中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་འདུར་ཞུགས། འགན་འཁྲི་གཙང་སྒྲུབ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས།

ཁྱབ་བསྒྲགས་དུས་ཚོད་:2026-11-25 16:03:10 འབྱུང་ཁུངས་:云南发布

    ཟླ་11པའི་ཚེས་24ཉིན།  ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཚོས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་རིམ་བཞིན་ཁུན་མིང་དུ་ཕེབས་ཏེ་ཚོགས་ཆེན་ལ་འབྱོར་ཐོ་འགོད།


云南发布


,赞208

འཐུས་མི་ཚོགས་པ་ཁག་གི་སྡོད་ཡུལ་བཀོད་སྒྲིག་སྟབས་བདེ་ཞིང་བརྗིད་ཉམས་ལྡན་པ་དང་འབྱོར་ཐོ་འགོད་ཡུལ་གོ་རིམ་ལྡན་པ་ཞིག་ཡོད། འཐུས་མི་ཚོས་ལས་དོན་མི་སྣའི་སྣེ་ཁྲིད་འོག་འབྱོར་ཐོ་འགོད་པ་དང་ཚོགས་འདུའི་དཔྱད་ཡིག་ལེན་པ། ནང་སྡོད་པ་སོགས་ཀྱི་འགྲོ་ལུགས་སྒྲུབ་པ།  འཐུས་མི་མང་པོ་ཞིག་གིས་འཇོག་སྒྲིག་བྱས་རྗེས་ལག་ནང་གི་དཔྱད་ཡིག་ལ་བལྟས་པ་དང་བརྟག་ཞིབ་ཀྱི་བསམ་ཚུལ་སྤེལ་རེས་བྱས་ཏེ་མྱུར་དུ་འགན་ནུས་སྒྲུབ་པའི་ཚུལ་དུ་ཞུགས་ཡོད།

图片

ཟླ་11པའི་ཚེས་24ཉིན། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས་ཏེ་འབྱོར་ཐོ་འགོད་པ།

ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་ནང་ཞུགས་པའི་འཐུས་མི་ནི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བ་ཡིན་ཞིང་། ཚབ་མཚོན་རང་བཞིན་ཆེ་ལ་ཁྱབ་རྒྱ་ཡང་ཆེ། ཚང་མས་ཏང་གི་འཐུས་མི་ཚོས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ཕྲག་ཏུ་ཁུར་ཡོད་པས་འཁྲི་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་གལ་ཆེན་ཡིན་པས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཐོག་ནས་རང་འགན་གཙང་སྒྲུབ་ནན་ཏན་བྱེད་དགོས་ཞེས་སྟོན།

图片
ཟླ་11པའི་ཚེས་24ཉིན། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས་ཏེ་འབྱོར་ཐོ་འགོད་པ།
ཞིང་ཆེན་ཏང་གི་འཐུས་མི། བདེ་ཆེན་ཁུལ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་མཐོ་རིམ་ཞིང་ལས་ཚན་རིག་པ་ཀྲང་ཀུའེ་ཧྥང་གིས་ཚོགས་འདུའི་སྔོན་ལ་ངས་མཉམ་ལས་ཁང་དང་ཞིང་དུད། གཞི་རིམ་གྱི་ཞིང་ལས་ལག་རྩལ་པ་སོགས་ལ་འདྲི་རྩད་བྱས་ནས་བརྟག་ཞིབ་གང་ལེགས་བྱས་ཡོད་ཅེས་བཤད་པ་དང་།  མོ་ཡིས་རྟག་ཏུ་མཐོ་སྒང་གི་ཞིང་ལས་ཀྱི་ལས་ཡུལ་དང་པོར་གཞི་ཚུགས་ནས་བདེ་ཆེན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ཞིང་དུད་མི་ཉུང་བ་ཞིག་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་བར་དཔང་པོ་བྱས་ཡོད། ཐེངས་འདི་ཚོགས་འདུར་ཞུགས་པར་མོ་ཡིས་གཙོ་གནད་དུ་ཞིང་ལས་ཐོན་ལས་ཅན་སྤུས་འབྲས་ལེགས་གཉེར་ལ་དོ་ཁུར་བྱེད་པ་དང་། འགན་ནུས་སྒྲུབ་པར་བརྟེན་ནས་བདེ་ཆེན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད།

ཞིང་ཆེན་ཏང་གི་འཐུས་མི། ཡུས་ཞི་གྲོང་ཁྱེར་ཞིན་ཕིང་རྫོང་ཨུ་ཧྲུའུ་ཅི་ལའེ་ཧྲོང་པོ་ཡིས་ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་དེ་ཧོང་ཧོ་རྒྱུག་ཁུལ་གྱི་རྫོང་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཉུང་མི་རིགས་འདུས་སྡོད་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་འགྲོ་བར་རམ་འདེགས་བྱེད་པའི་རེ་བ་ཡོད་ཅེས་བཤད། འདས་ཟིན་པའི་ལོ་ལྔར་ཞིན་ཕིང་རྫོང་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་མགྱོགས་ལ་བརྟན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པའི་རེ་བ་བྱེད་ཀྱི་ཡོད།

ཞིང་ཆེན་ཏང་གི་འཐུས་མི་ཆན་ཧྥ་ཅོན་གྱིས་ཐེངས་དང་པོ་ཏང་གི་འཐུས་མིར་བདམས་པས་སེམས་འགུལ་ཆེན་པོ་ཐེབས་པ་དང་ཅུང་འཚབ་བྱུང་ཞེས་ཟེར། མོ་ནི་ཁྲུའུ་ཞུང་གྲོང་ཁྱེར་ཧྲུའུ་ཅུས་ཤང་ཧྲུའུ་ཅུས་གྲོང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་ཧྲུའུ་ཅི་ཡིན་ལ་གཞི་རིམ་དུ་ལོ་བཅུ་ལྷག་གཞི་ཚུགས་ཡོད།  མོ་ཡིས་བལྟ་ན་ལོ་ལྔའི་རིང་གྲོང་ཚོའི་ནང་འགྱུར་ལྡོག་ཆེ་ཤོས་ནི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། གུང་ཚལ་འདེབས་ལས་དང་ཕག་གསོ་སྤེལ་སོགས་ཀྱི་ཁྱད་ལྡན་ཐོན་ལས་དོན་ཐོག་ཏུ་འཁྱོལ་བས་ཡུལ་མི་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཡོད། མོ་ཡིས་ཚོགས་ཆེན་ཐོག་གཞི་རིམ་ལ་ཕན་པའི་སྲིད་ཇུས་བཟང་པོ་སྔར་བས་མང་པོ་བཏོན་ནས་གྲོང་གསེབ་གྱི་ཐོན་ལས་སྔར་བས་དར་བ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་འདུར་ཞུགས། འགན་འཁྲི་གཙང་སྒྲུབ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།

ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།

སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com