེ་ཏོག་གི་དགའ་ཚལ་དངོས་སུ་མཐོང་སྐབས་ཧང་སངས་བྱུང་། རྩྭ་ཐང་ཡོངས་ནི་དམར་མདངས་བཀྲ་བའི་མེ་ཏོག་དགའ་ཚལ་ཡིན་པ་དང་མཐོང་རྒྱ་ཧ་ཅང་ཡངས་པ། ལག་ཞོར་དུ་པར་བརྒྱབ་པ་ཚང་མ་མཛེས་པོ་འདུག ”དེ་གར་ཡུལ་སྐོར་བྱས་ཡོང་བའི་ཅང་སུའུ་ཡུལ་སྐོར་བ་མཁྱེན་ལྡན་མ་མའོ་ལགས་ཀྱིས་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡང་ཐང་གི་རེ་ལྕག་མེ་ཏོག་བཞད་པའི་དུས་ཚོད་དེ་ཟླ་བཅུ་པའི་ཟླ་དཀྱིལ་དང་ཟླ་སྨད་བར་ཡིན་ཏེ། ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་གི་སྟོན་དུས་མཛེས་ལྗོངས་ཚད་བཀག་བྱས་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་ཡོང་བར་སྒུག་བཞིན་ཡོད།

འགན་འཁུར་རྩོམ་སྒྲིག་པ།:此里追格
- བདེ་ཆེན་གསར་འགྱུར།
གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།
སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108