中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ད་ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོཌ་ཀྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བཟོ་བོ་600ཡི་གསར་གཏོད་ལས་དོན་ཁང་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-29 10:03:16 འབྱུང་ཁུངས་:中国西藏新闻网

ཉེ་ཆར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྡ་ཐོ་བཀྲམ་ནས་2026ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བཟོ་བོ་600ཡི་གསར་གཏོད་ལས་དོན་ཁང་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གསར་གཏོད་ལས་དོན་ཁང་ཚང་མར་སྒོར་ཁྲི་10ཡི་ཁ་གསབ་མ་དངུལ་སྤྲོད་རྒྱུ་ཡིན་པའི་དམིགས་ཡུལ་ནི་ལས་བཟོའི་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ནས་ངལ་རྩོལ་དཔེ་བཟང་བཟོ་བོའི་དཔེ་སྟོན་སྣེ་ཁྲིད་ནུས་པ་དེ་བས་ལེགས་པའི་ངང་འདོན་ཆེད་རེད།

ཉེ་བའི་ལོ་3རིང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་ནང་ཚུད་པའི་གསར་གཏོད་ལས་དོན་ཁང་ལ་རིམ་རྩིས་བརྒྱབ་ན་གསར་གཏོད་གྲུབ་འབྲས་ཁྲི་3.2ཐོབ་པ་དང་། ཁེ་བེད་བདག་ཐོབ་རྣམ་གྲངས་ཁྲི་1.92ཐོབ་པ། རྩལ་ནུས་ཤེས་ལྡན་པ་སྣ་ཚོགས་ཁྲི་13.7གསོ་སྐྱོང་བཅས་བྱས་པ་དང་། དེའི་ནང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཁྲི་4.1ཡོད། དེ་དང་ཆབས་ཅིག གསར་གཏོད་ལས་དོན་ཁང་གི་ཁོངས་མིས“ངལ་རྩོལ་དཔེ་བཟང་བཟོ་བོས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད”དང“ངལ་རྩོལ་དཔེ་བཟང་བཟོ་བོ་སློབ་གྲྭར་སྐྱོད་པ”སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ཡོད།

2025ལོའི་ཟླ་10པར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས《ངལ་རྩོལ་དཔེ་བཟང་བཟོ་བའི་གསར་གཏོད་ལས་དོན་ཁང་བསྐྲུན་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས་2030ལོར་སླེབས་སྐབས། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་གསར་གཏོད་ལས་དོན་ཁང་3000ཙམ་དང་རིམ་ཁག་གསར་གཏོད་ལས་དོན་ཁང་ཁྲི་16ཟིན་ནས་གསར་གཏོད་ལས་དོན་ཁང་གི་གསར་གཏོད་འགག་སྒྲོལ་དང་། རྩལ་ནུས་རྒྱུན་འཛིན། ཤེས་ལྡན་པ་གསོ་སྐྱོང་། སྙིང་སྟོབས་དར་སྤེལ་སོགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་དཔེ་བཟང་བཟོ་བོའི་ནུས་པ་འདོན་རྒྱུར་སྣང་ཆེན་བྱེད་པ་དང་། གསར་གཏོད་ལས་དོན་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ། ཤེས་བྱའི་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ཐོན་ལས་བཟོ་པ་གསོ་སྐྱོང་བྱེད་པའི་རྣམ་པ་བཟང་པོ་བཏོད་པ་བཏོན་ཡོད་པ་རེད།

  • བདེ་ཆེན་གསར་འགྱུར།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com