ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་ཡིས་ཀྲུང་ཕའི་འཇིག་རྟེན་འཕུར་སྐྱོད་པས་མཉམ་འབྲེལ་འཕུར་སྐྱོད་ལས་འགན་བསྒྲུབས་པར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་ཡིས་ཀྲུང་ཕའི་འཇིག་རྟེན་འཕུར་སྐྱོད་པས་མཉམ་འབྲེལ་འཕུར་སྐྱོད་ལས་འགན་བསྒྲུབས་པར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕ་ཁི་སི་ཐན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཀྲུང་གོའི་ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུར་བསྡད་དེ་བར་སྣང་ཁམས་སུ་བདེ་བླག་ངང་ཐོག་མར་བསྐྱོད་ནས། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ཕྱི་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་པ་ཐོས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཁྱེད་ཚོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་དང་། རྒྱལ་ཁབ་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་པ། དེ་བཞིན་འཇིག་རྟེན་འཕུར་སྐྱོད་ལས་དོན་པ་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་ལ་གཞོམ་གཞིག་བྲལ་བ་ཞིག་ཡོད། རྒྱལ་ཁབ་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་པས་ལག་གདང་སྦྲེལ་ནས་དགུང་ཨ་སྔོན་ལ་འཚམས་འདྲི་བྱས་པ་དེ་ནི་ཀྲུང་ཕའི་མཛའ་གྲོགས་ཟབ་མོའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་གལ་ཆེན་ཞིག་ཀྱང་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་བར་སྣང་ས་ཚིགས་ནི་ཞི་བདེའི་འཕུར་གྲུ་དང་། མཛའ་གྲོགས་ཀྱི་འཕུར་གྲུ མཉམ་ལས་ཀྱི་འཕུར་གྲུ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱི་རིམ་བར་སྣང་ཞི་བདེའི་ངང་སྤྱོད་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། ཕྱི་རིམ་བར་སྣང་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཕྱི་རིམ་བར་སྣང་གི་འཚོལ་ཞིབ་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱེད་འདོད་ཡོད།
ཀྲ་ཨེར་ཏ་ལི་ཡིས་གསུངས་དོན། ཕ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་སྐབས་འདིར། ཕ་ཀྲུང་རྒྱལ་ཁབ་གཉིས་པོས་ལོ་རྒྱུས་རང་བཞིན་གྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་བྱས་ནས་ཕ་ཁི་སི་ཐན་གྱི་འཇིག་རྟེན་འཕུར་སྐྱོད་པ་དང་པོ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད་ཡོད། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་དང་སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་རེས་ཀྱི་མཉམ་ལས་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གྱི་སྤྱིར་བཏང་མིན་པའི་གྲུབ་འབྲས་མངོན་པ་དང་། ཀྲུང་གོས་ཕྱི་རིམ་བར་སྣང་ཞི་བའི་ངང་སྤྱོད་པར་འབད་བརྩོན་བྱེད་པའི་ལངས་ཕྱོགས་བརྟན་པོ་མཚོན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དོན་སྙིང་གལ་ཆེན་མཚོན་ཡོད་པས། ཕ་ཀྲུང་གི་མཛའ་གྲོགས་སྔར་བས་སྲ་བརྟན་དུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་ངེས་རེད།
- བདེ་ཆེན་གསར་འགྱུར།
མང་ཚོགས་ཀྱི་སྙིང་གྲོགས་དང་བརྒྱུད་བསྒྲགས་པ་ཡིན་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཞེ་ཡན་ལེན།
འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་འདུར་ཞུགས། འགན་འཁྲི་གཙང་སྒྲུབ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།
ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108