སྤྲིན་ཚོམ་ནས་ཞབས་འདེགས་ཞུས་ཏེ་བདེ་ཐང་གི་གྲངས་རིག་ལག་རྩལ་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བ།
“སྨན་བཅོས་ཉམས་ལེན་ལེགས་སུ་བཏང་ནས་མང་ཚོགས་ཀྱི་ནད་གཞི་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”
——2026ལོའི་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་ནན་བཤད་གནང་བ།
ལེ་དབར་སྟོང་གིས་ཆོད་པའི་ཡུལ་ལུང་ནས“སྤྲིན་ཚོམ་གཤགས་བཅོས”བྱེད་ཐུབ་པ་བྱུང་ཡོད། ཉེ་ཆར་5Gདྲ་རྒྱ་དང་རྒྱལ་ཐོན་གཤགས་བཅོས་འཕྲུལ་མིར་བརྟེན་ནས་ཀྲེ་ཅང་དབུན་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོའི་རིགས་གཅིག་མཁས་ཅན་གྱིས་སྤྱི་ལེ་4000ཙམ་གྱི་སར་གནས་པའི་ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་མི་དམངས་སྨན་ཁང་དང་པོའི་ཕོ་སྐྲན་ཕོག་པའི་ནད་པ་ཞིག་ལ་ཕོ་སྐྲན་རྩ་བཅོས་ཀྱི་གཤགས་བཅོས་བྱས་པ་རེད། ནད་པ་སྨན་བཅོས་བྱེད་པར་ཐག་རིང་དུ་འགྲོ་མི་དགོས་སྟབས། སྨན་པ་བསྟེན་པའི་དུས་ཚོད་དང་ནུས་ཤུགས་གཉིས་ཀ་གྲོན་ཆུང་ཐུབ་ཡོད།
ཟླ་10ཚེས་12དང་ཚེས་13ཉིན། རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག“སྨན་བཅོས་ཉམས་ལེན་ལེགས་སུ་བཏང་ནས་མང་ཚོགས་ཀྱི་ནད་གཞི་བསྟེན་པ་དང་སྨན་བཅོས་བྱེད་པར་སྟབས་བདེ་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
རང་རྒྱལ་གྱི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་ཀྱི་ཧེ་བག་སྔར་བཞིན་ཆེན་པོ་ཡོད། མི་འབོར་དུང་ཕྱུར་14ལྷག་ཙམ་ལ་དྲང་གཞག་ཀུན་ཁྱབ་དང་། མ་ལག་རྒྱུན་མཐུད། སྤུས་ལེགས་ནུས་ཆེ་བཅས་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ནི་ངེས་པར་དུ་བསྒྲུབ་དགོས་པའི་ལས་དོན་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་དང་། “རབས་གསར་པའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མཉམ་སྦྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་ཟུང་དུ་འབྲེལ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས”“ཀུན་ཕན་དང་སྤྱི་པའི་ཚན་རྩལ་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་མ་གནས་དམའ་པོས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་རྒྱང་ཁྲིད་སྨན་བཅོས་ལག་རྩལ་འཕེལ་རྒྱས་བཏང་སྟེ་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀུན་ཕན་མཉམ་སྤྱོད་ཐུབ་པར་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཐུགས་རེ་ཟབ་མོས་ཁ་ཕྱོགས་ལ་ཁྲིད་སྟོན་གྱིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་དང་འདེགས་སྐྱོར་ཆེན་པོ་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཡོད།
ཞབས་ཞུ་ལེགས་སུ་བཏང་ནས་སྨན་བཅོས་ཉམས་ལེན་དེ་བས་བློ་བདེ་བག་ཕེབས་ཡོང་བར་བྱས་པ།
