བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།

ཟླ་9པའི་ཚེས་29ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུན་མིང་གྲོང་ཁྱེར་དུ་ཅིན་ཏུང་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་དང་། ཧྭ་ཀྲི་ཆང་ལས་གཅིག་སྣ་གཅིག་མཐུད་ཀྱི་དོ་དམ་མ་རྐང་ཚད་ཡོད་ཀུང་སི། སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བ་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྲིད་གཞུང་དང་ཁེ་ལས་བར་མཉམ་ལས་གཏིང་ཟབ་བྱ་རྒྱུར་དམིགས་ནས། སྤེལ་རེས་གཏིང་ཟབ་བྱས་ཏེ་བདེ་ཆེན་མཐོ་སྒང་གི་ཁྱད་ལྡན་ཆང་སྙོལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཁེ་ལས་3གྱི་འགན་འཁུར་བས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། འཕྲད་པའི་དཀའ་ངལ་དང་འགྲན་སློང་། རེ་ཞུའི་གྲོས་འགོ་སོགས་ལ་དམིགས་ནས་སྤེལ་རེས་མཉམ་སྤྱོད་བྱས་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་ཞིབ་ཕྲའི་གནད་དོན་རེ་རེ་བཞིན་ལ་ལན་བརྒྱབ་པ།
ལི་ཡན་ལན་གྱིས་ཁེ་ལས་3གྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་ལ་གཞི་ཚུགས་པ་དང་མཐོ་སྒང་དུ་གཞི་ཚུགས་པ། ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁོང་གིས་ཁེ་ལས་3གྱིས་མུ་མཐུད་དུ་བདེ་ཆེན་ཁྲོམ་རར་གཞི་ཚུགས་པ་དང་ས་གནས་དེ་གའི་བརྩེ་སེམས་ཟབ་ཏུ་བཏང་ནས། རྒྱུན་མཐུད་ངང་བདེ་ཆེན་དང་མཉམ་ལས་བྱས་པར་ཟབ་ཏུ་གཏོང་སྟེ། ཁྱད་ལྡན་ཐོན་ལས་ཀྱི་རིན་ཐང་སྔར་བས་སྔོག་འདོན་བྱེད་པ་དང་། ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པ་བཅས་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་བླང་བྱ་བསྟན་དོན། ཁུལ་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ། ཁེ་ལས་ཀྱི་རེ་ཞུ་ཐག་གཅོད་ཧུར་ཐག་བྱེད་པ། ཁེ་ལས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་ཡོད་པ། ཁེ་ལས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་པ། ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དེ། ཁེ་ལས་འཕེལ་རྒྱས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་གཏོད་ནས་སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་ཀར་ནུས་པ་ལྡན་པ་དང་། གཉིས་ཁེ་མཉམ་ཕན། མཉམ་དུ་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱེད་དགོས།
ཁེ་ལས་3གྱི་འབྲེལ་ཡོད་འགན་འཁུར་བས་ཁེ་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་། ཐོན་ལས་འཁོར་འབྲེལ་གྱི་ལེགས་ཆ། འབྱུང་འགྱུར་གྱི་མ་འཇོག་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། བདེ་ཆེན་བར་གྱི་འཐབ་ཇུས་མཉམ་ལས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་སྟེ། རང་ཉིད་ཀྱི་སྤུས་རྟགས་དང་ཐབས་ལམ་སོགས་ཀྱི་ལྟེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྒྱུན་མཐུད་ངང་ཐོན་ཁུངས་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་སྟེ། ཁྱད་ལྡན་ཐོན་ལས་གསར་སྤེལ་དང་རྩེར་སོན་སྤུས་རྟགས་གཏོད་པ། ཁྲོམ་ར་རྒྱ་སྐྱེད་གཏོང་བ། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མུ་མཐུད་ཤུགས་སྣོན་རྒྱག་སྟེ། ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་སྟོན།
ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ཀྲོང་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་ཚན་པ། སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱི་འགན་འཁུར་བ་བཅས་བཞུགས་མོལ་ནང་ཞུགས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།
གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།
སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108