中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།

ཁྱབ་བསྒྲགས་དུས་ཚོད་:2026-10-19 16:09:15 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཚབ་ཁུལ་དཔོན་ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་སློབ་གསོ་སློབ་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། སྒྲིག་ཁོངས་སུ་མེད་པའི་སློབ་གྲྭའི་འགོ་འཛིན་གྱི་ཐོབ་ཐང་གིས་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ་རེད།  

    བསམ་བློ་ཆབ་སྲིད་སློབ་ཚན་མ་ཁྲིད་སྔོན་ལ། ལི་ཡན་ལན་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁྲུའུ་དང་སློབ་དོན་ཁྲུའུ་སོགས་སུ་བསྐྱོད་དེ་ཡུལ་དངོས་ནས་སློབ་རའི་ཀུན་སྤྱོད་སློབ་གསོ་འཛུགས་སྐྱོང་དང་། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ། སློབ་གསོ་དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་ལྟ་ཞིབ་གནང་བ་དང་། “སློབ་གྲྭའི་ཁ་ལག་དང་། སློབ་གོས་ཉོ་སྒྲུབ། སློབ་ཁྲིད་རམ་འདེགས་རྒྱུ་ཆ་མངག་ཉོ་”བཅས་གཅིག་སྡུད་བཅོས་སྒྲིག་གི་ཕན་འབྲས་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད།  སློབ་གྲྭའི་བདེ་འཇགས་དོ་དམ་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

 
图片
     སློབ་ཁྲིད་བྱེད་སྐབས། ལི་ཡན་ལན་གྱིས་དགེ་སློབ་ཚོ་དང་མཉམ་དུ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེབས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། བདེ་ཆེན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱི་མིག་ལྟ་བ།  ཚོགས་ཆེན་གྱིས་སློབ་གསོ་བྱ་གཞག་སྐོར་གྱི་བཀོད་སྒྲིག་ལ་དབྱེ་ཞིབ་དང་གོ་བ་བླངས་པ།  ཁོ་མོས་བསྟན་དོན། ཏང་གི་འཐུས་མི་ཚོགས་ཆེན་གྱི་ལྟེ་བའི་དོན་སྙིང་ལ་ཁོང་དུ་གཏིང་ཟབ་ཆུད་དགོས་ཏེ། མ་འོངས་པའི་ལོ་ལྔའི་སློབ་གསོའི་གཙོ་གནད་ལས་འགན་ལ་གནད་འཕིགས་ངང་འཛིན་པ་དང་། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས།  མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞི་ལ་གོ་བ་གཏིང་ཟབ་ལེན་ནས། ཚོགས་ཆེན་གྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་ཞེས་པའི་བཀོད་སྒྲིག་དེ་ཤེས་ཚོར་ཆོག་པ་དང་ཕན་འབྲས་ཐོན་པའི་སློབ་སྒྲུབ་ཕན་འབྲས་སུ་བསྒྱུར་དགོས། 