ཉེ་བའི་ལོ་ཤས་རིང་། ལེའོ་ཉིང་གིས་མཉམ་སྦྲེལ་དྲ་རྒྱ་དང་ནད་སྐྱོང་ཞབས་ཞུ་ཟུང་དུ་འབྲེལ་བའི་མ་ལག་ཧུར་ཐག་བཏོད་དེ་ཞིང་ཆེན་ཡོངས་སུ་མཉམ་སྦྲེལ་དྲ་རྒྱའི་སྨན་ཁང་130ལྷག་ཙམ་ལ་ཞིབ་མཆན་བཀོད་པ་དང་། སྨན་བཅོས་སྒྲིག་གཞི་270ལྷག་ཙམ་གྱིས་མཉམ་སྦྲེལ་དྲ་རྒྱ་དང་ནད་སྐྱོང་ཞབས་ཞུ་ཟུང་དུ་འབྲེལ་བའི་ལས་དོན་སྤེལ་ཡོད།
ན་ནིང་ལོ་མཇུག་བར། རང་རྒྱལ་དུ་མཉམ་སྦྲེལ་དྲ་རྒྱའི་སྨན་ཁང་4349ཟིན་པ་དང་སྨན་བཅོས་སྒྲིག་གཞི་4000ལྷག་ཙམ་གྱིས་མཉམ་སྦྲེལ་དྲ་རྒྱ་དང་ནད་སྐྱོང་ཟུང་དུ་འབྲེལ་བའི་ཞབས་ཞུ་མཁོ་འདོན་བྱས་པ་དང་རྒྱལ་ཁབ་ཀྱི་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཚང་མར་ཁྱབ་ཡོད། མཉམ་སྦྲེལ་དྲ་རྒྱ་དང་སྨན་བཅོས་ཞབས་ཞུ་ཟུང་དུ་འབྲེལ་བའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་མང་ཚོགས་ནད་གཞི་ལྟ་བར་དེ་བས་སྟབས་བདེ་རུ་ཕྱིན་ཡོད།
དཀའ་གནད་བསལ་ནས་བདེ་ཐང་ཞབས་ཞུའི་ཕན་འབྲས་སྔར་བས་ཆེ་རུ་བཏང་བ།
ད་ལོའི་ཟླ་8པར། རྒྱལ་ཁབ་བྱིས་པའི་གསོ་རིག་ལྟེ་གནས་དང་རྒྱལ་སའི་གསོ་རིག་སློབ་ཆེན་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་གིས་བཏོད་པའི“མི་ཐབས་རིག་ནུས་ཀྱི་བྱིས་ནད་ཚན་ཁག་གི་སྨན་པས”ཧྲའན་ཤིས་ཧྥུའུ་ཕིང་རྫོང་བུད་མེད་དང་བྱིས་པའི་སྨན་ཁང་དུ་ནད་ཐོག་སྨན་བཅོས་དངོས་སུ་བྱེད་འགོ་ཚུགས་པ་རེད། “མི་ཐབས་རིག་ནུས་ཀྱི་བྱིས་ནད་ཚན་ཁག་གི་སྨན་པ”དེ་རིགས་གཙོ་བོ་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་དུ་བཀོད་སྒྲིག་བྱས་པ་དང་། མིག་སྔར་ཞིང་ཆེན་12དང་སྨན་བཅོས་སྒྲིག་གཞི་བརྒྱ་ཙམ་ལ་ཁྱབ་གདལ་བཏང་ནས་ནད་པ་མི་ཐེངས་ཁྲི་2ལྷག་ཙམ་ལ་ཞབས་འདེགས་ཞུས་ཏེ། གཞི་རིམ་གྱི་བྱིས་ནད་ཚན་ཁག་གི་སྨན་པ་དཀོན་པ་དང་སྨན་བཅོས་ནུས་པ་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་རམ་འདེགས་བྱས་ཡོད།
གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་སྨན་བཅོས་ཞབས་ཞུ་དེ་བས་སྟབས་བདེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་གྲངས་རིག་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་སྒེར་གྱི་སྨན་བཅོས་འགན་བཅོལ་གྱི་སྤྲིན་ཚོམ་དང་། བརྙན་པར་སྤྲིན་ཚོམ། ནད་ཁམས་སྤྲིན་ཚོམ་བཅས་འཛུགས་པར་སྐུལ་འདེད་བརྟན་པོ་བཏང་སྟེ་ལམ་ལུགས་ལྟར་འགན་བཅོལ་ནང་ཞུགས་མཁན་ལ་སྨན་བཅོས་འགན་བཅོལ་གྱི་རིག་ནུས་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱས་ཡོད།
