དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གཉེར་སྐྱོང་བྱེད་པོས་སྤུས་འབྲས་ལེགས་གཉེར་བྱས་པ།
ཟླ་9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི“གསར་བཞིའི”དཔལ་འབྱོར་ཁེ་ལས་དུས་མཚུངས་ལས་5.6%འཕར་བ་དང་། ཟླ་དང་པོ་ནས་དགུ་པའི་བར་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་དང་དེ་བཞིན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བཟོ་སྐྲུན་ལས་རིགས་ཀྱི་གསར་བཙུགས་ཁེ་ལས་དུས་མཚུངས་ལས་73.3%འཕར་བ་དང་། འདུས་གྲུབ་གློག་ལམ་བཟོ་སྐྲུན་ལས་རིགས་21.1%འཕར་ཡོད། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཁེ་ལས་ཁྲི་9.0གསར་དུ་བཙུགས་པ་དེ་དུས་མཚུངས་ལས་28.1%འཕར་བ། མི་དབྱིབས་འཕྲུལ་མིའི་ཁྱབ་ཁོངས་སུ་ཁེ་ལས་ཁྲི་17.0གསར་དུ་བཙུགས་པ་དེ་དུས་མཚུངས་ལས་9.5%འཕར་ཡོད་པ་རེད།
གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི“གསར་བཞིའི”དཔལ་འབྱོར་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་། ཐོན་ལས་གསར་པ་དང་འགྲན་ལམ་གསར་པའི་འབྲེལ་ཡོད་ཁེ་ལས་མགྱོགས་མྱུར་སྟོབས་ཆེར་ཕྱིན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་གསོག་འཇོག་དང་ནུས་པ་གཅིག་ཏུ་བསྒྲིལ་ཡོད་པ་རེད།
ཟླ་9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི“གསར་བཞིའི”དཔལ་འབྱོར་ཁེ་ལས་དུས་མཚུངས་ལས་5.6%འཕར་བ་དང་། ཟླ་དང་པོ་ནས་དགུ་པའི་བར་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་དང་དེ་བཞིན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བཟོ་སྐྲུན་ལས་རིགས་ཀྱི་གསར་བཙུགས་ཁེ་ལས་དུས་མཚུངས་ལས་73.3%འཕར་བ་དང་། འདུས་གྲུབ་གློག་ལམ་བཟོ་སྐྲུན་ལས་རིགས་21.1%འཕར་ཡོད། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་ཁེ་ལས་ཁྲི་9.0གསར་དུ་བཙུགས་པ་དེ་དུས་མཚུངས་ལས་28.1%འཕར་བ། མི་དབྱིབས་འཕྲུལ་མིའི་ཁྱབ་ཁོངས་སུ་ཁེ་ལས་ཁྲི་17.0གསར་དུ་བཙུགས་པ་དེ་དུས་མཚུངས་ལས་9.5%འཕར་ཡོད་པ་རེད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། སྔོན་ཐོན་བཟོ་སྐྲུན་ལས་རིགས་སུ་ཁེ་ལས་ཁྲི་21.8གསར་དུ་བཙུགས་ཤིང་། ས་ཁོངས་ནས་བལྟས་ན། ཤར་རྒྱུད་ས་ཁུལ་གྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པ་དང་ཁེ་ལས་ཁྲི་13.8གསར་དུ་བཙུགས་པ་དེ་དུས་མཚུངས་ལས་2.6%འཕར་ཡོད། དབང་བའི་ལམ་ལུགས་ཀྱི་ཆ་ནས་བལྟས་ན། དམངས་གཉེར་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཕྱིན་ནས་ཁེ་ལས་ཁྲི་19.9གསར་དུ་བཙུགས་པ་དེ་དུས་མཚུངས་ལས་0.2%འཕར་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་རིགས་13ཁྲོད་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་དང་། སྔོན་ཐོན་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་གསར་པ་བཟོ་སྐྲུན། སྔོན་ཐོན་རྒྱུ་ཆ་གསར་པ་བཟོ་སྐྲུན། སྔོན་ཐོན་ངར་ལྕགས་རྒྱུ་ཆ་བཟོ་སྐྲུན་སོགས་ཁྱབ་ཁོངས་4ཡི་གསར་འཛུགས་ཁེ་ལས་ཀྱི་འཕར་ཚད་4%ལྷག་ཙམ་ཟིན་ཡོད་པ་རེད།
- བདེ་ཆེན་གསར་འགྱུར།
འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་འདུར་ཞུགས། འགན་འཁྲི་གཙང་སྒྲུབ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།
ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།
སྐབས་བཅུ་བའི་ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་ཐེངས་ལྔ་བ་(རྒྱ་སྐྱེད)འཚོགས་པ། ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108