    རྒྱལ་ཡོངས་དང་ཞིང་ཆེན་ཡོངས།  ཁུལ་ཡོངས་བཅས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ཏེ། ལི་ཡན་ལན་གྱིས་བདེ་ཆེན་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་།  ཁོ་མོས་ནན་གྱིས་བསྟན་དོན།  ཁུལ་སློབ་འབྲིང་དང་པོས་ས་ཁུལ་གྱི་སློབ་གྲྭ་རྩེ་གྲ་བཞེངས་བསྐྲུན་བྱེད་པའི་དམིགས་འབེན་གཞི་རྩར་འཛིན་ཏེ་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཚད་གཞི་ཡག་པོ་བྱེད་པ་དང་དཔེ་སྟོན་ཡག་པོ་བྱེད་དགོས།  མི་བཟང་གསོ་སྐྱོང་དང་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་ཁྲིད་ཅེས་པའི་ཐད་དཔེ་སྟོན་དང་སྣེ་ཁྲིད་བྱེད་དེ་བདེན་ཡོད་ཞུམ་མེད་ཀྱིས་བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་ཁྲིད་པ་དང་།  ཤན་འགོ་ཕན་སྐྱེད་དང་རིག་པར་གཞིགས་ནས་སློབ་གསོ་གཏོང་བ། ཁ་བཤད་དཔེ་སྟོན་བཅས་རྒྱུན་འཁྱོངས་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཚན་དེ་གསོན་ཉམས་ལྡན་པ་དང་ཞིབ་གསལ་ངང་ཁྲིད་དེ་འདྲ་བཟོ་བྱེད་ཆོག་པ་དང་ཁྱད་གདལ་དུ་གཏོང་ཆོག་པའི་“བློ་སྐྱོང”གི་ཉམས་མྱོང་དུ་ཆགས་དགོས།   བདེ་ཐང་ཨང་དང་པོར་བཞག་པ་དང་སློབ་གསོ་སྣ་ལྔ་དུས་གཅིག་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་སྣེ་ཁྲིད་བྱེད་དེ། ལུས་རྩལ་དང་མཛེས་རྩལ། ངལ་རྩོལ་བཅས་ཀྱི་སློབ་ཚན་ཆ་ཚང་བ་དང་འདང་ངེས་བཀོད་སྒྲིག་བྱེད་པ་དང་། སེམས་ཁམས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཐེ་ཇུས་དང་། སློབ་རའི་བརྙས་བཅོས་ལ་ངོ་རྒོལ། ཆུ་ལ་ལྷུང་བར་སྔོན་འགོག་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སློབ་མ་བདེ་ཐང་ངང་འཆར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས། སློབ་མ་རྩེ་གྲ་གསོ་སྐྱོང་ཐད་དཔེ་སྟོན་སྣེ་ཁྲིད་བྱེད་དེ། སློབ་མ་འཚར་ལོངས་བྱུང་རྒྱུ་ལྟེ་བར་བྱས་ནས་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྩེ་གྲ་དང་ཕུལ་བྱུང་གསོ་སྐྱོང་གི་ལམ་སྲོལ་འཛུགས་པ། རྨང་གཞི་སྲ་བརྟན་གཏོང་བའི་འཆར་གཞིའི་རོགས་ཁྲིད་རུ་ཁག་སྒྲིག་འཛུགས་བྱས་ནས་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུལ་མའི་སློབ་མ་རྩེ་གྲ་གསོ་སྐྱོང་གི་སློབ་འབྲིང་དང་པོའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས།  སྤུས་ལེགས་ཐོན་ཁུངས་ཀྱིས་འགྱེད་འཕྲོའི་སྐུལ་ཁྲིད་ཐད་དཔེ་སྟོན་སྣེ་ཁྲིད་བྱེད་དེ། ཆུས་ཅིང་དང་ཧུའེ་ཙེ་སོགས་སློབ་གསོ་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཞིབ་ཕྲ་ཅན་གྱི་དོ་དམ་དང་གནད་འཕིགས་ཅན་གྱི་སློབ་དཔྱོད་ཉམས་མྱོང་ཁྱབ་གདལ་བཏང་ནས་དགེ་རྒན་རུ་ཁག་གི་གསར་གཏོད་གསོན་ཤུགས་རྒྱུན་མཐུད་སྐུལ་སྤེལ་གཏོང་དགོས། དུས་བདེའི་སློབ་གྲྭ་འཛུགས་སྐྲུན་ཐད་དཔེ་སྟོན་སྣེ་ཁྲིད་བྱེད་དེ། བཟའ་བཅའ་བདེ་འཇགས་དང་མེ་ཟོན་བདེ་འཇགས། སློབ་གྲྭའི་མཐའ་འཁོར་གྱི་བཅོས་སྒྲིག་བཅས་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་བཅས་མཉམ་སྡེབ་ཀྱིས་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་སློབ་གྲྭ་བདེ་འཇགས་བཅོས་སྒྲིག་ལ་སློབ་འབྲིང་དང་པོའི་ཉམས་མྱོང་མཁོ་འདོན་བྱེད་དགོས། སློབ་གསོ་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་དཔེ་སྟོན་སྣེ་ཁྲིད་བྱེད་དེ། “སྔོན་པོའི་ལས་གྲྭ”ཞེས་པའི་སློབ་གསོ་དབུལ་སྐྱོར་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་རྐང་འཛིན་དགེ་རྒན་རོགས་སྐྱོར་རུ་ཁག་དང་དགེ་རྒན་རྒན་རབས་ཀྱི་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་དང་གསར་གཏོད་ཅན་གྱི་དགེ་རྒན་དཔུང་ཁག་བརྡུ་བཟོ་བྱེད་དགོས།

    ལི་ཡན་ལན་གྱིས་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་འི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། མཉམ་སྡེབ་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་སློབ་སྟོན་དཔྱད་ཞིབ་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་ལ་སེམས་ཁུར་དང་གཅེས་སྤྲས་དངོས་འབྲེལ་བྱས་ནས་སྤྱི་ཚོགས་ཡོངས་སུ་སློབ་གསོ་ལ་བརྩི་མཐོང་དར་སྤེལ་དང་དགེ་རྒན་ལ་བརྩི་བཀུར་བྱེད་པའི་དར་སྲོལ་ཡག་པོ་སྐྲུན་དགོས། 

    ཀྲོང་ཞའོ་ཕིང་བརྟག་ཞིབ་ནང་ཞུགས། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།

ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com