མང་ཚོགས་ཀྱི་སྙིང་གྲོགས་དང་བརྒྱུད་བསྒྲགས་པ་ཡིན་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཞེ་ཡན་ལེན།
ཞེ་ཡན་ལེན་ནི་འབའ་ལུང་རྫོང་ཀྲུང་ལུའུ་ཤང་ཅ་ཧོ་གྲོང་ཚོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ལ། ད་ལོར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིར་བདམས། གཞི་རིམ་དུ་ལོ་20ལྷག་གཞི་ཚུགས་པས་མོ་ཡིས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ་གཞི་རིམ་གྱི་བཅོས་སྐྱོང་དང་ཞབས་ཞུ། མི་རིགས་རིག་གནས་སྲུང་སྐྱོང་སོགས་ཀྱི་ལས་ཡུལ་དང་པོར་ཐོག་མའི་བསམ་འདུན་དོན་གཉེར་བྱེད་པ་དང་འགན་འཁྲི་འཁུར་ཡོད་པས་མང་ཚོགས་ཀྱིས་བྱམས་བརྩེའི་ངང“སྙིང་གྲོགས”དང“སྣེ་ཁྲིད་པ”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
“དོན་དག་ཡོད་ན་ཡན་ལན་འཚོལ་”ལྟ་བ་གཅིག་མཐུན་དུ་གྱུར།“ཡན་ལན། སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་འདི་ཅི་འདྲ་སྤྲོད་དགོས་རེད། ཕྲུ་གུ་ཁྱིམ་ནང་མེད་པས་ངས་སྤྲོད་མི་ཤེས་བྱུང་”སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་སྤྲོད་པའི་དུས་སྐབས་སུ་གྲོང་ཚོ་ཨུ་ལྷན་དུ་འདྲི་བ་འདི་འདྲ་འདྲི་མཁན་མང་པོ་ཡོང་བས་ཞེ་ཡན་ལེན་གྱིས་ཉིན་གཅིག་ནང་ལན་ཐེངས་བཅུ་ལྷག་འདེབས་དགོས། “དོན་དག་ཡོད་ན་ཡན་ལན་འཚོལ་”ནི་ཅ་ཧོ་གྲོང་ཚོའི་གྲོང་མི་ཚོའི་ཁ་རྒྱུན་དུ་འགྱུར། 2016ལོའི་ཟླ་4པར་གྲོང་ཚོར་ལས་འགན་ཁུར་བ་ནས་བཟུང་། ཞེ་ཡན་ལེན་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་དང་དྲོ་གྲང་སེམས་ལ་བཞག་པ་དང་བྱ་སྤྱོད་ཆུང་ཙག་ཐོག་ནས་མང་ཚོགས་ཀྱི་“འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་”བཅས་ཀྱི་གནད་དོན་ཐག་གཅོད་བྱས། སྔོན་ཆད་ནི་མང་ཚོགས་ཀྱིས་མོ་ལ་བཙལ་ནས་བྱ་བ་སྒྲུབ་པ་དང་ད་ལྟ་ནི་མོ་ཡིས་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་རང་རྟོགས་ངང་ཞབས་འདེབས་ཞུ་བ་དང་བྱ་བ་སྒྲུབ་ཐུབ་པ་རྣམས་ཡུལ་དངོས་ནས་སྒྲུབ་པ་རེད། མོ་ཡིས་ད་དུང་སྣེ་ཁྲིད་དེ་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཞིང་རོགས་རོགས་སྐྱོར་དང་། ཁོར་ཡུག་བཅོས་སྒྲིག དམིགས་བསལ་གྱི་ཁྱུ་འདུས་ལ་གཅེས་སྐྱོང་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ། 2025ལོའི་དཔྱིད་རྨོའི་དུས་སྐབས་སུ་དཀའ་ངལ་ཡོད་པའི་དུད་ཚང་ཧོ་རུང(གསང་མིང་)གི་ཁྱིམ་མི་ནད་ལྕི་པོ་ཕོག་ནས་ཉལ་སར་ལུས་པ་དང་། མུའུ་14ཡོད་པའི་མ་རྨོས་ལོ་ཏོག་འདེབས་མཁན་མེད་པས་སོ་ནམ་དུས་ཤོར་རན་པའི་སྐབས་སུ་ཞེ་ཡན་ལེན་གྱིས་མྱུར་དུ་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་བསྐྱོད་དེ་ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་སོན་འདེབས་ལུད་རྒྱག་རོགས་བྱས།