མང་ཚོགས་སྨན་བཅོས་བྱེད་པར་ཡོང་སྐབས་སྤྱིན་ཤོག་འཁྱེར་དཀའ་བ་དང་། ཉར་ཚགས་བྱེད་དཀའ་བ། བརྟག་དཔྱད་ཡང་སྐོར་བསྐྱར་སྐོར་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། སྨན་བཅོས་འགན་བཅོལ་གྱི་བརྙན་པར་སྤྲིན་ཚོམ་བཟོས་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱས་པའི་ནད་བརྟག་སྨན་བཅོས་ཀྱི་དཔྱད་གཞིའི་ཡིག་རིགས་ཚང་མ“སྤྲིན་ཚོམ་ཐོག་འགོད་པ་དང་། རྒྱལ་ཡོངས་སུ་དྲ་སྦྲེལ་བྱེད་པ། སྒྲིག་སྲོལ་ལྟར་ཉར་ཚགས་བྱེད་པ། ཞིང་ཆེན་བསྒྲལ་ནས་སྤྱོད་པ”བཅས་ལ་སྐུལ་འདེད་བཏང་ཡོད། སྐར་ཆ་3ནང་མགྱོགས་མྱུར་ལྟ་ཐུབ་པ་དང་། དུས་འཁོར་ཧྲིལ་པོའི་བརྙན་པར་དང་བསྡུར་བ་བྱེད་པ། རིག་ནུས་བསྐྱར་བཤེར་དྲན་སྐུལ་སོགས་ཀྱི་ནུས་པ་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་བརྒྱུད་རིམ་ནང་མཉམ་འདྲེས་ཐུབ་ཡོད། ཟླ་9པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གཅིག་གྱུར་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་སུ་རིམ་རྩིས་བརྒྱབ་ན་བརྙན་པར་སྤྲིན་ཚོམ་གྱི་དཀར་ཆག་དུང་ཕྱུར་5.59བསྡུ་རུབ་བྱས་ཡོད།
《རྒྱལ་དམངས་བདེ་ཐང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ནང“གྲངས་རིག་ལག་རྩལ་དེ་ཉིད་རམ་འདེགས་ནད་བརྟག་སྨན་བཅོས་དང་། གནད་སྨིན་སྨན་བཅོས། བདེ་ཐང་དོ་དམ། སྨན་བཅོས་འགན་བཅོལ་ཞབས་ཞུ། རྒན་གསོ་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་སོགས་ཀྱི་རྣམ་པར་བཀོལ་སྤྱོད་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས”ཞེས་བཏོན་ནས། འབྱུང་འགྱུར་ལོ་5ཡི་དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་བཟོ་རྒྱུར་འཆར་གཞི་ཡག་པོ་བཀོད་ཡོད།
“མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད” མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲངས་རིག་ལག་རྩལ་བཀོལ་སྤྱོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཚེ། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་མུ་མཐུད་ཆེ་རུ་ཕྱིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་ཐང་གི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ངེས་རེད།
- བདེ་ཆེན་གསར་འགྱུར།
མང་ཚོགས་ཀྱི་སྙིང་གྲོགས་དང་བརྒྱུད་བསྒྲགས་པ་ཡིན་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཞེ་ཡན་ལེན།
འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ནས་ཚོགས་འདུར་ཞུགས། འགན་འཁྲི་གཙང་སྒྲུབ་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་ཁུན་མིང་དུ་ཕེབས།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་91པ་འཚོགས།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་6པ་འཚོགས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཨུ་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་བདེ་ཆེན་དུ་འཚོགས་པ།
ཁུལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་འཚོགས་པ།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་གསུམ་པ་སྤེལ་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108