中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།

ཁྱབ་བསྒྲགས་དུས་ཚོད་:2026-11-25 11:27:32
图片
 

ཟླ་11པའི་ཚེས་24ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་དང་བཅས་པས་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ངོ་འཕྲད་གྲོས་མོལ་བྱེད་པར་བསྐྱོད་དེ། ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དབྱང་མིན། ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ལི་ཅ་ལུང་བཅས་དང་བཞུགས་མོལ་གནང་ནས། སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གྲོས་མོས་བྱས་པ་དང་། མཉམ་ལས་ཀྱི་འབྲེལ་ཡོད་དོན་ཚན་ཐད་སྤེལ་རེས་གཏིང་ཟབ་གནང་།
ལུའོ་ཁྲའོ་ཧྥེང་གིས་ཁང་ལུའི་ཚོགས་པས་དུས་ཡུན་རིང་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། བདེ་ཆེན་ཁུལ་དང་ཁང་ལུའི་ཚོགས་པའི་དབར་ལ་མཉམ་ལས་རྨང་གཞི་ཟབ་མོ་ལྡན་ཡོད། ད་ལོའི་ཚུན་དུ། ཕྱོགས་གཉིས་ཀྱིས་མཛེས་ལྗོངས་ཁུལ་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་། ཐོན་རྫས་གསར་གཏོད། ཞབས་ཞུ་ལེགས་གཏོད་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དོན་འཁྱོལ་གྱི་བྱ་ཐབས་ནུས་ལྡན་དང་མཉམ་ལས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ལ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས། ཕྱོགས་གཉིས་ཀྱི་མཉམ་ལས་བར་མཐོངས་རྒྱ་ཆེ་བ་དང་མདུན་ལམ་ཡག་པོ་བཅས་ཡོད། ཕྱོགས་གཉིས་ཀྱི་མཉམ་ལས་འབྲེལ་བ་བཟང་པོ་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་སྨིན་ཤུགས་འདོན་བྱེད་དེ། རྒྱུ་ནོར་གང་འགབ་ཅི་སྤྱོད་དང་། མཛེས་སྡུག་ལྡན་པའི་རྫོང་མཁར་འཛུགས་སྐྲུན། རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ཐད་སྲིད་གཞུང་དང་ཁེ་ལས་དབར་གྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་དང་། ཁང་ལུའི་ཚོགས་པས་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ཤེས་ལྡན་པའི་འདེགས་སྐྱོར་དང་ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུའི་རེ་བ་བཏོན།
དབྱང་མིན་གྱིས་ལུའོ་ཁྲའོ་ཧྥེང་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཁོང་གིས་ཁང་ལུའི་ཚོགས་པས་བདེ་ཆེན་དང་མཉམ་ལས་ཀྱི་བྱ་བ་ཁག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་འགྱུར་ལྡོག་གསར་པ་འཕྲད་པར། ཚོགས་པས་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། རྒྱུ་ནོར་གང་འགབ་ཅི་སྤྱོད། རྣམ་གྲངས་འཛུགས་སྐྲུན་གཉེར་སྐྱོང་སོགས་ཐད་རང་འགུལ་ངང་འབྲེལ་མཐུད་དང་བྱས་རྗེས་ཧུར་ཐག་བཞག་སྟེ། སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཏེ་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཞེས་བཤད།

ཁུལ་གྱི་འགོ་ཁྲིད་མ་མུའུ་དང་། ལི་ཐའོ། ཁང་ལུའི་ཚོགས་པའི་ཏང་ཨུའི་ཨུ་ཡོན་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞ་ཙེ་མིང་བཅས་བཞུགས་མོལ་དུ་ཞུགས།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།

ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།

སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com