གྲོང་ཚོའི་ནང་གི་“འགན་ལེན་ལྔའི་དུད་ཚང”སོགས་དམིགས་བསལ་ཁྱུ་འདུས་ལ་དམིགས་ནས་ཞེ་ཡན་ལེན་གྱིས་ད་དུང་ཟླ་རེའི་ཚེས་པ་15རུ་སྒོ་རྩར་ཞབས་འདེགས་ཞུ་བའི་ལམ་སྲོལ་བཙུགས་པ་དང་། ཞབས་ཞུའི་ནང་དོན་ནང་འཕྲོད་བསྟེན་གཙང་ཕྱགས་དང་གྱོན་ཆས་བརྗེ་བཀྲུས། སྨན་རྫས་ལེགས་སྒྲིག སྲིད་ཇུས་འགྲེལ་བཤད། གཉེན་ཉེ་ལྟ་སྐྱོང་སོགས་ཚུད་ཡོད། བུད་མེད་ཀྱི་ཁེ་དབང་འགན་ལེན་བྱེད་པའི་ཁྲོད་མོ་ཡིས་ནད་གཞིས་རྐྱེན་པས་དཀའ་ངལ་འཕྲད་པའི་བུད་མེད་ལ་རོགས་སྐྱོབ་མ་དངུལ་མཐུན་སྦྱོར་བྱས་པ་དང་“འབྲས་སྐྲན་གཉིས”ཀྱི་རོགས་སྐྱོབ་སྲིད་ཇུས་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་རེད།
ཏང་འཛུགས་སྐྱོང་གིས་ཤེས་རིག་འཕེལ་རྒྱས་རྒྱུད་འཛིན་ལ་ནུས་པ་སྐྱེད།ས་གནས་དེ་གའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་བྱེད་མཁན་ཉུང་བའི་གནད་དོན་ལ་དམིགས་ནས་མོ་ཡིས་གསར་གཏོད་དུ་“ཏང་འཛུགས་སྐྱོང་+དངོས་མིན་རིག་གནས་ཤུལ་བཞག་”གི་མཉམ་འདྲེས་བྱ་ཐབས་འཚོལ་ཞིབ་བྱས་ཏེ་མི་རིགས་རིག་གནས་དེ་དུས་རབས་གསར་པར་ཡང་བསྐྱར་སྐྱེ་སྟོབས་རྒྱས་སུ་བཅུག མོ་ཡིས་གྲོང་ཚོའི་ནང་གི་ལ་ཀོའུ་ལིའུ་ཞབས་བྲོ་སོགས་ཏང་ཀྲི་པུའུ་ཡི་སློབ་སྦྱོང་གི་ནང་དོན་དུ་བཅུག་པ་དང་ཏང་ཡོན་སྒྲིག་འཛུགས་བྱས་ནས་སྣེ་ཁྲིད་དེ་སྦྱོང་བ་དང་སྣེ་ཁྲིད་དེ་རྒྱུད་འཛིན། སྣེ་ཁྲིད་དེ་འཁྲབ་སྟོན་བཅས་བྱས་ནས་ཏང་ཀྲི་པུའུ་དེ་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པའི་གཡུལ་ས་གཙོ་བོར་གྱུར་དུ་བཅུག གཞོན་ནུ་ལོ་ཆུང་ཚོས་སྲོལ་རྒྱུན་རིག་གནས་ངེས་ཤེས་མི་འདང་བའི་གནད་དོན་ལ་དམིགས་ནས་མོ་ཡིས་“ལ་མ་རིག་གནས་སློབ་གྲྭར་བསྐྱོད་པའི་”བྱེད་སྒོ་འགོ་འཛུགས་ཏེ་སྒྱུ་རྩལ་པ་རྒན་པ་ཁྲིད་ནས་སློབ་གྲྭར་བསྐྱོད་ནས་བྱིས་པ་ཚོར་ལ་ཀོའི་ལིའུ་ཞབས་བྲོ་འཁྲབ་པ་སོགས་བསླབས། ད་ལྟར། ལ་ཀོའུ་ལིའུ་ཞབས་བྲོ་དེ་ས་གནས་དེ་གའི་དུས་སྟོན་སྐབས་སུ་ངེས་པར་དུ་འཁྲབ་སྟོན་བྱེད་དགོས་པའི་ལེ་ཚན་དུ་གྱུར་བ་དང་གཞོན་ནུ་མང་པོ་ཞིག་གིས་རང་རྟོགས་ངང་རྒྱུད་འཛིན་བྱེད་བཞིན་ཡོད།
ལྟ་སྐུལ་གྱི་ལས་འགན་བརྩི་སྲུང་ནན་པོ་བྱས།
མང་ཚོགས་ཀྱི་བརྒྱུད་བསྒྲགས་པ་ཡག་པོ་བྱས་པ།འཚོགས་ལ་ཉེ་བའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་གླེང་སྐབས་མོ་ཡིས་ཏང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས་ངས་ནན་ཏན་ངང་ཏང་གི་འཐུས་མིའི་འགན་འཁྲི་སྒྲུབ་རྒྱུ་ཡིན་ལ། ཐོག་མཐའ་བར་གསུམ་དུ་འགན་འཁྲི་སེམས་ལ་བཞག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། ལས་ཀ་ལག་ནང་དམ་འཛིན་བྱེད་པ། ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་སྒྲུབ་ནས་བདེ་ཆེན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་ཕུལ་རྒྱུ་ཡིན་ཞེས་ཟེར།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
མང་ཚོགས་ཀྱི་སྙིང་གྲོགས་དང་བརྒྱུད་བསྒྲགས་པ་ཡིན་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཞེ་ཡན་ལེན།
འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་འདུར་ཞུགས། འགན་འཁྲི་གཙང་སྒྲུབ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།
ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108