ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ཟླ་10པའི་ཚེས་15ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་དང་དེ་བཞིན་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བར་བསྐྱོད་པ་དང་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་དོན་གྱི་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས། ཁོ་མོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་། འགན་འཁྲི་དམ་འཛིན། སྐར་ཆ་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་འཛེར་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་ངར་ཤུགས་གཅིག་ལྕོགས་ཀྱིས་འཛུགས་སྐྲུན་ལས་འགན་ཁག་དུས་བཀག་ལྟར་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལི་ཡན་ལན་ཚོང་ལས་ས་ཆའི་རྣམ་གྲངས་ས་ཚིགས་སུ་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་གསན་པ་དང་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།
ཚོགས་འདུ་མ་ཚོགས་སྔོན། ལི་ཡན་ལན་ལས་གནས་དང་པོར་བསྐྱོད་དེ་མདུན་ཕྱོགས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། སྔ་རྗེས་སུ་“718”བཀོད་སྒྲིག་ཁང་པ་དང་། “414”དུད་ཁའི་ཕྱོགས་ཀྱི་བུ་བཅོལ་ཁང་། གྲོང་སྲིད་འགྲོ་ལམ། སྲིད་འཛིན་ལྟེ་གནས། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་། སྤྱི་བདེ་དང་ཞིབ་དཔྱོད་ཁྲིམས་ཁང་གི་ལས་སྒོའི་ཁང་པ། བུད་མེད་དང་བྱིས་པའི་འཕྲོད་སྦྱོར་ཁང་། ཚོང་ལས་ས་ཁུལ་སོགས་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་གྱི་སྙན་ཞུ་ནན་ཏན་ངང་གསན་པ་དང་། ལས་གྲྭའི་སྐུལ་འདེད་དང་སྤུས་ཚད་ལྟ་སྐུལ་དོ་དམ། བདེ་འཇགས་ཐོན་སྐྱེད། མ་དངུལ་འགན་ལེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་ཡུལ་དངོས་སུ་འགག་སའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས།
ཚོགས་འདུའི་ཐོག ཞིང་ཆེན་སྲིད་གཞུང་གི་འཇོལ་རྫོང་མཁར་གྱི་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོ་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཚུགས་ངང་གནས་སྤོ་ལག་བསྟར་བྱེད་མཁན་ཞིང་ཆེན་ཁོངས་གཏོགས་ལས་ཁུངས་དང་འཇོལ་རྫོང་། དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་གྱི་ལས་དོན་སྐུལ་འདེད་གཏོང་ཚུལ་སྙན་སེང་ཞུ་བ་ལ་གསན།
མ་གོ་ཀྲུང་དང་ཀྲོང་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་དེ་བཞིན་འཇོལ་རྫོང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བརྟག་ཞིབ་དང་ཚོགས་འདུར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།
ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།
ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།
མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།
ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།
བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108